མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ཡང་བསྐྱར་བཙན་འཁྲིད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ལ་ཉེན་རྟོག་ཁང་གིས་ཡང་ནས་བསྐྱར་དུ་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་ཡང་བསྐྱར་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན་དེ་རིང་སྔ་དྲོར་ཁོང་མོ་རླངས་འཁོར་ཞིག་གི་ནང་དུ་བཙན་གྱིས་བཅུག་སྟེ་ཁྲིད་ཕྱིན་འདུག

བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཡང་བསྐྱར་ཞི་རྒོལ་བྱས་པར་བརྟེན་བཙན་འཁྲིད་བྱས་འདུག ༢༠༢༣།༠༥།༡༦

བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཁ་སང་ནས་བཟུང་ཡང་བསྐྱར་ཉིན་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་གི་མདུན་དུ། རྐྱང་ཕྱག་འཚལ་ཏེ་ཞུ་འབོད་ལས་འགུལ་སྤེལ་བར་བརྟེན། དེ་རིང་སྔ་དྲོར་ཉེན་རྟོག་པ་ཁག་ཅིག་ཡོང་ནས་ཁོང་མོ་འདྲུད་ནས་རླངས་འཁོར་ནང་དུ་བཅུག་སྟེ་བཙན་འཁྲིད་བྱས་ཡོད་འདུག་ལ། ད་ལྟའི་ཆར་ཁོང་མོ་དང་རོགས་པའི་གནས་སྟངས་གང་འདྲ་ཤེས་རྟོགས་མི་འདུག

དེ་རིང་ཁོང་མོ་དང་མཉམ་དུ་ཡོད་པའི་སྐྱེས་པ་ཞིག་གིས་ཉེན་རྟོག་པས་མགོན་པོ་སྐྱིད་འདྲུད་འགྲོ་སྐབས་བརྙན་ཐུང་འགའ་ཤས་བླངས་ཡོད་པའི་ནང་། མང་ཚོགས་ཀྱིས་ལྟོས་དང་། ཨ་ཅག་མགོན་པོ་སྐྱིད་ཉེན་རྟོག་པས་བཙན་པོ་བྱས་ཏེ་རླངས་འཁོར་ནང་དུ་རྫོང་གི་འདུག་ཅེས་བརྗོད་འདུག་ལ། ཉེན་རྟོག་པ་མང་པོ་ཞིག་གིས་བོད་སྐད་བཤད་ཀྱིན་ཨ་ཅག་མགོན་པོ་སྐྱིད་ལགས་བཙན་གྱིས་རླངས་འཁོར་ཞིག་གི་ནང་དུ་རྫོང་བཞིན་འདུག་ལ། བརྙན་ཐུང་གཞན་ཞིག་གི་ནང་དུ་ཁོང་མོས་བོད་ཆས་གཙང་མ་ཞིག་གྱོན་ཏེ་ཁྲིམས་ཁང་གི་མདུན་དུ་རྐྱང་ཕྱག་འཚལ་བཞིན་འདུག

ཉེ་སྔོན་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་གི་མདུན་ཐང་དུ། ཞི་བའི་འབོད་སྐུལ་ལས་འགུལ་སྤེལ་སྐབས། ཉེན་རྟོག་པ་ཁག་ཅིག་ཡོང་ནས་ཁོང་མོ་བཙན་ཁྲིད་བྱས་ཏེ་རང་ཁྱིམ་དུ་ཀློད་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་ལས་འགུལ་སྤེལ་བ་ཡིན་ན་ཁོང་མོ་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་གཉིས་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བསྐྱར་དུ་བཏང་ཡོད་འདུག་ལ། ཁོང་མོ་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་ཐེངས་བཞི་པ་ཡས་མས་ཆགས་འདུག

དེ་སྔོན་ཞུ་འབོད་ལས་འགུལ་སྐོར་གྱི་བརྙན་ཐུང་ནང་དུ་མགོན་པོ་སྐྱིད་ལགས་ཀྱིས། ངའི་རེ་བ་འདི་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ནང་ཡོད་པ་ཞིག་ཡིན་ན། ཁྱེད་ཚོ་ཁྲིམས་འདེད་མཁན་ཞིག་ཡིན་པའི་ཆ་ནས་ཁྲིམས་ལྟར་འགྲོ་རྒྱུ་དེ་ངའི་རེ་བ་ཡིན། གལ་སྲིད་ངའི་རེ་བ་འདི་རྒྱལ་ཁབ་ཀྱི་ཁྲིམས་ནང་མེད་པ་ཞིག་ཡིན་ན། ཁྱེད་ཚོས་ང་ལ་ཁྲིམས་ག་རེ་བཙུགས་ནའང་འཁུར་གྱི་ཡིན། ཁྲིམས་དང་མཐུན་པ་ཞིག་ཡིན་ན་ཁྲིམས་ལྟར་འགྲོ་རྒྱུར་ངས་ཁྱེད་ཚོར་ཞུ་བ་བརྒྱབ་སྟེ་ཕྱག་འཚལ་གྱི་ཡོད་ཅེས་བརྗོད་ཡོད་པ་མ་ཟད། དཔོན་ངན་ཁག་ཅིག་གིས་རྒྱལ་ཁབ་དང་ཁྲིམས་རྩེད་སྤྱད་བྱེད་ཀྱི་ཡོད་སྐོར་དང་། ཁྲིམས་ཐོག་ནས་རྒྱ་དང་བོད་འདྲ་མཉམ་ཡིན་ལ། མང་ཚོགས་དང་དཔོན་པོའི་ཐོག་གི་ཁྲིམས་ཡང་འདྲ་མཉམ་ཡིན་པ་རེད། ཡིན་ནའང་། ང་ཚོར་འདྲ་མཉམ་འདུག་གམ། ཞེས་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་མ་བྱས་བར་དུ་ཞུ་འབོད་ལས་འགུལ་མཚམས་འཇོག་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ། https://tibettimes.net/2023/05/12/225519/

འབྲེལ་ཡོད་གསར་འགྱུར།

འདས་པའི་ཟླ་ ༣ ནང་གནས་དབྱུང་བཏང་བའི་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་གཉིས། དྲ་ལམ་གྱི་པར།
Mobile App

ལོ་གཉིས་ལྷག་ནང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༡༥ ཙམ་ཞིབ་བཤེར་གནས་དབྱུང་བཏང་།

༢༠༢༥/༠༢/༡༨
མགོན་པོ་སྐྱིད་ལགས་ཀྱིས་བསྐྱར་དུ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་བའི་འབོད་སྐུལ་ལས་འགུལ་སྤེལ། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། ༢༠༢༤།༠༢།༢༠
Mobile App

མགོན་པོ་སྐྱིད་ལགས་ཀྱིས་བསྐྱར་དུ་ཞི་འབོད་ལས་འགུལ་སྤེལ་བཞིན་ཡོད་འདུག

༢༠༢༤/༠༢/༢༡
མགོན་པོ་སྐྱིད་ལགས་སུ་རྒྱ་གཞུང་ཉེན་རྟོག་པས་རུབ་རྡུང་བཏང་།
Mobile App

རྒྱ་གཞུང་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་སུ་རུབ་རྡུང་བཏང་འདུག

༢༠༢༣/༠༨/༠༢
The Gokarla Tunnel was completed on Wednesday after seven years of construction.
Mobile App

རྒྱ་གཞུང་གིས་གོང་དཀར་ལ་ཕུག་ལམ་གསར་རྒྱག་འགྲུབ་ཚར་ཡོད་ཟེར།  

༢༠༢༣/༠༦/༢༩
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥
བོད་ཀྱི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཞི་བའི་འབོད་སྐུལ་བྱེད་སྐབས། ༢༠༢༣།༠༥།༡༠
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལཊ་ཀློད་ཡོད་ཀྱང་མ་འོངས་པར་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

༢༠༢༣/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese