མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁན་སྤྲུལ་གཉིས་ལ་གླིང་ཕྲན་རྒྱལ་རྒྱུད་ཅིག་གི་ཆེས་མཐོའི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་རིན་པོ་ཆེ་དང་འབྲས་ལྗོངས་ནས་ཡིན་པའི་མཁན་པོ་ཀཿཐོག་རིག་འཛིན་རྡོ་རྗེ་རིན་པོ་ཆེ་རྣམ་གཉིས་ལ་ཧྥི་ལི་པིན་སིའི་རྒྱལ་རྒྱུད་ཀྱི་སྤྱི་ཚོགས་ཞབས་ཕྱིའི་ཆེས་མཐོའི་གཟེངས་རྟགས་ཕུལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་ཁེ་ལི་ཧྥོ་ནི་ཡ་མངའ་སྡེའི་ལྷོ་ཕྱོགས་སུ་ཡོད་པའི་ལི་དབང་རྫོང་(Orange County) གྱི་གསེར་གྱི་རྒྱ་མཚོའི་ཚོགས་ཁང་(Golden Sea Hall )དུ། གླིང་ཕྲན་རྒྱལ་ཁབ་ཧྥི་ལི་པིན་གྱི་རྒྱལ་རྒྱུད་ཀྱི་ཆེས་མཐོའི་གཟེངས་རྟགས་(Royal Maharlika Knighthood & Awards)ཞེས་པ་འབུལ་བའི་མཛད་སྒོ་བསྡུས་ཡོད་པ་དང་། མཛད་སྒོའི་ཐོག་རྒྱལ་མོ་མ་རེ་ཡ་(Maria Amor Torres)དང་ཨ་ཧྥེ་རི་ཀའི་བྷེ་ནན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་སྲས་མོ་སིམ་ཕུ་སོན་གཉིས་ཀྱིས་འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ། ལས་རིགས་གསར་གཏོད་སོགས་ཀྱི་ཐོག་གྲུབ་འབྲས་འབུར་དུ་ཐོན་མཁན་རྣམས་ལ་འབུལ་སྲོལ་ཡོད་པ་ལྟར། བོད་དང་ཨ་རི། རྒྱ་གར། ཧྥི་ལི་པིན། སྦིར་ཛིལ། སེང་གྷ་ལ། བྷིན་(Benin)། སོ་ལོ་མོན། གྷ་ནཱ། ཨེ་ཊ་ལི། ཁན་གྷོ། ནེ་ཇི་རི་ཡ། ཨི་ཁོ་ཨ་ཌོར་སྤྱི་མཐུན་རྒྱལ་ཁབ་(Republic of Ecuador)། བྱང་མཱ་སི་ཌོ་ནི་ཡ་(North Macedonia)སོགས་ནས་ཡིན་པའི་མི་སྣ་ ༧༠ ལ་རྒྱལ་རྒྱུད་ཀྱི་ཆེས་མཐོའི་གཟེངས་རྟགས་དེ་ཕུལ་ཡོད་པ་དང་། གཟེངས་རྟགས་བཞེས་མཁན་ནང་ཨ་རིའི་སི་ཡ་ཊོལ་མངའ་སྡེའི་ནང་ཡོད་པའི་ཧེ་རུ་ཀ་ལྟེ་གནས་(Heruka Institute)ཀྱི་དབུ་འཛིན་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་རིན་པོ་ཆེ་དང་། འབྲས་ལྗོངས་ཀྱི་གསང་ཆེན་རྙིང་མའི་མཐོ་སློབ་ཐེག་དགུའི་ལེགས་བཤད་གླིང་གི་མཁན་པོ་ཀཿཐོག་རིག་འཛིན་རྡོ་རྗེ་རིན་པོ་ཆེ་རྣམ་པ་གཉིས་ལའང་གཟེངས་རྟགས་དེ་ཕུལ་འདུག

གླིང་ཕྲན་རྒྱལ་རྒྱུད་མཱ་ཧར་ལི་ཀ་(Royal Maharlika)ཡི་གཞུང་འབྲེལ་དྲ་ལམ་དུ་བོད་ཀྱི་རྒྱལ་དར་མཉམ་སྦྱར་གནང་བའི་སྤྲུལ་སྐུ་ཆོས་དབྱིངས་མཆོག་ལ་གཟེངས་རྟགས་དེ་ཕུལ་དགོས་དོན་སྐོར་གྱི་འགྲེལ་བཤད་ནང་།  ལོ་མང་རིང་ཁོང་གིས་བྱིས་པ་དང་དབང་པོ་སྐྱོན་ཅན། སེམས་ཁམས་ཀྱི་དཀའ་ངལ་ཡོད་པའི་མི་དང་དུད་འགྲོ་སོགས་ལ་བྱམས་དང་བརྩེ་བ་ཆེན་པོས་རོགས་མགོན་གནང་བཞིན་ཡོད་པར་བརྟེན། གླིང་ཕྲན་རྒྱལ་རྒྱུད་ཀྱི་ཆེས་མཐོའི་གཟེངས་རྟགས་དེ་ཕུལ་བ་ཡིན་སྐོར་བྲིས་འདུག

གཟེངས་རྟགས་འབུལ་བའི་མཛད་སྒོའི་ཐོག་ཏུ་ཧྥི་ལི་པིན་སིའི་གླིང་ཕྲན་རྒྱལ་མོ་མ་རེ་ཡ་ལགས་ཀྱིས། དེ་རིང་འདིར་ང་ལ་བཀུར་བར་འོས་པའི་སྐུ་མགྲོན་རྩ་ཆེན་ཞིག་ངོ་སྤྲོད་ཞུ་རྒྱུ་དང་སྦྲགས། ཁོང་ལ་རྒྱལ་རྒྱུད་ཀྱི་ཚད་མཐོའི་སྤྱི་ཚོགས་ཞབས་ཕྱིའི་གཟེངས་རྟགས་དབུལ་རྒྱུ་ཡིན། ཁོང་གི་མཚན་ལ་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་རིན་པོ་ཆེ་ཞུ་བ་དང་ཁོང་བོད་ཡུལ་དུ་འཁྲུངས་ཏེ་དེང་སང་ཨ་མེ་རི་ཀར་བཞུགས་ཡོད། ཁོང་གིས་འདས་པའི་ལོ་མང་རིང་འཛམ་གླིང་གི་ས་ཕྱོགས་མང་པོར་གནས་པའི་རྒན་རྒོན་དང་བུད་མེད། བྱིས་པ་དང་དབང་པོ་སྐྱོན་ཅན། སེམས་ཁམས་ཀྱི་དཀའ་ངལ་ཡོད་པའི་མི་དང་དུད་འགྲོ་མགོན་མེད་སོགས་ལ་རོགས་མགོན་དུས་དང་དུས་སུ་གནང་བར་བརྟེན། གོང་གསལ་སྐྱེ་འགྲོ་འདི་དག་ལ་བདེ་སྐྱིད་བསྐྲུན་ཞིང་མ་འོངས་མདུན་ལམ་ལ་རེ་བའི་འོད་སྣང་བསྐྲུན་ཡོད། ཅེས་སོགས་གསུངས་ཡོད་འདུག

མཛད་སྒོའི་ཐོག་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་མཆོག་གིས། ཧྥི་ལི་པིན་སིའི་གླིང་ཕྲན་རྒྱལ་མོ་མ་རེ་ཡ་ལགས་ཀྱིས། འཛམ་གླིང་ས་ཕྱོགས་གང་སར་རོགས་རམ་གནང་མུས་ཡིན་པར་བསྔགས་བརྗོད་གནང་བ་དང་འབྲེལ། བུད་མེད་རྣམས་ནི་ཁྱིམ་ཚང་རེ་རེའི་བྱམས་བརྩེའི་གཞི་རྩ་དང་། རྒྱལ་ཁབ་རེ་རེའི་ཞི་བདེའི་སྣེ་ཁྲིད་པ་ཡིན་སྐོར་དང་།  ཁོང་གིས་མུ་མཐུད་སྤྱི་ཚོགས་ཞབས་ཕྱི་གང་ཐུབ་གནང་རྒྱུ་ཡིན་སྐོར་སོགས་གསུང་བཤད་གནང་ཡོད་འདུག

ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་འཐུས་མི་ལོ་སི་ཁོ་རེ་ཡ་(Luis Correa ) ལགས་ཀྱིས་མཚམས་སྦྱོར་གནང་བ་བརྒྱུད། སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་མཆོག་ལ་ཨ་རིའི་གྲོས་ཚོགས་འཐུས་མིའི་མཚན་གནས་དང་འབྲེལ་བའི་ཆོས་ལུགས་ལ་བརྟེན་པའི་སྤྱི་ཚོགས་ཞབས་ཕྱིའི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་འདུག

སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་རིན་པོ་ཆེ་ཕྱི་ལོ་ ༡༩༦༩ ལོར་བོད་མཚོ་སྔོན་ཞིང་ཆེན་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་སློབ་ཆུང་འགྲིམས་ཤིང་སློབ་མཐར་ཕྱིན་རྗེས་དགོན་པར་ཆོས་ཞུགས་ཀྱིས་ལཱ་མོ་ཡོངས་འཛིན་རིན་པོ་ཆེ་དང་། དགེ་བཤེས་བྱམས་པ་འཕྲིན་ལས་སོགས་ཀྱི་མདུན་ནས་ལོ་བཅུའི་རིང་བོད་ཀྱི་རིག་གནས་ཆེ་ཆུང་མང་པོར་སློབ་གཉེར་གནང་།  ཁོང་གིས་ཀླུ་སྨྱོན་ཧེ་རུ་ཀ་ཞེས་པའི་མཚན་ཐོག་ནས་བོད་ནང་དུ་སྦྲང་ཆར་སོགས་དུས་དེབ་དང་གསར་འགྱུར་ཚགས་པར་སོགས་སུ་བརྩམས་ཆོས་ཧ་ཅང་མང་པོ་སྤེལ་གནང་ཡོད་པ་མ་ཟད། བོད་ནང་གི་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་ཡོད་འདུག་ལ། སྒྱུ་རྩལ་རྩོམ་རིག་གི་དེབ་ ༡༣ ལྷག་དང་དབྱིན་དེབ་ཡང་རེ་ཟུང་བྲིས་གནང་ཡོད་འདུག  ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་ཕྱི་ལོ་ ༢༠༠༥ ལོར་ཨ་རིར་ཕེབས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲོག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese