མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༦/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ནེའུ་ཡོག་གི་རྒྱལ་ཚོགས་མདུན་ཐང་དུ་སྐུ་ལུས་མེར་བསྲེགས་ནས་ཞག་ཞེ་དགུ་འཁོར་བར་རྗེས་དྲན་དང་བསྟུན་འཛམ་གླིང་ས་ཕྱོགས་གང་ས་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ།

པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠

དེ་རིང་ཕྱི་ཚེས་ ༢༠ ཉིན་ཨོ་གླིང་དང་། སུད་སི། རྒྱ་གར་གཙོས་འཛམ་གླིང་ས་ཕྱོགས་གང་སར་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ནེའུ་ཡོག་གི་རྒྱལ་ཚོགས་མདུན་ཐང་དུ་སྐུ་ལུས་མེར་བསྲེགས་ནས་ཞག་ཞེ་དགུ་འཁོར་བར་རྗེས་དྲན་དང་། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༧ ནས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བར་ངོ་རྒོལ་མཚོན་སླད། ཞི་བའི་གོམ་བགྲོད་དང་། སྐྲ་བྲེག་པ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་ཤུགས་ཆེན་སྤེལ་སོང་། 

དེ་རིང་བོད་དོན་ལྷན་ཁང་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག  ཨོ་གླིང་གི་དབུས་གྲོས་ཚོགས་ཀྱི་མདུན་ཐང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཚང་འཛོམས་ཐོག རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ནེའུ་ཡོག་གི་རྒྱལ་ཚོགས་མདུན་ཐང་དུ་སྐུ་ལུས་མེར་བསྲེགས་ནས་ཞག་ཞེ་དགུ་འཁོར་བར་རྗེས་དྲན་སླད། རྒྱལ་ས་ཁེམ་བྷི་རའི་གྲོས་ཚོགས་ཀྱི་མདུན་ཐང་དུ་བོད་མི་ ༥༥ ལྷག་གིས་སྐྲ་བྲེག་ནས་ངོ་རྒོལ་བྱས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་རྣམས་ཨོ་གླིང་གྲོས་ཚོགས་སུ་གླེང་སློང་དགོས་པ་དང་། ཨོ་གླིང་གཞུང་གིས་རྒྱལ་སྤྱིའི་སྡིངས་ཆ་གང་མང་གི་ཐོག་ནས་རྒྱ་ནག་གི་ཁྲིམས་མཐུན་མིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱ་དགོས་པའི་རེ་སྐུལ་སོགས་ཞུས་ཡོད་པ་མ་ཟད། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུའང་བོད་མི་འདུ་འཛོམས་ཐོག་ངོ་རྒོལ་སྐད་འབོད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་འདུག

དེ་བཞིན་སུད་སིའི་ཇི་ནི་ཝར་དང་ཧྥི་རན་སི། བྷེལ་ཇམ། དེ་བཞིན་སུད་སི་གཙོས་ཡུ་རོབ་རྒྱལ་ཁབ་འདྲ་མིན་ནས་ཡིན་པའི་བོད་མི་འདུ་འཛོམས་ཐོག་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་བློས་བཏང་ལ་རྗེས་དྲན་གྱི་ཞི་བའི་གོམ་བགྲོད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་སྐྲ་བྲེག་སྟེ་ངོ་རྒོལ་ལས་འགུལ་སྤེལ་འདུག་ལ། སྐབས་དེར་སུད་སི་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱ་ནག་གཞུང་གིས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་འདི་ནི་བོད་མི་དང་། བོད་ཀྱི་ཆོས་རིག་རྩ་མེད་བཟོས་པ་མ་ཟད། རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྣམས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་བཟུང་གི་ཡོད་སྟབས། ང་ཚོ་རྒྱ་ནག་གི་ཁྲིམས་ཡིག་དེར་ངོ་རྒོལ་དང་། རྒྱལ་སྤྱི་ལའང་རྒྱ་ནག་གི་ཁྲིམས་དེ་མེད་པར་བཟོ་དགོས་འདུག་ཅེས་སྐད་རྒྱག་པའི་དུས་ལ་བབ་འདུག ཅེས་བརྗོད་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་ཐུག་འཕྲད་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༨།༡༩

དེ་བཞིན་ཕྱི་ཚེས་ ༡༩ ཉིན་ཨ་རིའི་ནེའུ་ཡོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤྱི་ཟུར་བསྟན་འཛིན་འཇིགས་མེད་ལགས་ཀྱི་སྣེ་ཁྲིད་འོག རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་ཚ་བོ་ཚ་མོ་རྣམ་པས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རི་ལེ་བྷར་ནེ་སི་ (Riley Barnes) མཆོག་དང་ཐུག་འཕྲག་བྱས་པ་དང་འབྲེལ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤྱི་ཟུར་བསྟན་འཛིན་འཇིགས་མེད་ལགས་ཀྱིས་འབྲེལ་བ་མཐུད་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བདུན་ཕྲག་གཉིས་གསུམ་གྱི་གོང་ལ་ཡིག་འབྲེལ་བྱས་ཏེ། ཞེ་དགུའི་ཉིན་ལ་དུས་ཚོད་འདོན་རོགས་ཞེས་འབོད་སྐུལ་ཞིག་ཞུས་པ་བཞིན། དེ་རིང་ཕྱི་སྲིད་བོད་དོན་དམིགས་བསལ་འབྲེལ་མཐུད་པས་དུས་ཚོད་གནང་ནས་མཇལ་འཕྲད་གནང་ཐུབ་པ་ཞིག་ཆགས་ཡོད། ད་ལན་གྱི་མཇལ་འཕྲད་སྐབས་གཙོ་བོ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་པ་དེ་བོད་རྒྱལ་ཁབ་རང་བཙན་གྱི་ཆེད་དུ་ཡིན་པ་དང་། དེ་ནི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་པ། དེ་བཞིན་རྒྱ་ནག་གཞུང་གི་ཁྲིམས་འཆར་དེ་མཐུན་སྒྲིལ་གྱི་ཁྲིམས་འཆར་ཞིག་མིན་པར། མི་རིགས་རྩ་མེད་གཏོང་བའི་ཁྲིམས་འཆར་ཞིག་ཡིན་པ་སྙན་སེང་ཞུས་ཡོད། ཅེས་དང་།  རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་མི་འགྱངས་བར་ཨ་རིར་ཡོང་གྲབས་ཡོད་སྟབས། ཨ་རིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་ཕྱིར་འཐེན་དགོས་པའི་ཐད་གླེང་སློང་གནང་དགོས་པའི་རེ་སྐུལ་སོགས་ཞུས་འདུག

ཕྱི་ཚེས་ ༢༠ ཉིན་རང་བཙན་བློ་དགའ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་ཞག་ཞེ་དགུ་དང་འཁོར་བ་དང་བསྟུན། བཀའ་སྤྱི་གཉིས་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སྲི་ཞུའི་ལས་བྱེད་ཡོངས། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་ཡོངས་ཀྱིས་ཐེག་ཆེན་གཙུག་ལག་ཁང་ནས་དྷ་ཤོད་བར་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་བ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་དང་། ཚོགས་སྡེ་ཁག་གིས་མྱ་ངན་གུས་འདུད་སླད་ཉིན་གང་ལས་མཚམས་བཞག་ཡོད་པ་རེད། 

 དགུང་གྲངས་ ༥༢ ཡིན་པའི་རང་བཙན་བློ་དགའ་འམ་དངོས་མིང་ལ་བློ་བཟང་དཔལ་ལྡན་ལགས་ཀྱིས་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་ནེའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་ཁག་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས།  ཁོང་གིས་ཤུལ་ལུས་བོད་མི་ཡོངས་ལ་ཁ་ཆེམས་བཞག་པའི་ནང་། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་སོགས་གང་ཡང་མེད་པ་ནི་བོད་རང་བཙན་ཤོར་བའི་རྒྱུ་མཚན་ཡིན་པར་བརྟེན་བོད་རང་བཙན་རྩོད་དགོས་པ། བཙན་བྱོལ་གཞུང་མང་གི་བོད་མི་ཡོངས་ནས་ཆོལ་གསུམ་དབྱེ་བ་མེད་པར་ནང་ཁུལ་མཐུན་སྒྲིལ་བགྱིས་ཏེ་བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་པ། མ་འོངས་པའི་བོད་རྒྱལ་ཁབ་སླར་གསོ་དགོས་པ་སོགས་གསུངས་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
ཐའེ་ཝན་རང་དབང་ཐང་ཆེན་དུ་ཧོང་ཀོང་བས་རྒྱ་གཞུང་ལ་ངོ་རྒོལ་བྱས། དྲ་ལམ་གྱི་པར། ༢༠༢༣།༠༦།༡༠
Mobile App

དཀའ་ངལ་གདོང་དུ་བསུས་ནས་ཧོང་ཀོང་གསར་པ་མཇལ་ཞེས་པའི་ལས་འགུལ་སྤེལ།

༢༠༢༣/༠༦/༡༢
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
ཨ་མདོ་བླ་བྲང་ས་ཁུལ་དུ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས།
Mobile App

ཆབ་སྲིད་འབྲེལ་ཡོད་ཀྱི་ནང་མིའི་བྱིས་པ་ཚོ་མཐོ་སློབ་ལ་འགྲོ་ཆོག་གི་མི་འདུག

༢༠༢༣/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese