མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ས་གནས་མང་པོ་ན་ཞི་བའི་ངོ་རྒོལ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་དང་ཁ་ན་ཌ་སོགས་སུ་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཞི་བའི་ངོ་རྒོལ་བྱས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་མཚན་སྨོད་ཞུ་མཁན་གསར་ཁང་ཁག་གིས་ངེས་པར་དུ་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་བྱེད་ཀྱི་འདུག

བཞུགས་སྒར་དྷ་རམ་ས་ལར་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ་ཞི་བའི་ངོ་རྒོལ་བྱས། ༢༠༢༣།༠༤།༡༧ པར་དུས་བབ།

ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ཅིག་དང་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་བཞིན་ཡོད་པར་བརྟེན། དེ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ཁུ་ནུ། སྤི་ཏིའི་སློབ་ཟུར་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག  བཞུགས་སྒར་དྷ་རམ་ས་ལ་ནས་དྷ་ཤོད་ཀ་ཅ་རི་བར་ཞི་བའི་གོམ་འགྲོད་བྱས་ཏེ། གཞི་མེད་མཚན་སྨོད་ཞུ་མཁན་གསར་ཁང་ཁག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་གནང་སོང་།

དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་། བརྙན་ཐུང་དེ་དྲ་ལམ་ཐོག་གང་སར་འགྲོ་བཞིན་པའི་རྐྱེན་གྱིས་ ༧གོང་ས་མཆོག་གི་གསང་གསུམ་ཀྱི་མཛད་པ་འཕྲིན་ལས་ལ་ཤེས་རྟོགས་གང་ཡང་མེད་མཁན་རྒྱ་དཀར་ནག་གཙོས་ཕྱི་རྒྱལ་མི་རིགས་མི་ཉུང་བ་ཞིག་གིས་བསམ་བརྗོད་ལས་འདས་པའི་སྒྲོ་སྐུར་གྱིས་མཚན་ཤས་ཞུས་པ་དེས། རང་ཅག་གི་བོད་མི་རྣམས་ལ་ཆེས་ཡིད་རྨུགས་དང་བློ་ཕམ་འགྱུར་གཞི་ལས་མ་འདས་གཤིས། ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཁྱེད་རྣམས་ལ་སྐབས་དེའི་མཛད་རིམ་དང་འབྲེལ་བའི་བརྙན་ཐུང་ཡོངས་རྫོགས་ཐུགས་ཞིབ་གནང་བའི་གཞེན་སྐུལ་དང་། མགོན་པོ་༧གང་ཉིད་མཆོག་གིས་རྣམ་ཀུན་ནས་མང་ཚོགས་ཁྲོད་ཐུགས་ལ་སྣང་བ་རྣམ་རྟོག་གི་ནོངས་པ་གང་ཡང་མེད་པར་སྐུ་རྩེད་ཀུ་རེ་མཛད་པ་དང་སྦྲགས་ཏེ། ཐུགས་བརྩེ་ཆེན་པོས་བྱམས་བརྩེ་མཛད་ཀྱི་ཡོད་པ་ནི་མཁྱེན་དགོས་པ་གནད་ཆགས་ཡོད་པ་ཅེས་དྲན་སྐུལ་ཞུ་རྒྱུ་ཡིན།  ཐེངས་འདིའི་གསར་འགོད་ལྷན་ཚོགས་ཀྱི་གོ་སྐབས་དམ་འཛིན་གྱིས་ཕྱིའི་གསར་ཁང་ཁག་ནས་བདེན་མིན་གྱི་གསར་འགྱུར་སྤེལ་བར་དགོངས་སེལ་ངེས་ཞུ་དགོས་པར་མ་ཟད། ལྷག་དོན་སླད་མར་བདེན་མིན་གྱི་གསར་འགྱུར་འདི་རིགས་མི་སྤེལ་བའི་གཞེན་སྐུལ་ནན་པོ་ཞུ་རྒྱུ་ཡིན། རྒྱ་གར་དབུས་གཞུང་གི་རྟོག་ཞིབ་ལས་ཁང་གིས་གོང་གནད་ཐོག་རྟོག་ཞིབ་མཐིལ་ཕྱིན་དོན་འབྲས་སོན་པ་ཞིག་གནང་བའི་རེ་སྐུལ་བསྐྱར་ཞུ་རྒྱུ་ཡིན། ཞེས་འཁོད་འདུག 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་། བརྙན་ཐུང་དེ་བཞིན་སྤྱི་ཚོགས་དྲ་རྒྱའི་སྡིངས་ཆ་ཆེས་གྲས་སུ་ཡོད་པའི་སྒེར་པ་ཁག་ཅིག་དང་། རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་གཙོ་གྲས་ཁག་ཅིག དེ་བཞིན་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་ཕྱི་ནང་གི་དྲ་འབུ་དེ་དག་གིས་བརྙན་ཐུང་དེ་བཞིན་རང་གར་བཅད་གཏུབ་དང་། བཟོ་སྒྲིག་གིས་བེད་སྤྱོད་ལོག་པར་བཏང་སྟེ་གང་སར་རྒྱུད་སྤེལ་བྱས་པ་བརྟེན་ནས་མ་རིག་རྨོངས་པའི་གཞན་དབང་དུ་སོང་བའི་སྐྱེས་བོ་མང་དག་ཅིག་ནས་ཀྱང་གཞི་མེད་སྐྱོན་འཛུགས་དང་། མཚན་སྨོད་སྐུར་འདེབས་ཀྱིས་ཕྱི་མ་ངན་སོང་གསུམ་དུ་འགྲོ་བའི་ལས་ངན་མཉམ་དུ་སྒྲུབ་བཅུག་ཡོད་པ་དང་། གཉིས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གཤིས་ནི་སྐྱེ་བོ་སུ་འདྲ་ཞིག་དང་འཕྲད་ནའང་ཐུགས་དོགས་གང་ཡང་མེད་པར་རྩེད་མཚར་གནང་རྒྱུར་ཐུགས་དགྱེས་མཉེས་ཆེན་པོ་ཡོད་མཁན་དང་ཞིག་ཡིན་པ་མ་ཟད། ལྷག་པར་ཁོང་ནི་འཛམ་གླིང་ཞི་བདེའི་དེད་དཔོན་དང་། བྱམས་དང་སྙིང་རྗེའི་བདག་ཉིད། ནང་པ་ཡོངས་ཀྱི་དབུ་ཁྲིད། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན་པ་མ་ཟད། འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བའི་ཚན་རིག་པ་དང་། རྒྱལ་ཁབ་ཀྱི་དབུ་འཁྲིད་སོགས་གྲགས་ཅན་མི་སྣ་མང་པོའི་བླང་དོར་ལམ་སྟོན་ཞུ་སའི་རླབས་ཆེན་གྱི་སྐྱེས་བུ་དམ་་པ་ཞིག་ཡིན་པར་བརྟེན།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དད་ལྡན་རྗེས་འཇུག་པ་ཡོངས་སུ་རྫོགས་པར་བློ་ཕམ་ཚད་མེད་བཟོས་ཡོད་པ་དང་། དེ་དག་གི་སེམས་ཁམས་ལ་རྨ་ཁ་ཚབས་ཆེན་ཞིག་ཀྱང་བཟོས་ཡོད་པས་འབྲེལ་ཡོད་ལོག་བཤད་པ་གསར་ཁང་དང་སྒེར་པ་རྣམས་ནས་སྔ་འགྱོད་ཕྱི་སྡོམ་གྱིས་དགོངས་སེལ་ཞུ་དགོས་ངེས་དང་། ལྷག་པར་འབྲེལ་ཡོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གསར་འགྱུར་རྒྱུད་ལམ་ཁག་དང་། སྤྱི་སྒེར་ཡོངས་ནས་ད་ལན་གྱི་གནད་དོན་འདི་ཡིད་ལ་བཟུང་ཐོག་འབྱུང་འགྱུར་ཡིད་གཟབ་དང་དམ་དོན་ལྷོད་མེད་སྔར་ལྷག་གནང་དགོས་གལ་ཀྱི་འབོད་སྐུལ་ཞུ་རྒྱུ། ཞེས་འཁོད་འདུག 

དེའི་ཐད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་གི་རྔམ་སྟོན་ཁྲོམ་སྐོར་སྐད་འབོད་འདི་བརྒྱུད་ནས་གསར་འགྱུར་བརྒྱུད་ལམ་ཁག་གཙོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་སྙོན་འཛུགས་སོགས་བྱས་པ་ལ་བརྟེན་ནས། བོད་མི་གཙོ་བོར་འགྱུར་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཡོད་པའི་མི་ཚོགས་ས་ཡ་མང་པོའི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད་སྟབས། ད་ལན་གནད་དོན་དེ་དང་འབྲེལ་ནས་གསར་ཁང་ཁག་ཅིག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགོངས་སེལ་ཞུ་དགོས་ཤིང་། ད་ལན་རྒྱ་ནག་གཞུང་གཙོས་བྱས་མི་སྣ་ཁག་ཅིག་གིས་ཆེད་དུ་བརྙན་ཐུང་སྒྲིག་བཟོ་དང་བཏུབ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་དང་སྐུའི་གསང་གསུམ་གྱི་མཛད་པ་ལ་འགོག་རྐྱེན་བཟོ་ཡི་ཡོད་པ་སོགས་བརྗོད་བྱུང་།

ཁ་ན་ཌའི་ཊོ་རིན་ཊོ་རུ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བ། ༢༠༢༣།༠༤།༡༧

གཞན་ཡང་། དེ་རིང་ཞོགས་པར་ཁ་ན་ཌའི་ཊོ་རིན་ཊོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་བོད་མི་གཙོ་བོར་གྱུར་བའི་ཕྱི་རྒྱལ་བ་བཅས་མི་གྲངས་ ༡༣༠༠ ལྷག་གིས་ཞི་བའི་གོམ་བགྲོད་བྱས་ཏེ་ངོ་རྒོལ་བྱས་ཡོད་པ་དང་། དེའི་སྐོར་ལ་ཁེ་ན་ཊ་ཊོ་རོན་ཊོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ཚེ་རིང་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་གི་ཞི་རྒོལ་ནང་ཞུགས་པའི་མི་མང་གིས་གསར་ཁང་དང་མི་སྒེར་སུ་ལའང་ངོ་རྒོལ་བྱེད་ཀྱི་མེད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པར་ཤོག་ཅེས་པའི་འབོད་ཚིག་གི་འོག་ནས། ཞི་བའི་ལམ་ནས་མི་མང་ལ་གནད་དོན་དེའི་ཐད་གོ་རྟོགས་སྤེལ་ཡོད་སྐོར་དང་། དེ་བཞིན་ཁེ་ན་ཊར་སྐད་གྲགས་ཡོད་པའི་རྒྱལ་ཡོངས་ཀྱི་ CBC གསར་ཁང་སོགས་སུ་འབོད་སྐུལ་གྱི་ཡིག་ཆ་སོགས་སྤྲད་དེ། ད་ལན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱོན་འཛུགས་བྱས་པའི་གནད་དོན་དེའི་ཐད་གོ་རྟོགས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཐུབ་ཡོད་སྐོར་བརྗོད་བྱུང་།

ཁ་སང་དེ་རིང་ལ་དྭགས་སླེ་དང་ཟངས་དཀར། སྤི་ཏི། རྟ་དབང་། འབྲས་ལྗོངས། ལྡི་ལི། མོན་གྷོ་འདོད་རྒུ་གླིང་སོགས་སུ་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་ཞི་བའི་ངོ་རྒོལ་བྱས་དང་བྱེད་མུས་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཐེེག་ཆེན་འཛིན་སྐྱོང་ཚོགས་པས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དུས་བབ་ཀྱི་པར། ༢༣།༠༥།༢༤
༸གོང་ས་མཆོག གསར་འགྱུར།

ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༣/༠༥/༢༤
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆེན་ཐེངས་ ༨༥ པ།
Mobile App

རྒྱལ་ཚོགས་ཀྱི་ཆེད་མཁས་པས་བོད་ནང་གི་བུད་མེད་ཀྱི་གནས་སྟངས་སྐོར་ལ་འདྲི་རྩད་ནན་པོ་གནང་།

༢༠༢༣/༠༥/༡༥
བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་གྱི་མཛད་སྒོ་སྐབས།  གཞོན་ལྷན་གྱི་པར། ༢༠༢༣།༠༤།༢༩
Mobile App

རྒྱ་གར་བྱང་ཤར་ཁུལ་དུ་ཟླ་གཅིག་ཙམ་རིང་བོད་དོན་གོམ་བགྲོད་གནང་གི་འདུག

༢༠༢༣/༠༤/༢༩
མོན་རྟ་དབང་དུ་སེར་སྐྱ་མི་མང་ཁྲི་གཅིག་ཙམ་གྱིས་ཞི་བའི་ངོ་རྒོལ་བྱས། ༢༠༢༣།༤།༢༡ བརྙན་གྱི་པར།
Mobile App

རྒྱ་གར་བྱང་ཤར་ཁུལ་གྱི་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཞི་རྒོལ་བྱས།

༢༠༢༣/༠༤/༢༢
ཧིན་བོད་མཛའ་འབྲེལ་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་སྤེལ། ༢༠༢༣།༠༤།༡༥ པར་བོད་ཀྱི་དུས་བབ།
Mobile App

༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོས་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་གནང་གི་འདུག

༢༠༢༣/༠༤/༡༥
Mobile App

རྟ་དབང་མི་མང་གིས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist