མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྱག་རོམ་བརྒྱ་ཆ་བརྒྱད་ཅུ་ལྷག་ཞུ་ཉེན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

གོ་ལའི་ཚ་ཚད་འཕར་ནས་ཧི་མ་ལ་ཡའི་འཁྱག་རོམ་ཞུ་སྟེ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གཙོས་མི་གྲངས་ས་ཡ་མང་པོའི་འཚོ་གནས་ལ་དཀའ་ངལ་འཕྲད་ཉེན་ཡོད་འདུག

Water drips under Nepal’s Khumbu glacier as the ice melts. Courtesy Alex Treadway/ICIMOD

འདས་པའི་ལོ་ཤས་རིང་ཧི་མ་ལ་ཡའི་རི་རྒྱུད་དང་འཛམ་གླིང་སྣེ་མོ་གཉིས་ཀྱི་འཁྱག་རོམ་རྣམས་ཞུ་བཞིན་ཡོད་པའི་གནས་སྟངས་འོག འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་དྲོད་འཕེལ་ནས་མི་རྣམས་ཀྱི་འཚོ་གནས་ལ་དཀའ་ངལ་ཆེན་པོ་ཞིག་ཕྲད་དང་འཕྲད་ཀྱིན་ཡོད་པ་ལྟར།  ཉེ་ལམ་རྒྱལ་སྤྱིའི་དབུས་རི་བོ་ཡར་སྐྱེད་ལྷན་ཚོགས་ (ICIMOD) ཀྱིས་བཏོན་པའི་སྙན་ཐོའི་ནང་དུའང་། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་འཕེལ་བ་སོགས་ཀྱི་དབང་གིས། འབྱུང་འགྱུར་ཕྱི་ལོ་ ༢༡༠༠ ལོར་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་འཁྱག་རོམ་བརྒྱ་ཆ་ ༨༠ ལྷག་ཞུ་ཉེན་ཡོད་པའི་ཁར། འདས་པའི་ལོ་ངོ་བཅུའི་རིང་འཁྱག་རོམ་དེ་དག་གི་ཞུ་ཚད་བརྒྱ་ཆ་ ༦༥ ལྷག་ཇེ་མགྱོགས་སུ་ཕྱིན་ཡོད་སྐོར་སོགས་གསལ་ཡོད་འདུག

སྙན་ཐོ་དེའི་ནང་། ཧི་མ་ལ་ཡའི་རི་རྒྱུད་ནི་བོད་དང་འབྲུག་ཡུལ། ཨབ་གྷ་ཎི་སི་ཐན། བྷང་ལ་དྷེ་ཤི རྒྱ་གར། པ་ཀི་སི་ཐན། བལ་ཡུལ་དང་། འབར་མ་བཅས་ཨེ་ཤ་ཡའི་རྒྱལ་ཁབ་བརྒྱད་དུ་ཡོད་ཅིང་། དེའི་རྒྱ་ཁྱོན་སྤྱི་ལེ་ས་ཡ་ ༤།༢ ལྷག་འཁྱག་རོམ་གྱིས་བཟུང་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ ༡༦ གི་མི་གྲངས་ཐེར་འབུམ་ ༢ ཙམ་གྱིས་ཧི་མ་ལ་ཡའི་རི་རྒྱུད་ནས་མཆེད་པའི་གཙང་བོ་ཆེན་པོ་བཅུ་གཉིས་ཀྱི་ཆུ་ལ་བརྟེན་ནས་འཚོ་བ་རོལ་གྱི་ཡོད་ཀྱང་། ཧི་མ་ལ་ཡའི་འཁྱག་རོམ་ཞུ་བ་ལ་བརྟེན་ནས། གཙང་བོ་ཆེ་གྲས་དེ་དག་ཇེ་ཆུང་འགྱུར་ཉེན་ཡོད་པས། གཙང་བོ་དེ་དག་གི་བཞུར་རྒྱུན་དུ་འཚོ་གནས་བྱེད་མུས་ཡིན་པའི་མི་མང་གི་འཚོ་གནས་ལ་དཀའ་ངལ་འབྱུང་ཉེན་ཡོད་པ་མ་ཟད། གངས་རི་དང་ས་གནས་མཐོ་སར་འཚོ་སྡོད་བྱེད་མཁན་གྱི་མི་མང་པོ་ཞིག་འཁྱག་རོམ་ཞུ་བ་དང་། གངས་འབབ་པའི་དུས་ཚིགས་སུའང་གངས་མི་འབབ་པ་སོགས་ཀྱི་འགྱུར་འགྲོས་ལ་བརྟེན་ནས། གངས་རུད་དང་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་གནས་སྤོར་བྱ་དགོས་སྐོར་དང་། འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་དང་གོ་ལའི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་བཏང་བའི་དབང་གིས། འབྱུང་འགྱུར་མི་ལོ་བཅུ་ཙམ་གྱི་ནང་ཆུ་ལོག་དང་ས་རུད། གངས་རུད་ལན་མང་འབྱུང་ཉེན་དང་། དེ་བཞིན་ཞིང་ས་འདེབས་ལས་ཀྱི་ཐད་ལ་དཀའ་ཁག་ཆེན་པོ་འགྱུར་ཉེན་ཡོད་ཅིང་། ལྷག་པར་གཙང་པོའི་འགྲམ་དུ་ཆགས་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་མང་པོའི་ནང་ཆུ་དང་། ཟས། འཚོ་གནས་སོགས་ལ་དཀའ་ངལ་ཤུགས་ཆེན་འཕྲད་ཉེན་ཡོད་སྐོར་སོགས་གསལ་འདུག

ད་དུང་། ད་ལྟ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་འཁྱག་རོམ་རྣམས་རིམ་གྱིས་ཞུ་སྟེ། ཁུལ་དེར་ཚ་དྲོད་འཕེལ་བ་དང་འཁྱག་རོམ་གྱི་འོག་གི་གཏན་འཁྱག་(permafrost) སོགས་ཕྱི་རུ་མངོན་གྱི་ཡོད་སྟབས། འབྱུང་འགྱུར་ཕྱི་ལོ་ ༢༡༠༠ ལོ་བར་ཧི་མ་ཡ་ལའི་རི་རྒྱུད་ཁུལ་ནས་ཉུང་མཐར་ཡང་ད་ལྟའི་འཁྱག་རོམ་གྱི་གསུམ་ཆ་གཅིག་ཙམ་ཞུ་ཉེན་ཡོད་པ་མ་ཟད། གལ་ཏེ་གོ་ལའི་ཚ་དྲོད་འཕེལ་ཚེ་གསུམ་ཆ་གཉིས་ལྷག་ཞུ་ཉེན་ཡོད་སྐོར་གསལ་འདུག

སྙན་ཐོའི་ནང་། འདས་པའི་ལོ་བཅུ་ལྷག་རིང་ཆར་ཆུ་དུས་སུ་མི་འབབ་པ་སོགས་ཀྱི་རྐྱེན་གྱིས། རང་བྱུང་གི་གོད་ཆག་མང་དག་ཅིག་འབྱུང་གི་ཡོད་པ་དང་། ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་ལས་མཆེད་པའི་རྒྱུག་ཆུ་དང་། གཙང་པོ། མཚོ་སོགས་ཇེ་ཆུང་དུ་ཕྱིན་ཡོད་པ་མ་ཟད། ལོ་ནས་ལོ་རེ་བཞིན་འཛམ་གླིང་བྱང་དང་ལྷོ་སྣེ་ཁུལ་དུ་ཆགས་པའི་རྒྱལ་ཁབ་མང་དག་ཅིག་གི་འཁྱག་རོམ་ཞུ་ཚད་ཇེ་མགྱོགས་དང་། གནམ་གཤིས་ཇེ་ཚ་རུ་འགྲོ་མུས་ཡིན་པའི་མུར། མཚོ་དང་མཚེའུ་མང་པོ་ཞིག་སྐམ་འགྲོ་ཡི་ཡོད་སྐོར། དེ་བཞིན་ཚ་ཚད་འཕར་བའི་སྟབས་ཀྱིས་འཛམ་གླིང་གི་གཙང་པོ་ཆེ་ཁག་གི་མགོ་ཁུངས་སུ་འགྱུར་བའི་བོད་དང་། འབྲུག་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུའང་ལོ་རེ་ནས་ལོ་རེར་ཚ་དྲོད་འཕེལ་མུས་ཡིན་སྐོར་སོགས་གསལ་འདུག

བོད་ནི་འཛམ་གླིང་གི་གཙང་པོ་ཆེ་ཁག་གི་མགོ་ཁུངས་དང་སྣེ་མོ་གསུམ་པ་རུ་འབོད་ཀྱིན་ཡོད་ཀྱང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་དག་ཅིག་ཏུ་ཆུ་རགས་གསར་རྒྱག་དང་། འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་རྐྱེན། བོད་ནང་དུ་ཚ་དྲོད་འཕེལ་ནས། གངས་རི་དང་འཁྱག་རོམ་མགྱོགས་པོ་ཞུ་ཡི་ཡོད་པ་མ་ཟད། ད་ལྟ་བོད་ནང་དུ་ཚ་ཚད་ལྡབ་འགྱུར་གྱིས་འཕར་ཡོད་སྟབས། བོད་དུ་འཁྱག་རོམ་ཞུ་བ་དང་ཚ་ཚད་འཕར་བ་དེས། འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་ཚད་འཕེལ་ཉེན་ཡོད་པ་མ་ཟད། ལྷག་པར་ཨེ་ཤ་ཡ་དང་ཁྱིམ་མཚེས་རྒྱལ་ཁབ་སོགས་སུའང་ཆུའི་གནོད་འཚེ་ཡོང་ཉེན་ཡོད་འདུག

སྤྱིར་འཛམ་གླིང་གི་བྱང་དང་ལྷོ་སྣེ་གཉིས་ཀྱི་མཚམས་སུ་གནས་པའི་ས་ཁུལ་མང་པོ་ཞིག་ཏུ་ལོ་ལྟར་གངས་མཐུག་པོ་བབས་ནས། དགུན་དུས་ནས་དབྱར་མགོར་གངས་ཞུ་མི་ཐུབ་ཀྱང་། འདས་པའི་མི་ལོ་བཅུ་ཙམ་གྱི་གོང་ནས་གོ་ལའི་ཚ་དྲོད་འཕར་ཏེ་སྣེ་གཉིས་ཀྱི་གངས་རི་དང་འཁྱག་རོམ་དག་ཀྱང་མགྱོགས་པོར་ཞུ་མུས་ཡིན་པ་མ་ཟད། དེང་སྐབས་ས་ཕྱོགས་མང་དག་ཅིག་ཏུ་དབྱར་དུས་སུ་བཟོད་དཀའ་བའི་ཚ་དྲོད་རྒྱས་པ་དང་།  དགུན་དུས་གྲང་ལྷགས་ཀྱིས་བསྡམས་ཀྱི་ཡོད་འདུག་ལ།   ཚ་ཚད་འཕེལ་ནས་དྲག་ཆར་འབབ་པ་དང་། ཆུ་ལོག་རྒྱུག་པ། མཚོ་རླབས་འཕྱུར་བ་སོགས་ཚ་གྲང་དང་རང་བྱུང་གོད་ཆག་གིས་མི་མང་པོའི་ཚེ་སྲོག་ཤོར་གྱི་ཡོད་ཅིང་། འདས་ལོར་ཨ་ཧྥེ་རི་ཁའི་ཤར་ཕྱོགས་ཀྱི་ཡུལ་ལུང་མང་པོ་ཞིག་ཏུ་ཆར་པ་ཤུགས་ཆེན་བབས་ནས་མི་གྲངས་ས་ཡ་ ༣༧ ལྷག་གི་འཚོ་གནས་ལ་དོ་ཕོག་བྱུང་འདུག་ལ།  པ་ཀི་སི་ཐན་དུའང་ཆུ་ལོག་རྒྱུག་ནས་མི་གྲངས ༡༧༠༠ ལྷག་རྐྱེན་འདས་དང་། མི་གྲངས་ས་ཡ་ ༣༣ ལྷག་ལ་གནོད་འཚེ་ཐེབས། དེ་བཞིན་མི་གྲངས་ས་ཡ་ ༨ ལྷག་གནས་མེད་དུ་གྱུར་ཏེ། ཨ་སྒོར་ཐེར་འབུམ  ༣༠ ལྷག་གི་དཔལ་འབྱོར་གྱི་གྱོང་གུད་ཐེབས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ས་ཁུལ་མང་པོར་ཆུ་ལོག་བརྒྱུགས་ཏེ་མི་རྒྱུ་གཉིས་ལ་གནོད་འཚེ་ཐབས།
Mobile App

བོད་བསང་ཆུའི་ཁུལ་དུ་ཆུ་ལོག་བརྒྱུགས་ཏེ་མི་རྒྱུ་གཉིས་ལ་གནོད་འཚེ་ཐེབས།

༢༠༢༣/༠༧/༡༢
A Samburu woman fetches water during a drought in Loolkuniyani Primary School, Samburu County, Kenya, Oct. 16, 2022. (AP Photo/Brian Inganga, File
Mobile App

འབྱུང་འགྱུར་ལོ་ལྔའི་ནང་འཛམ་གླིང་གི་ཚ་ཚད་ཆེས་ཛ་དྲག་དུ་འགྱུར་ཉེན་ཡོད་པའི་སྙན་ཐོ་བཏོན།  

༢༠༢༣/༠༥/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist