མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པདྨ་ཚེ་བརྟན་གྱི་གློག་བརྙན།  

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དབྱངས་ཕུན་ཚོགས།

ལོ་ཤས་སྔོན་ངས་ཨ་མ་བགྲེས་པོ་ཞིག་ལ་དངོས་བྱུང་གློག་བརྙན་ཞིག་གི་ཆེད་དུ་བཅར་འདྲི་བྱས། དང་ཐོག་ཁོ་མོས་སོ་སོ་སྒེར་གྱི་དཀའ་སྡུག་ཚབ་ལ་བོད་སྤྱིའི་སྡུག་པོ་མྱོང་རབས་སྐོར་མང་པོ་ཞིག་བཤད་སོང་ནའང་། ཁོ་བོས་ཨ་མ་ལགས་ཁོང་སྒེར་གྱི་ལོ་རྒྱུས་སྐོར་ནན་འདྲི་བྱེད་དུས། མགྱོགས་མྱུར་ངང་འགུལ་བཞིན་པའི་མཆུ་འདབ་དེ། དམ་དུ་སོང་བ་དང་ཁོ་མོ་གློ་བུར་བའི་ཚོར་བ་ཁྱད་མཚར་ཞིག་གིས། སོམ་ཉི་ཡི་དྲ་བའི་ནང་ཚུད་སོང་། འདི་ནི་ངས་ཨ་མ་ལགས་ཁོང་ལྟ་བུ་ཞིག་ལ་ཕྲད་པའི་དཀའ་ངལ་དམིགས་བསལ་བ་ཞིག་རེད་བསམ་གྱིན་མི་འདུག  སྤྱི་དོན་གོང་དུ་བཀུར་ནས་སྒེར་དོན་རིང་དུ་དོར་བ་ནི། བོད་པ་སྤྱིའི་གཤིས་ཀ་དང་ཡ་རབས་བཟང་སྤྱོད་ལ་བརྩི་བཞིན་པ་ཡོང་གྲགས་ཡིན་ནའང་། སྒྱུ་རྩལ་གྱི་མ་རྩ་ནི་ཡོངས་གྲགས་ཀྱི་བདེན་པ་ག་གེ་མོ་ཞིག་ལས་མི་བུ་སྒེར་གྱི་བདེན་པ་རྣོན་པོ་དེ་རེད། གློག་བརྙན་བཟོ་མཁན་ཞིག་གི་ཆ་ནས་བཤད་ན། ང་ལ་དགོས་རྒྱུ་འདི་ནི། སྔ་མ་དེ་མ་ཡིན་པར་ཕྱི་མ་དེར་ཐུག་ཡོད།  ངས་གཏན་ཚིགས་འདི་གཞིར་བཟུང་ནས་པདྨ་ཚེ་བརྟན་གྱི་གློག་བརྙན་གླེང་སྙིང་འདོད།

སྤྱིར་ང་ཚོ་བོད་པ་ཚང་ནི་ལོ་རྒྱུས་ཀྱི་ཉེས་པ་འཁུར་བའི་མི་རིགས་ཤིག་རེད་ལ། བདེན་པ་མཐའ་གསལ་གྱི་འགན་ལྕི་མོ་འཁུར་མཁན་ཞིག་ཀྱང་རེད་ལབ་ཆོག ང་ཚོས་དུས་རྒྱུན་ནས་བདེན་པ་ར་སྤྲོད་བྱེད་དགོས་པའི་འོས་འགན་དེ། བོད་པ་ཡོད་དོ་ཅོག་ལ་བབས་ཡོད་པར་བརྩི་གིན་ཡོད་ནའང་། ད་ལན་ངས་རླབས་ཆེན་གྱི་བསམ་བློ་དེར། མཚང་ཞིག་བྲུ་ན་འདོད་ཀི།  རྒྱ་ནག་གིས་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་བཟོ། དེ་བཞིན་མི་སེར་སྤེལ་ཡུལ་གྱི་ལྟ་གྲུབ་རྣམ་བཤད་ཀྱི་ཁ་གཏད་ལ།  ང་ཚོས་ལོ་རྒྱུས་ཀྱི་བདེན་དཔང་སྒྲུབ་ཐབས་ལོས་བྱེད། དེའི་ཆེད་དུ་ང་ཚོས་བོད་དོན་དྲིལ་བསྒྲགས་ཞེས་ལོ་ངོ་མང་པོའི་རིང་ལ་བྱས་དང་བྱེད་མུས་ཡིན། འོན་ཀྱང་སྒྱུ་རྩལ་ནི་དྲིལ་བསྒྲགས་ག་ལ་ཡིན། དེ་བཞིན་སྒྱུ་རྩལ་ནི། སྒྱུ་རྩལ་གྱི་ཆས་གོས་བཀླུབས་པའི་དྲིལ་བསྒྲགས་ཤིག་དེ་བས་ཀྱང་མིན། གཅིག་བྱས་ན་རྒྱ་ནག་གིས་འཁྱོག་བཤད་བྱས་པའི་དྲིལ་བསྒྲགས་དང་ལོག་སྨྲ་ཚར་གཅོད་བྱེད་པའི་བོད་དོན་དྲིལ་བསྒྲགས་གཉིས་ཀྱི་དབར་ན། ང་ཚོས་བོར་སོང་བའམ་ཡང་ན་རྣམ་གཡེང་དུ་ལུས་པ་ནི། སྒྱུ་རྩལ་གྱི་བདེན་པ་དེ་ཉིད་དོ། ངས་དྭ་ཕྲུག་ཏུ་ལུས་པའི་བོད་ཀྱི་སྒྱུ་རྩལ་འདི་གཅེས་པར་འཛིན་ནས་པདྨ་ཚེ་བརྟན་གྱི་གློག་བརྙན་གླེང་སྙིང་འདོད།

བོད་ཀྱི་གློག་བརྙན་ཞེས་པ་དུས་ཕྱིས་སུ་དར་བ་ཞིག་ཡིན་ནའང་། རྒྱལ་སྤྱིའི་གློག་བརྙན་གླིང་དུ་བོད་དང་བོད་པ་ཅེས་པ་དེ་སྔ་ས་ནས་ཡོད་པ་ཞིག་ཡིན། སྟབས་བདེ་བོར་བཤད་ན། ནུབ་ཕྱོགས་པའི་འཆར་ཡན་གྱིས་བསྐྲུན་པའི་ “མི་ཡུལ་སྟེང་གི་ལྷ་ཡུལ་ལྟ་བུའི་བོད་”དང་རྒྱ་ནག་གི་དྲིལ་བསྒྲགས་བྱེད་པའི་ “ཆེས་རྗེས་ལུས་དང་མུན་ནག་ཅན་གྱི་བོད་”བཅས་གཉིས་སུ་ཕྱེ་ཡོད།  སྔ་མའི་དཔེ་མཚོན་ལ་ ༡༩༣༧ ལོར་ཐོན་པའི་༼བོར་ཟིན་པའི་མཐའ་མཚམས།༽(Lost Horizon) དང་ ༡༩༩༧ ལོོའི་༼བོད་ནང་ལོ་བདུན།༽(Seven Years in Tibet) ཡང་ཕྱི་མའི་དཔེ་མཚོན་ལ་ ༡༩༦༣ ལོར་༼ཞིང་བྲན་༽(农奴) དང་༢༠༠༤ ལོའི་༼ཨ་ཆེན་གངས་རྒྱབ་༽(可可西里) སོགས་ཡོད།  གློག་བརྙན་འདི་དག་གི་ནང་དུ། བོད་ཀྱི་སྣོད་བཅུད་ཕྲ་རགས་གང་ཞིག་བཀོད་ཡོད་ནའང་། ཞིབ་ཏུ་དཔྱད་ན་བོད་དེ་ནི། མི་རིགས་གཞན་དག་ཅིག་གི་མངོན་འདོད་མཚོན་བྱེད་ཀྱི་ཅ་ལག་ལྟ་བུ་ཞིག་དང་ཡང་ན་ལོ་རྒྱུས་ཀྱི་ནག་ཉེས་དཀར་འདོན་བྱེད་ཐབས་ཀྱི་འཁྲབ་སྟོན་དང་མི་སེར་སྤེལ་ཡུལ་ལྟ་གྲུབ་ཀྱི་འབེན་ལྟ་བུ་ཞིག་ཆགས་བསྡད་ཡོད།

མཐའ་གཉིས་སུ་ལྷུང་བའི་སྣང་བརྙན་དེ་དག་གི་སྐྱོན་དེ་ཚོ་སྡོམ་ནས་ཞུས་ན། མི་ལ་མིའི་འདུ་ཤེས་སྦྱིན་མ་ཐུབ་པ་དེ་རེད། སྣང་བརྙན་དེ་གཉིས་ལས། ལྷག་པར་དུ་ནུབ་ཕྱོགས་པའི་ལྟ་ཚུལ་དེ་ཁྱབ་ཆེ་བའི་དབང་གིས། དེའི་ཤུགས་རྐྱེན་བོད་པ་རང་ལའང་ཐེབས་ཡོད་པ་མ་ཟད། བོད་པས་བཟོས་པའི་གློག་བརྙན་མང་དག་ཅིག་ལ། དེའི་ཤན་ཞུགས་ཡོད་པའང་ཡོད། གནད་དོན་འདི་དག་སེམས་ལ་བཞག་ནས། ང་ཚོས་བོད་ཀྱི་གློག་བརྙན་དག་ལ་སྒྱུ་རྩལ་གྱི་ཚད་གཞི་གང་འདྲ་ཞིག་ཡོད་མེད་སྐོར་དཔྱད་ཞིབ་བྱ་ཐུབ། སྤྱིར་ངས་བསམ་ན་སྒྱུ་རྩལ་བ་ཞིག་གི་དམ་བཅའ་གཙོ་བོ་ནི། སྲིད་གཞུང་ངམ་མི་ཚོགས་བྱེ་བྲག་པ་ཞིག་གི་མགྲིན་ཚབ་བྱ་རྒྱུ་དེ་མ་རེད་ལ། གནས་ཚུལ་དྲིལ་བསྒྲགས་བྱ་རྒྱུ་དང་ལེགས་ཉེས་བླང་དོར་གྱི་སློབ་གསོ་བསྐྱོན་རྒྱུ་དེ་ཡང་མ་ཡིན། དེར་བརྟེན་སྒྱུ་རྩལ་བ་ཞིག་ལ་མེད་དུ་མི་རུང་བའི་རྒྱུ་ཆ་དེ་ནི། རང་ཚུགས་ཀྱི་བདེན་པ་ཞིག་དང་བདེན་པ་དེར་སོ་སོའི་སྒྱུ་རྩལ་གྱི་ལམ་ནས་གསལ་འདེབས་བྱ་རྒྱུ་དེ་རེད།

པདྨ་ཚེ་བརྟན་གྱི་གློག་བརྙན་ཐོག་མ་༼ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ།༽ལ་ངས་ལན་མང་ལྟ་མྱོང་། ལྟད་མོ་འདིར་དབྱིན་ཡིག་གི་འགྲེལ་བརྗོད་ (subtitles) མེད་པ་དང་ཨམ་སྐད་དེ་ཙམ་མ་གོ་ནའང་། ལྟད་མོ་དེས་ངའི་ཡིད་དབང་འཕྲོག  རྒྱུ་མཚན་ནི་གློག་བརྙན་དེའི་ནང་གི་འཇིག་རྟེན་དཀྱུས་མ་དང་མི་སྣ་དེ་ཚོའི་འཚོ་བའི་གར་སྟབས་དལ་མོ་ལ། རྩོམ་པ་པོ་ཁོ་རང་གི་དྲན་ཤེས་ཀྱི་བརྩེ་དུང་དྲོན་མོ་ཞིག་འགོས་ཡོད་པའི་ཕྱིར། ད་དུང་ལྟད་མོ་དེར་བྲོ་བ་མྱོང་རྒྱུ་གཞན་ཞིག་ཡོད་པ་ནི། གློག་བརྙན་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། “དུས་ཚོད་འགྲོ་བཞུད་”ཀྱི་ཚོར་བ་དེ་རེད།

དེ་ནས་ང་ཚོ་༼ཁྱི་རྒན།༽ལ་ཡོང་། འདི་ནི་ངས་ཁོང་གི་བརྩམས་ཆོས་རྩེ་ཕུད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལྟད་མོ་དེའི་ཁྱད་ཆོས་ནི། ཁ་གསལ་ལ་གོ་བདེ་བའི་རྩོམ་གཞི་དང་མཚོན་དོན་གྱི་གཏིང་ཞིག་ཡོད་པའི་ནང་དོན་ལ་ཐུག་ཡོད་སེམས། བརྩམས་ཆོས་དེའི་ནང་གི་འགལ་ཟླ་གཙོ་བོ་དེ་སྔ་ས་ནས་གཏན་ལ་ཕབ་སྟེ། རིམ་གྱིས་འགལ་ཟླའི་ཤུགས་ཇེ་ཆེར་སོང་བ་དང་། མཐའ་མའི་འཇུག་སྡོམ་དེ་ནི་གློ་སྙིང་འགུལ་བར་བྱེད་པའི་སྐྱོ་གར་དང་ཡ་ང་བའི་ཉམས་ཤིག་སྦྱིན་པ། ཆེས་འུ་ཐུག་པའི་བྱ་སྤྱོད་དེ་ལ་རྒྱ་ཆེ་ས་ནས་བོད་མིའི་ལས་དབང་གི་ཐོག་ནས་འགྲེལ་བརྗོད་བྱེད་ས་ཞིག་ཀྱང་ཡོད་པ་ལོས་ཡིན།

༼ཐར་ལོ།༽ དང་༼ལག་དམར།༽ ༼དབུགས་སྒང་།༽ སོགས་ནི་པད་ཚེའི་གློག་བརྙན་ཕྱི་མ་དག་རེད། དེ་དག་གི་གཏམ་རྒྱུད་དང་ལྟ་གྲུབ། འཇིག་རྟེན་དང་མི་སྣ་སོགས་ནི། ཁོང་གི་ཐོག་མའི་གློག་བརྙན་གཉིས་ལས་ཧེ་བག་ཤིན་ཏུ་ནས་ཆེ། ཐར་ལོ་དང་དབུགས་སྒང་གཉིས་ལ་མཐུན་པའི་ཆ་ཞིག་ཡོད་པ་ནི། ལྟད་མོ་དེ་གཉིས་ཀའི་ནང་དུ་ཐད་ཀར་མངོན་རྒྱུ་མེད་པའི་ཤུགས་ནས་གྲུབ་པའི་དགྲ་ཡ་ཞིག་ཡོད་པ་དེ་ནི་སྲིད་གཞུང་གི་གནོན་ཤུགས་རེད། སྤྱིར་པད་ཚེའི་ལྟད་མོའི་ནང་གི་མི་སྣ་ཕལ་ཆེ་བ་བོད་པ་རྐྱང་ལས་རྒྱ་མི་ཧ་ལམ་མེད་པ་འདྲ། འོན་ཀྱང་རྒྱ་ཡི་དབང་བསྒྱུར་དང་སྲིད་བྱུས། དེས་འཁྱེར་ཡོང་བའི་འཛུགས་བསྐྲུན་དང་ཁྱབ་བསྒྲགས། དེང་རབས་དང་ཚོང་རྭ་སོགས་ནི་པད་ཚེའི་ལྟད་མོ་དག་གི་ནང་དུ་ལྗོན་ཤིང་གི་རྩ་བ་ས་འོག་ཏུ་གང་སར་ཁྱབ་པ་བཞིན་དུ་མཆིས། ལུག་རྫི་ཐར་ལོ་དང་དབུགས་སྒང་གི་སྒྲོལ་དཀར་ནི་བཙན་ལྕག་གིས་བསྐུལ་བའི་དུས་ཀྱི་འཕོ་འགྱུར་དང་སྲོལ་རྒྱུན་གཉིས་ཀྱི་བར་མཚམས་ན་ལུས་པའི་ཉམ་ཐག་པའི་སྐྱེ་བོ་གཉིས་རེད།

ད་དུང་པད་ཚེའི་གློག་བརྙན་རྗེས་མ་དེ་ཚོའི་ནང་། ཐུན་མོང་གི་གསལ་ཡོང་བའི་སྙིང་དོན་ཞིག་ནི། དེང་རབས་དང་སྲོལ་རྒྱུན་གཉིས་ཀྱི་བར་དོར་གནས་པའི་ཡ་ང་བའི་འཇིག་རྟེན་དེ་རེད། དེའི་ནང་གི་མི་སྣ་དག་གི་བྱ་སྤྱོད་དང་ཁོ་ཚོ་མཐའ་མ་སྡུག་ལ་ལྷུང་བ་སོགས་ནི་པད་ཚེའི་ཡིད་མུག་གི་མཐོང་ཚུལ་ཞིག་རེད། དེ་ནི་ཁོང་སྒེར་གྱི་བདེན་པ་རེད་ལ། དེས་དངོས་ཡོད་བོད་མི་སྤྱིའི་འཚོ་བའམ། བསམ་བློ་ཡང་ན་མངོན་འདོད་མཚོན་ཐུབ་ཀྱི་ཡོད་མེད་སོགས་ནི་སྐབས་བབ་ཀྱི་དོན་གནད་ལས་བྱོལ་བའི་དྲི་བ་འགའ་ཞིག་ལས་མ་འདས། འོན་ཀྱང་ཁོང་གི་གློག་བརྙན་མཐའ་མ་དབུགས་སྒང་གི་མཐའ་མའི་བརྙན་ཚན་ལ་ཞིབ་ལྟ་ཐེངས་ཤིག་བྱེད་ན། དབུགས་སྒང་དམར་པོ་གཉིས་དགུང་ཨ་སྔོན་དུ་ཡར་སོང་བ་དེ་ཡིས། མུན་ནག་གི་སྒྲུང་གཏམ་དེར་ངོ་མཚར་ཅན་གྱི་འོད་ཟེར་ཞིག་འཚེར། དེ་ནི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ (magical realism) ཀྱི་ཆ་ཞིག་ཡིན་སྲིད་པས། ཁོང་གི་ལྟད་མོའི་བརྒྱུད་རིམ་ནང་གི་དཀྱོགས་མཚམས་གསར་པ་ཞིག་རེད་ཅེས་ཚིག་གི་བརྡར་ཤ་གཅོད་ཐུབ་པའི་ཐབས་ནི་བྲལ།

ད་ནི་ཁོང་གི་གློག་བརྙན་དག་གི་རྣམ་པའི་ཐོག་ནས་དཔྱད་ན། གསལ་བོར་མངོན་ཐུབ་པ་ནི་བརྙན་ལེན་གི་རྒྱང་ཚད་(camera distance) དང་སྒྲིག་སྦྱོར་ (editing) གྱི་མྱུར་ཚད་གཉིས་རེད། ཁོང་གི་བརྙན་ལེན་སྟངས་ནས་བརྙན་མིག་དང་མི་སྣ་དག་གི་དབར་ལ་རྒྱུན་དུ་ནས་བར་ཐག་ཅིག་བཞག་ཡོད་པ་དང་དེས་ང་ཚོས་ཁོང་རྣམས་ལ་བར་ཐག་ངེས་ཅན་ཞིག་ནས་ལྟ་ཡི་ཡོད་པའི་ཚོར་བ་ཞིག་སྟེར་བ་མ་ཟད། མི་སྣ་དེ་ཚོའི་སྐད་ཆ་ཉུང་ལ་ཅུང་ཟད་ལྐོག་འགྱུར་ཅན་གྱི་གཤིས་ཀ་དང་མཐུན་པའང་ཡིན། པད་ཚེས་རྒྱུན་དུ་ཁོང་ཚོའི་སེམས་ཁམས་ལ་ཞིབ་ལྟའང་མི་བྱེད། གཅིག་བྱས་ན་དེའི་རྒྱུ་མཚན་ནི་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་ཞིག་སྟེ། བོད་ལ་གློག་བརྙན་གྱི་ཆེད་ལས་འཁྲབ་སྟོན་པ་དེ་ཙམ་མེད་པའི་རྐྱེན་གྱིས་ཡིན་སྲི། གང་ཡིན་ཞེ་ན། བརྙན་ལེན་ཉེ་བོའམ་ཆེས་ཉེ་བོ་ནས་བྱེད་པ་ཡིན་ན་འཁྲབ་སྟོན་པའི་ངོ་གདོང་གི་རྣམ་འགྱུར་དང་ཚོར་བ་ཕྲ་མོ་ནས་ཕྲ་མོའི་ཉམས་ཞིག་སྟོན་ཐུབ་པ་དགོས།

གཉིས་པ་འཁྲབ་ཚན་སྒྲིག་སྦྱོར་ལ་དལ་པོའི་ཉམས་ཞིག་ཡོད། སྤྱིར་ཚོང་ལས་གློག་བརྙན་ལ་གོམས་ཆ་ཡོད་མཁན་ཞིག་གིས་བལྟས་ན། པད་ཚེའི་ལྟད་མོའི་འགྲོས་དེ་དལ་པོ་ཡོད་པ་དང་དེའི་དབང་གིས་ཉོབ་སྣང་གི་ཚོར་བ་ཞིག་ཀྱང་ཡོང་སྲིད་མོད། འོན་ཀྱང་དེའི་རྒྱབ་ལ་ལྟ་གྲུབ་ངེས་ཅན་ཞིག་ཡོད་པ་ང་ཚོས་ཧ་གོ་དགོས། བཤད་སྲོལ་ལ་ “སྒྲིག་སྦྱོར་གྱི་རིམ་པའི་སྐབས་ལྟད་མོ་དེ་གསར་དུ་རྩོམ་པ་དང་འདྲ་”ཞེས་པ་དོན་གནད་ཡིན། ཚོང་ལས་གློག་བརྙན་དང་འབྲེལ་བའི་སྒྲིག་སྦྱོར་གྱི་མྱུར་ཚད་དང་འགྲོས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཨ་མས་བྱིས་པར་ཁ་ནང་ལ་ཁ་ལག་སྤྲད་པའམ་ཡང་ན་ནོར་གཡག་གི་སྣ་ལ་ཨ་ལོང་བརྒྱབ་ནས་འཁྲིད་པ་དང་གཅིག་མཚུངས་ཡིན།  དེས་ལྟ་མཁན་ཚོར་སོ་སོའི་ཚོར་བ་དང་རྣམ་དཔྱོད་ཞེ་དྲགས་འགུལ་མ་དགོས་པར་གློག་བརྙན་གྱི་ཡུལ་རང་ནས་ཟ་ཆོག་ཆོག་དང་རོ་མྱོང་བྱེད་ཆོག་ཆོག་ཅིག་བཟོས་པ་དེ་རེད། དེ་ལས་ལྡོག་སྟེ་པད་ཚེའི་ལྟད་མོས་ལྟ་མཁན་པ་རང་ངོས་ནས་དབང་རིག་ཟུང་འབྲེལ་གྱི་ཐོག་ནས་ལྟད་མོ་དེའི་རོ་མྱོང་ལ་འཇུག་དགོས་པའི་མགྲོན་བརྡ་གཏོང་།  བརྩམས་ཆོས་རང་ངོས་ནས་བུམ་པ་གང་བྱོའི་ཚུལ་ལྟ་བུའི་འགྲེལ་བཤད་ཆ་ཚང་མ་རྒྱག་པར་དཔེར་ན། ༼ཁྱི་རྒན་༽ནང་ཕ་རྒན་དེས་ཁྱི་རྒན་མི་བཙོང་ཟེར་བའི་ཐག་གཅོད་དང་མཐའ་མར་རང་གི་ལག་པས་ཁྱི་དེའི་སྐེ་བསྡམས་ནས་མ་གསོད་པའི་བར་དུ་བརྙན་གྱི་རིང་ཚད་ནི་སྐར་མ་དྲུག་ཙམ་དང་འཁྲབ་ཚན་གྱི་གྲངས་(number of shots) ནི་དྲུག་རེད། དེའི་རིང་ཕ་རྒན་དེས་དུ་བ་འཐེན་ནས་འདང་ཞིག་བརྒྱབ་པ་མ་གཏོགས་མི་སྣ་གསར་པ་སུ་ཡང་མི་ཡོང་ལ་སྐད་ཆའང་ཚིག་གཅིག་མེད། སྤྱིར་དེང་དུས་རྒྱལ་སྤྱིའི་གློག་བརྙན་ནང་གི་འཁྲབ་ཚན་གཅིག་གི་ཆ་སྙོམ་དུས་ཡུན་ནི་སྐར་ཆ་བཞི་ཙམ་རེད། འོ་ན་པད་ཚེས་གོང་གི་འཁྲབ་ཚན་རེ་ལ་སྐར་ཆ་དྲུག་ཅུ་ཙམ་སྤྲད་དགོས་དོན་ཅི་ཡིན། ངས་བསམ་ན་དེ་ནི་ལྟད་མོ་ལྟ་མཁན་ལ་བརྩམས་ཆོས་ཀྱི་གོ་བ་དང་རོ་མྱོང་ཟབ་བ་ཞིག་དང་ལྟད་མོའི་ནང་གི་འཇིག་རྟེན་དེའི་དུས་ཡུན་གྱི་ཚོར་བ་རྣོ་བར་ཡོང་ཆེད་དུ་ཡིན། གོང་སྨྲོས་ཀྱི་སྐར་མ་དྲུག་རིང་ལ་ཕ་རྒན་དེ་ལ་ལྟ་དུས་གཅིག་བྱས་ན་ཁོང་གི་སེམས་ནང་ལ་ནམ་ཞིག་ཡ་ང་བའི་ཐག་གཅོད་དེ་འཆར་བ་ནང་བཞིན་ང་ཚོའི་སེམས་ལའང་དེ་ལྟར་འཆར་སྲིད། དེ་དུས་ལྟ་མཁན་ང་ཚོ་ལྟད་མོའི་འཇིག་རྟེན་དེའི་ནང་དུ་ཡོངས་སུ་རྫོགས་པ་ཐིམ་ཚར་བ་ཡིན།

སྒྲིག་སྦྱོར་ཉུང་ངུ་དང་འཁྲབ་ཚན་རིང་མོའི་ (long take) ཁྱད་ཆོས་གཞན་ཞིག་ནི། དང་ཐོག་མངོན་གསལ་མེད་པའི་གནད་དོན་དེ་རིམ་གྱིས་གསལ་སྟོན་བྱ་རྒྱུ་དེ་རེད། འདི་ནི་ཁོང་གི་ལྟད་མོའི་བརྙན་ལེན་གྱི་ཁྱད་ཆོས་ཙམ་མ་ཟད་ནང་དོན་ལས་ཀྱང་གྲུབ་ཐུབ། དཔེར་ན་ཁྱི་རྒན་དང་དབུགས་སྒང་ལ་དཔེ་བླངས་ནས་བལྟས་ན། དང་ཐོག་ཁྱི་རྒན་གྱི་མི་སྣ་གཙོ་བོ་མགོན་པོ་དང་དབུགས་སྒང་གི་དར་རྒྱས་གཉིས་ཡིན་པ་འདྲ་ནའང་རྗེས་མར་ཕ་རྒན་དང་མནའ་མ་སྒྲོལ་དཀར་ཡིན་པ་ལྟ་མཁན་ཚོའི་བློ་ངོར་ལ་ག་ལེར་འཆར་ཡོང་།

འདི་ལྟར་པད་ཚེའི་གློག་བརྙན་དག་ལ་རྣམ་པ་དང་ནང་དོན་ཟུང་འབྲེལ་གྱི་ཐོག་ནས་བོད་ནང་གི་བོད་ཀྱི་སྒྱུ་རྩལ་བ་ཞིག་གི་རང་གི་སྒྱུ་སྩལ་དང་མཛེས་རྩལ། མི་ཚེའི་ལྟ་གྲུབ་སོགས་ལྷམ་མེར་གསལ་ཡོད། མདོར་ན་བརྙན་ཡོལ་སྟེང་གི་གཟུགས་བརྙན་དེ་ལ་བོད་པ་ལྟ་མཁན་པ་ཞིག་གིས་རང་ངོ་ཤེས་པའམ་རང་སེམས་གཏིང་གི་དགའ་སྐྱོ་ལ་ངོ་འཕྲོད་ཐུབ་ཚེ། ད་གཟོད་བོད་པའི་གློག་བརྙན་གྱི་སྒྱུ་རྩལ་དོན་གོ་ཚང་ཡོད། དེ་དང་མཉམ་དུ་དེ་འདྲའི་བརྩམས་ཆོས་ཤིག་ལ་སྤྱི་མཚན་གྱི་རིན་ཐང་ངམ་བྲོ་བ་ཞིག་ངང་གིས་སྟེར།  དུས་དེ་ནས་འཛམ་གླིང་གློག་བརྙན་གྱི་དོ་ར་ཡངས་མོར་མཚན་སྙན་འབར་བའི་ལྟད་མོ་དེ་དག་གི་ཁྲོད་ན། བོད་ཀྱི་གོམ་པ་དང་པོ་དེ་སྤོས་འགོ་འཛུགས་པ་ཡིན། བློ་འཆར་འདི་འདྲ་ཞིག་གི་གསེང་ནས་ངས་པདྨ་ཚེ་བརྟན་ཁོང་གིས་བཞག་པའི་རིན་ཐང་དྲན་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 1

  1. Tenzin Shedup says:
    ལོ་ 3 སྔོན།

    Tashi delek.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese