མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་གཞུང་གི་བྱེད་བབ་ལ་བློ་ཕམ་ཆེན་པོ་གནང་།  

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ཆག་ཤུ་མིར་ལགས་ཀྱི་དབུས་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་སོགས་ལ་ཐུག་འཕྲད་གནང་སྟེ་ཨུ་རུ་སུས་ཡུ་ཁི་རེན་ལ་བཙན་འཛུལ་བྱས་པ་དང་ཧཱ་མཱ་སི་དྲག་སྤྱོད་པས་ཨི་ཛི་རལ་ལ་དྲག་རྒོལ་བྱེད་བཞིན་པའི་གནད་དོན་གླེང་སློང་གནང་ཡོད་འདུག

Visiting U.S. Senate Majority Leader Chuck Schumer, D-N.Y., left, is greeted by Chinese President Xi Jinping before their bilateral meeting at the Great Hall of the People in Beijing, Monday, Oct. 9, 2023. (AP Photo/Andy Wong, Pool)
ASSOCIATED PRESS

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ཆག་ཤུ་མིར་ལགས་ (Chuck Schumer)ལགས་ཀྱི་དབུས་གྲོས་ཚོགས་གོང་མའི་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་ཀྱི་འཐུས་མི་དྲུག་ལས་གྲུབ་པའི་ཚོགས་ཆུང་ཞིག་རྒྱ་ནག་ཏུ་ཕེབས་ཏེ། ཁ་སང་ཕྱི་ཚེས་ ༩ ཉིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་( Wang Yi) སོགས་ལ་ཐུག་འཕྲད་གནང་ཡོད་པ་དང་། པ་ལི་སི་ཐན་གྱི་དྲག་དམག་ཚོགས་པ་ཧ་མ་སིས་(Hamas) ཨི་ཛི་རལ་ལ་དྲག་རྒོལ་བྱེད་བཞིན་པའི་གནད་དོན་ཐོག་རྒྱ་ནག་གཞུང་ནས་ཨི་ཛི་རིལ་མི་མང་ལ་རྒྱབ་སྐྱོར་དང་སྙིང་རྗེ་བྱེད་ཀྱི་མེད་པར་བློ་ཕམ་ཡོད་སྐོར་གསུངས་འདུག

དེ་ཡང་སྐུ་ཞབས་ཆག་ལགས་ཀྱིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཨི་ཛི་རལ་གྱི་ཆེས་ཛ་དྲག་པའི་དུས་སྐབས་འདི་འདྲ་ཞིག་ལ་སྙིང་རྗེ་དང་རྒྱབ་སྐྱོར་གང་ཡང་མེད་པར་བསྒྲགས་གཏམ་སྤེལ་བར་བློ་ཕམ་ཆེན་པོ་ཡོད། ངས་ཁྱེད་དང་རྒྱ་ནག་མི་མང་གིས་ཨི་ཛི་རལ་མི་མང་མཉམ་དུ་ལངས་ནས་དམག་གི་དཔུང་འཇུག་འདི་དག་ལ་སྐྱོན་འཛུགས་བྱ་རྒྱུར་རེ་སྐུལ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཧཱ་མཱ་སི་དྲག་རྒོལ་སྐོར་ལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ད་ལྟ་རྒྱལ་ཁབ་གཉིས་ཀྱི་བར་དམག་འཁྲུག་བསྐྱར་དུ་བྱུང་བ་དེས། ཕྱོགས་གཉིས་བར་དེ་སྔ་ནས་ཡོད་པའི་མཉམ་གནས་ཞི་བདེ་རྒྱུན་སྐྱོང་ཡོང་ཐབས་མེད་པ་བསྟན་ཡོད། དམག་འཁྲུག་མཚམས་འཇོག་ཡོང་ཐབས་ཀྱི་གཞི་རྩའི་ཐབས་ལམ་ཉག་ཅིག་ནི། རྒྱལ་ཁབ་སོ་སོར་ངོས་འཛིན་དགོས་པའི་ཐབས་ལམ་ལག་བསྟར་བྱས་ཏེ། པ་ལི་སི་ཐན་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་བསྐྲུན་དགོས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་པ་ལི་སི་ཐན་གྱི་གནད་དོན་གལ་ཆེར་རྩིས་ཏེ། ཨི་ཛི་རལ་དང་པ་ལི་སི་ཐན་བར་གང་མགྱོགས་ཞི་བའི་གྲོས་མོལ་ཡོང་ཐབས་ཀྱི་ལམ་ཞིག་བསྐྲུན་དགོས་ཀྱི་འདུག རྒྱ་ནག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ལྷན་དུ་པ་ལི་སི་ཐན་དང་ཨི་ཛི་རལ་གྱི་གནད་དོན་མཇུག་མ་བསྡུས་བར་དུ་འབད་བརྩོན་བྱ་ངེས་ཡིན། ཞེས་བརྗོད་འདུག

ཁ་སང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ཐུག་འཕྲད་བྱས་ཏེ། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་སོགས་ཀྱི་མཉམ་ལས་ནུས་པ་སྔར་ལས་གོང་མཐོར་གཏོང་ཐབས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་ཐད་ལ་གྲོས་མོལ་བྱས་ཡོད་ཅིང་། སྐབས་དེར་སྐུ་ཞབས་ཆག་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་བཟོ་ཚོང་ཁང་མང་དག་ཅིག་ལ་དྲང་བདེན་གྱི་ཐོག་ནས་ལྟ་སྐྱོང་བྱེད་ཀྱི་མེད་པས། ཨ་རིར་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ཁང་ཁག་གིས་རང་དབང་དང་གུ་ཡངས་ལོངས་སུ་སྤྱོད་མུས་ཡིན་པ་བཞིན། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་བཟོ་ཚོང་ཁང་ཁག་ལའང་དེ་ལྟར་ལྟ་སྐྱོང་བྱ་དགོས་སྐོར་དང་། ཨུ་རུ་སུས་ཡུ་ཁུ་རེན་ལ་བཙན་འཛུལ་བྱས་པའི་གནད་དོན་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་འདུག

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས། ཨ་རྒྱ་གཉིས་ཀྱིིས་འབྲེལ་ལམ་སྲ་བརྟན་ཚུགས་སླད། ཕན་ཚུན་གུས་བརྩི་དང་། མཉམ་རུབ་ཀྱི་ཐོག་ནས་ནུས་པ་མཉམ་སྐྱེད་བྱ་དགོས་པ་མ་ཟད། འཛམ་གླིང་ཡོངས་ཀྱི་ཁེ་ཕན་ཆེད་ཕྱོགས་གཉིས་བར་མཉམ་ལས་དང་ཡར་རྒྱས་གཏང་རྒྱུ་གལ་ཆེན་ཡིན་ལུགས་བརྗོད་པ་ཙམ་ལས། ཨུ་རུ་སུའི་བཙན་འཛུལ་དང་ཧཱ་མི་སིའི་དྲག་རྒོལ་སོགས་ཀྱི་གནད་དོན་ཐོག་བློ་འཚབ་ཡོད་པའི་རྣམ་པ་གང་ཡང་བསྟན་མེད་པ་རེད།

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཨ་རིའི་སྐུ་ཚབ་ཚོགས་ཆུང་དེ་ད་ལན་རྒྱ་ནག་གཙོས་ལྷོ་ཀོ་རི་ཡ་དང་་ཉི་ཧོང་བཅས་སུ་ཕེབས་འཆར་ཡོད་ཅིང་། ཕྱོགས་ཡོངས་སུ་ཨ་རིའི་ཚོང་འབྲེལ་སོགས་གོང་མཐོར་གཏོང་སླད་ཕེབས་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

འདས་པའི་ཟླ་ ༣ ནང་གནས་དབྱུང་བཏང་བའི་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་གཉིས། དྲ་ལམ་གྱི་པར།
Mobile App

ལོ་གཉིས་ལྷག་ནང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༡༥ ཙམ་ཞིབ་བཤེར་གནས་དབྱུང་བཏང་།

༢༠༢༥/༠༢/༡༨
Russia's President Vladimir Putin shakes hands with North Korea's leader Kim Jong Un at a meeting at the Vostochny Сosmodrome in the far eastern Amur region, Russia, on September 13, 2023.
Mobile App

བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་གྱིས་ང་ཚོས་དུས་རྟག་ཏུ་མཉམ་རུབ་ཐོག་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད།

༢༠༢༣/༠༩/༡༣
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧
ཨ་རིའི་སྐུ་ཚབ་ཚོགས་ཆུང་དང་བོད་ཁྱིམ་སློབ་ཕྲུག་ལྷན། ༢༠༢༣། ༤། ༡༣། བོད་ཁྱིམ་སློབ་གྲྭའི་པར།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་ཕེབས། 

༢༠༢༣/༠༤/༡༣
Mobile App

ཨ་རིའི་བཟོ་གྲྭ་རྣམས་ཀྱིས་བོད་ནང་རིགས་རྫས་ཁྱོན་ཆེ་བསྡུ་ལེན་བྱ་རྒྱུར་བཀག་འགོག་བྱ་དགོས།

༢༠༢༣/༠༣/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese