མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

དེ་རིང་ངས་གླེང་སློང་བྱེད་འདོད་པ་ནི། དེང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དྲུག་པ་ཚོགས་བཞིན་པའི་སྐབས་ཀྱི་གནས་ཚུལ་སྐོར་ཡིན་པ་དང་། སྤྱིར་བཏང་གི་བཙན་བྱོལ་ནང་གི་ལབ་གླེང་སྐོར་ང་ལ་གླེང་འདོད་གཏན་ནས་མི་འདུག འོན་ཀྱང་ད་རེས་ཁྱི་མི་རྨུགས་དཀའ་མེད་རྐུ་མས་སྒོ་རྡུང་། ཝ་མི་རྒྱལ་དཀའ་མེད་ལྷ་འདྲེས་འགྲམ་ལྕག་ཅེས་པའི་དཔེ་ལྟར། ད་རེས་མ་བཤད་ཀ་མེད་དུ་གྱུར་སོང་བས་རྒྱ་ཆེ་ཀློག་པ་པོ་ཚོའི་བློ་ལ་འཐད་མིན་ཡོང་སྲིད་ན་དགོངས་པ་མ་འཚོམ་རོགས་ཞུ་རྒྱུ་ལས་མ་འདས།

ད་རེས་ཚང་མའི་མཁྱེན་གསལ་བཞིན་ང་ཚོའི་གྲོས་ཚོགས་ཚོགས་ག་དུས་དབུ་འཛུགས་གནང་བ་ཡིན་ན་དང་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གལ་ཆེའི་དོན་ཆེ་ཞིག་ཏུ་འཛིན་ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་ཀྱི་ཡོད་པ་དང་། དེར་བཀུར་འོས་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་དགོངས་ཚུལ་གསུང་སའི་གལ་ཆེའི་སྡིངས་ཆ་ཞིག་ཡིན་པས་བཀུར་འོས་རྣམ་པས་བགྲོ་གླེང་གི་ཆ་ཤས་བཞེས་གནང་གི་ཡོད། ད་རེས་བོད་ནང་གི་གཞིས་ལུས་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་ལས་ལྡོག་སྟེ་ནང་ཁུལ་ལབ་གླེང་བྱུང་ནས་གྲོས་ཚོགས་ཚོགས་མ་ཐུབ་པ་དེ་རེད། ས་གནས་ཁག་ནས་གཞུང་གྲོན་ཕོན་ཆེན་བཏང་ནས་གནས་འདིར་ཕེབས་ཚར་དུས་གྲོས་ཚོགས་ཚོགས་མ་ཐུབ་པ་ནི་ཧ་ཅང་བློ་ཕམ་རང་བཞིན་གྱི་གནས་ཚུལ་ཞིག་ལ་ངོས་འཛིན་མི་ཞུ་ཀ་མེད་རེད་སྙམ།

གཞིས་ལུས་བོད་མི་རྣམས་ཁྲག་དང་མིག་ཆུའི་ནང་འཚོ་བ་རོལ་དགོས་ཐུག་གི་ཡོད། ཉིན་འཁྱོལ་རུང་མཚན་མི་འཁྱོལ་བའི་དཀའ་སྡུག་འོག་ཏུ་གནས་དགོས་ཐུག་གི་ཡོད། དེའདྲའི་དཀའ་སྡུག་འོག་ཏུ་ཡོད་རུང་བློ་བརྟན་འགྱུར་མེད་ཀྱིས་ཚེ་སྲོག་ལ་ཉེན་ཁ་ཡོད་རུང་རང་གཞུང་ལ་ཡིད་ཆེས་བློ་གཏད་ཀྱི་རེ་བ་བཟུང་ནས་ལས་དོན་གནང་བཞིན་ཡོད། དེ་འདྲའི་རེ་བ་དང་། ཡིད་ཆེས་ཐོག་ནས་ད་བར་གཅེས་པའི་ལུས་སྲོག་དམར་པོ་མཆོད་མེར་སྒྲོན་ཡོད། རྒྱལ་གཅེས་པ་ཁོང་རྣམ་པས་ཞལ་ཆེམས་དེ་དག་ང་ཚོའི་མགོ་འོག་ཚང་མའི་ཡིད་དུ་བཟུང་ནས་སློབ་སྦྱོང་བྱེད་དགོས་པའི་གནད་དོན་ཞིག་རེད་འདུག་སྙམ།

ལྷག་དོན་སྐུ་ལུས་མཆོད་མེར་སྒྲོན་མཁན་གྱི་རྒྱལ་གཅེས་པ་ཁོང་རྣམ་པའི་ཕ་མ་ལ་མཚོན་ན། རང་ཉིད་ཀྱི་ཤ་ལས་མཆེད་པའི་བུ་ཕྲུག་གམ་སྤུན་མཆེད་གང་རུང་ཞིག་གི་གནས་སྟངས་དེ་དག་མཐོང་དུས་སེམས་ཁམས་སུ་སྡུག་བསྔལ་ག་ཚོད་གཅིག་ཡོང་གི་ཡོད་པ་ང་ཚོས་འགྲེལ་བཤད་ག་ལ་བརྒྱབ་ཐུབ། གཏན་ནས་འགྲེལ་བཤད་བརྒྱབ་མི་ཐུབ་པ་ཞིག་རེད་སྙམ། ད་ནི་ངེས་པར་དུ་རྒྱལ་གཅེས་པ་ཁོང་རྣམ་པས་གསུང་ཚིག་དེ་དག་ཡིད་དུ་བཟུང་སྟེ་ལས་དོན་གནང་དགོས་པའི་དུས་ཚོད་སླེབས་མི་འདུག་གམ།  གལ་སྲིད་ནང་ཁུལ་ལབ་གླེང་གནང་རྒྱུ་ཡོད་ཚེ་གྲོས་ཚོགས་ཀྱི་གལ་ཆེའི་སྡིངས་ཆ་དེའི་ཐོག་ཏུ་ལབ་གླེང་གནང་དགོས་པ་ཞིག་གཏན་ནས་མ་མཐོང་། ད་རེས་ཀྱི་གནད་དོན་དེས་དགྲ་དགའ་གཉེན་སྡུག་གི་གནས་སྟངས་ཤིག་ཏུ་གྱུར་པ་དེ་རེད། རང་ཉིད་ལྟ་བུ་ཞིག་ལ་མཚོན་ན་སྤྱི་འཐུས་གྲོས་ཚོགས་དེ་ཉིད་གལ་ཆེའི་ཆབ་སྲིད་སྡིངས་ཆ་ཞིག་ཏུ་ངོས་འཛིན་ནས་ལྟ་ཉན་བྱེད་བཞིན་ཡོད། སྐབས་རེར་བློ་ཕམ་དགོས་པ་དེ་འདྲ་ཡོང་གི་འདུག རྒྱལ་ཁབ་ཡོད་པའི་གྲོས་ཚོགས་ཚོགས་སྟངས་ལ་མཚུངས་བསྡུར་བྱ་ས་གཏན་ནས་ཡོད་མ་རེད་དེ། ཡིན་ནའང་རང་དབང་ཡོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་ནས་གསུང་བཤད་གནང་སྟངས་ལ་ལྟ་དུས་ང་ཚོའི་གྲོས་ཚོགས་ཡག་པོ་ཞིག་ཡིན་པ་མྱོང་ཚོར་ཡོད་མཁན་གྱི་མི་ཞིག་ཡིན། ལྷག་པར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་འདི་ཉིད་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་གནས་སྟངས་ཐོག་ཏུ་བགྲོ་གླེང་གནང་སའི་གལ་ཆེའི་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་པར་བརྟེན། རང་རེའི་རྒན་གཞོན་བར་གསུམ་གྱི་ལྟ་ཉན་བྱེད་བཞིན་ཡོད།

ལྷག་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་ལས། ང་ཚོས་ལས་དོན་གང་དང་གང་བརྩམས་ཀྱང་། སྡེ་ཚན་ཁག་གསུམ་དུ་བསམ་བློ་གཏོང་དགོས་ཏེ། གཅིག་ནི་བོད་ནང་གི་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་དང་། གཉིས་པ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས། གསུམ་པ་རྒྱལ་སྤྱིའི་སྡེ་ཚན་ཁག་ཏུ་བོད་དོན་ལས་དོན་བྱེད་ཕྱོགས་ཐད་གོ་སྐབས་འཛིན་སྟངས་རེད། གནད་འགག་འདི་གསུམ་ལ་བརྟེན་ནས་བོད་དོན་ལས་འགུལ་བྱེད་ཕྱོགས་གལ་ཆེན་དུ་མཐོང་གི་ཡོད། ཅེས་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་བཞིན་གསུང་བཤད་གནང་ཡོད། ཡང་དཔལ་ལྡན་ཚོགས་གཙོ་མཆོག་ནས། གྲོས་ཚོགས་ནང་གི་ལས་རིམ་དང་སྤྱི་ཚོགས་ནང་གི་གླེང་སློང་ལ་བགྲོ་གླེང་བྱེད་སྐབས། སྤྱི་འཐུས་རྣམས་ཀྱིས་ཚིག་རྩུབ་དང་། ཟུར་ཟ། ང་རྒྱལ་སོགས་རྣམ་པ་མི་འབྱུང་བར་བྱ་རྒྱུ་གལ་ཆེན་པོ་ཞེ་པོ་རེད། ཅེས་ལམ་སྟོན་ཟབ་ཅིང་རྒྱས་པ་དོན་སྙིང་ལྡན་པ་གནང་ཡོད།

ཡིན་ནའང་ད་རེས་ཀྱི་གྲོས་ཚོགས་ནང་དུ་རྒྱ་མི་སོ་པ་དང་འབྲེལ་བའི་སྐོར་ལ་ལབ་གླེང་བྱུང་བ་རེད། གནད་དོན་འདི་ནི་ཆེ་ཆུང་གང་འདྲ་ཞིག་ཡིན་མིན་འབྲེལ་བརྗོད་མ་དགོས་པའི་གནད་དོན་ཞིག་རེད་སྙམ། གནས་སྟངས་འདིའི་ཐོག་ལ་བདེན་རྫུན་འདི་རེད་དང་མ་རེད་ཟེར་ནས་ཞུ་ཚོད་གང་ཡང་མི་ཐིག་རུང་། བཀུར་འོས་རྣམ་པ་སུ་འདྲ་ཞིག་ཡིན་ན་སྤྱི་ཚོགས་ནང་གི་གོ་ཐོས་ཙམ་མ་ཡིན་པར་དཔང་རྟགས་དང་ར་སྤྲོད་ཡོད་པའི་ཐོག་ནས་ཟབ་ལྷིང་བརྟན་གསུམ་གྱིས་གྲོས་ཚོགས་ཀྱི་ར་བ་ནང་དུ་བཀའ་མོལ་གནང་བ་ཡིན་ན། ལབ་གླེང་འདི་རིགས་རྩ་བ་རང་ནས་ཡོང་ཤེས་སྟངས་མེད་པ་ཞིག་རེད། གལ་སྲིད་ཁོང་ཁྲོའི་དབང་གིས་ཞལ་ནས་ཤོར་བའི་དབང་དུ་བཏང་བ་ཡིན་ན། དེ་མ་ཉིད་དུ་གསུང་བཤད་དེ་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཚུལ་གྱི་བཟོད་གསོལ་ཞུས་ན་མི་འགྲིགས་པ་ཨི་ཡོད་ན་སྙམ། དེ་ཡང་མ་བྱུང་བ་རེད་ལ་གྲོས་ཚོགས་མུ་མཐུད་དེ་ཚོགས་ཐུབ་མེད་པ་དེ་རེད།

ང་ཚོ་ནི་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་ཡིན་པ་ལས། རྒྱལ་ཁབ་ཡོད་པའི་སྲིད་གཞུང་ནང་བཞིན་ང་ཚོར་ད་ལྟའི་གནས་སྐབས་ལ་ཆ་རྐྱེན་སོགས་གང་ཡང་མེད། དེ་དག་མི་མང་གི་དགོངས་པ་བཞེས་དགོས་པ་ཞིག་ལས། གྲོས་ཚོགས་ནང་དུ་གནས་ཚུལ་ཞིག་བྱུང་མ་ཐག་མང་གཙོ་ཁ་ལ་འཁྱེར་ནས་འདུ་འཛོམས་གནང་བ་སོགས་ནི་སོ་སོའི་ཐོབ་ཐང་རེད་མོད། ང་ཚོ་ཚང་མས་དགོངས་པ་རྒྱ་ཆེ་ས་ནས་བཞེས་ནས་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་འདུ་ཤེས་འཛིན་དགོས་པ་དེ་རེད། ང་ཚོའི་འཐབ་རྩོད་གནང་ས་ངོ་མ་དེ་རྒྱ་ནག་དམར་པོའི་སྲིད་གཞུང་ཡིན་པ་ལས་བོད་མི་ནང་ཁུལ་ག་ལ་ཡིན། ད་ལྟའི་དུས་སྐབས་སུ་རྒྱ་གཞུང་གིས་བོད་ནང་བོད་མི་རིགས་རྩ་མེད་བཟོ་ཆེད་དུ་ལས་འགུལ་གང་མང་བརྩམས་ཏེ་ཛ་དྲག་གི་གནས་སྟངས་ཉིན་རེ་བཞིན་འགྱུར་བཞིན་ཡོད།

ལྷག་པར་བོད་མི་ཤེས་ལྡན་པ་ཚོར་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་བཙོན་འཇུག་བྱེད་པ་དང་། སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་དང་གཏོང་བཞིན་ཡོད། རྒྱ་གཞུང་གིས་བོད་ཡར་རྒྱས་ལ་ཁ་བཏགས་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ག་ཚོད་གཅིག་བཏང་གི་འདུག བོད་ཀྱི་གྲོང་ཁྱེར་ཆེ་ཁག་དེང་སྐབས་རྒྱ་ཡུལ་གྱི་གྲོང་འཁྱེར་ནང་བཞིན་སྒྱུར་བཞིན་ཡོད། བོད་ཀྱི་འབྲོག་སྡེ་ཚོ་ཡང་ས་གནས་གཞན་ལ་བཙན་པོ་དབང་ཡོད་ཐོག་ནས་གནས་སྤོ་བཅུག་པ་སོགས་བོད་མི་རིགས་ཀྱི་སེམས་ཁམས་དང་མི་མཐུན་པའི་ལས་དོན་མང་པོ་ཞིག་སྤེལ་བཞིན་ཡོད། དེ་དག་གི་ཐོག་ཏུ་རང་དབང་ལུང་པ་ཡོད་མཁན་ཚོས་གདོང་ལེན་ག་འདྲ་ཞིག་གནང་དགོས་ཀྱི་འདུག རྒྱ་ཆེ་མི་མང་ལ་ལམ་སྟོན་གནང་དགོས་པ་ཞིག་རེད།

བོད་ནང་དཀའ་ངལ་དེ་དག་སེལ་ཐབས་ཐོག་ཏུ་ཐབས་ལམ་གང་ཞིག་འདུག། ད་ལྟ་བཙན་བྱོལ་ནང་དུ་དཀའ་ངལ་ཆེ་ཤོས་གང་ཞིག་རེད་འདུག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་ཐོག་ཏུ་ཡར་རྒྱས་གཏང་དགོས་པ་གང་ཞིག་འདུག འཐུས་ཤོར་གང་དུ་འགྲོ་བཞིན་འདུག དེ་བཞིན་བོད་ཀྱི་སྐད་ཡིག་ཐོག་ཏུ་ཡར་རྒྱས་གཏོང་ཕྱོགས་གང་འདྲ་བྱས་ན་དྲག་ས་རེད། ལྷག་དོན་དེང་སྐབས་བོད་མི་དུ་མ་ཞིག་ཕྱི་རྒྱལ་ཁག་ཏུ་གནས་སྤོ་བཞིན་ཡོད། ཕྱིའི་རྒྱལ་ཁབ་ཏུ་བོད་མིའི་མི་འབོར་འཕར་གྱི་ཡོད་ན། དེ་དག་གི་བུ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐོབ་ཐབས་ལ་ལས་དོན་གང་ཞིག་བརྩམས་དགོས་ཀྱི་འདུག

ལྷག་དོན་གཞིས་ཆགས་ཁག་གི་ནང་བོད་མི་སྡོད་མཁན་ཉུང་དུ་འགྲོ་བཞིན་ཡོད་ལ། དེ་བཞིན་སློབ་གྲྭ་ཁག་དང་། གྲྭ་ས་ཁག་ཏུ་ལོ་རེ་བཞིན་བོད་ཕྲུག་འཛུལ་ཞུགས་གནང་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེ་དག་ལ་གང་ཞིག་གནང་ན་ལེགས་ས་རེད། ཡར་རྒྱས་གང་འདྲ་གཏང་དགོས་ཀྱི་འདུག་ཚུལ་སོགས་དེ་དག་ཐོག་ཏུ་དགོངས་ཚུལ་གསུང་དགོས་པ་ཞིག་རེད། དེ་བཞིན་འཛིན་སྐྱོང་གི་ལས་དོན་གནང་གྲུབ་པ་གང་ཞིག་བྱུང་། གནང་མ་ཚར་བ་མཇུག་སྐྱོང་གནང་ཕྱོགས་སོགས་ཀྱི་སྐོར་ལ་བགློ་གླེང་གནང་དགོས་པ་ཞིག་རེད།

དེ་བཞིན་བོད་ཀྱི་གནས་སྟངས་རྒྱལ་སྤྱིའི་ཐོག་ཏུ་ནུས་ཤུགས་གང་འདྲ་སྤེལ་དགོས་ཀྱི་འདུག བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བཙན་པོ་དབང་ཡོད་ཀྱིས་སློབ་ཁྲིད་བྱེད་བཅུག་གི་མེད་པ་དེར་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་སྒྲིག་འཛུགས་ཀྱིས་ལས་འགུལ་གང་ཞིག་བརྩམས་ན་ཡག་ས་རེད་ལ་སོགས་ལ་བགྲོ་གླེང་གནང་དགོས་པ་ཞིག་རེད་མོད་དེ་དག་བྱུང་མེད་པ་རེད། ད་ནི་མ་འོངས་པ་དེ་རིགས་མི་ཡོང་བར་རེ་བ་སྙིང་དབུས་ནས་ཞུ་བཞིན་ཡོད། ད་དུང་གླེང་རྒྱུ་མང་དག་འདུག་རུང་དེ་ཙམ་གྱིས་འཐུས་པ་བགྱིས། གསལ་བཤད་དགོས་པ་ཞིག་ལ། འདི་ནི་རང་ཉིད་ཀྱི་སེམས་ནང་མ་བཟོད་ནས་བསམ་ཚུལ་སྨྱུ་གུའི་རྩེ་མོ་ནས་དབང་མེད་ཀྱིས་གླེང་དགོས་བྱུང་སོང་ཞིང་། རྩོམ་ཡིག་འདི་དག་ནང་འགའ་རེས་བློ་ངོས་སུ་འཐད་མིན་ཡོང་སྲིད་ན་དགོངས་པ་མ་འཚོམ་རོགས་ཞུ་རྒྱུ་ལས་མ་འདས།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 2

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 2 སྔོན།

    ད་རེས་ཚང་མའི་མཁྱེན་གསལ་བཞིན་ང་ཚོའི་གྲོས་ཚོགས་ཚོགས་ག་དུས་དབུ་འཛུགས་གནང་བ་ཡིན་ན་དང་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གལ་ཆེའི་དོན་ཆེ་ཞིག་ཏུ་འཛིན་ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་ཀྱི་ཡོད་པ་དང་། དེར་བཀུར་འོས་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་དགོངས་ཚུལ་གསུང་སའི་གལ་ཆེའི་སྡིངས་ཆ་ཞིག་ཡིན་པས་བཀུར་འོས་རྣམ་པས་བགྲོ་གླེང་གི་ཆ་ཤས་བཞེས་གནང་གི་ཡོད། ད་རེས་བོད་ནང་གི་གཞིས་ལུས་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་ལས་ལྡོག་སྟེ་ནང་ཁུལ་ལབ་གླེང་བྱུང་ནས་གྲོས་ཚོགས་ཚོགས་མ་ཐུབ་པ་དེ་རེད། ས་གནས་ཁག་ནས་གཞུང་གྲོན་ཕོན་ཆེན་བཏང་ནས་གནས་འདིར་ཕེབས་ཚར་དུས་གྲོས་ཚོགས་ཚོགས་མ་ཐུབ་པ་ནི་ཧ་ཅང་བློ་ཕམ་རང་བཞིན་གྱི་གནས་ཚུལ་ཞིག་ལ་ངོས་འཛིན་མི་ཞུ་ཀ་མེད་རེད་སྙམ། ཅེས་པ་ཆབ་མདོ་ངག་ཕུན་ལགས་ཀྱི་དགོངས་ཚུལ་ཟུར་འདོན་ཞུས་ཡིན།
    གལ་པོ་ཆེ་ལ་ནན་གཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་དུ། བསྟན་དགྲ་རྒྱ་དམར་གྱི་བོད་ས་ཡོངས་རྫོགས་དབང་བསྒྱུར་གཏང་། དེ་ལས་འཕྲོས་ཏེ་བོད་མིར་དམྱལ་བ་མི་ཡུལ་དུ་མྱོང་དགོས་ཀྱི་མནར་སྤྱོད་ཀྱི་གནས་ཚུལ་སོགས་སུ་གཞན་བྱ་ཐབས་གང་ཡང་མེད་ནའང་གདུང་སེམས་མཉམ་སྐྱེད་ཅིག་ངོ་ལྐུག་པའི་ལམ་ལས་འང་ཞུ་ཐབས་ཡོད་པ་དེ་ཡང་ཆོས་ལུགས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱི་མི་ལོ་ཕལ་ཆེར་བཅོ་ལྔ་ལྷག་ཙམ་གྱི་སྤྱི་འཐུས་གནང་བའི་ཉམས་མངའི་ལོ་རྒྱུས་ལས་བྱུང་བ་ལས་གཞན་སུ་གང་ལའང་གཡོག་ས་ཕལ་ཆེར་མེད། ཡོད་དབང་དུ་གཏང་ནའང་ཤིང་ཏོག་ཀྱུར་མོའི་རོ་དེ་འབྲས་བུ་ལས་ལྷག་བསམས།
    བཙན་བཅོལ་བོད་རྒྱལ་གཅེས་མི་དམངས་ཀྱི་ཚབ་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འཆར་ལ་ད་བར་བྱུང་མྱོང་མེད་པའི་བར་ཆད་ཀྱི་གནས་དེར་ཆེ་ཆེར་ཡིད་སྡུག་པའི་ངང་ལས་རྒྱ་མིའི་གསོ་བའི་གནས་ཚུལ་དེ་ཕལ་ཆེར་བྱུང་བའང་ཡིན་སྲིད། དེ་ལྟའི་གནས་ཚུལ་ཞིག་ལ་རང་གཞུང་བདེ་ལས་ཀྱི་བརྩད་ཞིབ་ཕེབས་གནས་ཤིག་དོ་བདག་གིས་ངོས་ལེན་པ་མ་ཚད་འབྲེལ་ཡོད་བཀའ་བློན་གྱིས་ཀྱང་གསལ་བཤད་ཕེབས། དངོས་གནས་དེ་རྒྱ་གར་གཞུང་ནས་མཁྱེན། གཙང་མ་གཙང་ཀྱང་དགོས་ན་མཐར་ཐུག་ས་དེ་རྒྱ་གར་གཞུང་རེད། མཁས་སྙན་དང་སྤྱི་འཐུས། ནང་པ་དང་རྒྱབ་དཔུང་ཡོད་དོག་གི་ཚོད་ཚོད་གནང་ན་ཐུག་ས་གནས་ཚང་རེད། ༧རྒྱལ་དབང་རིན་པོ་ཆེ་མཆོག་གོང་དུ་ཕུད་པའི་གཞན་སུ་གང་ལའང་ཧ་ལས་ཀྱི་མ་རེད། ཡིན་ཀྱང་རྒྱ་གར་གཞུང་ནས་དངོས་བདེན་ཇི་ཡིན་གྱི་གསལ་ཁ་ཞིག་བྱུང་ན་སྙམ་པ་དེ་རང་གཞན་ཚང་མའི་མངོན་འདོད་ཡིན་ཆེ། བོད་མི་ཚོས་འགྲོ་འདོད་སྤྱོད་གསུམ་གྱི་ལས་གནས་སུ་གཟབ་གཟབ་མ་གནང་ན་འོད་མི་མངོན་ནའང་གྲིབ་ནག་ཅིག་འཇོག་མི་སྲིད་པ་མིན་ཚོད་ལགས།།

    Reply
  2. བསྟན་བཟང་། says:
    ལོ་ 2 སྔོན།

    རྩོམ་འདི་མགོ་ནས་མར་བཀླག་ཡོང་དུས་དེ་ནི་ཕྱོགས་ལྷུང་བྲལ་ཞིང་བློ་གཟུ་བོར་ནས་རྩོམ་ཡིག་སྤུས་དག་ཅིག་ཡིན་ས་རེད་སྙམ་པའི་ལྟོགས་སླ་ཁ་བྱུང་། འོན་ཀྱང་། བོད་ཀྱི་གཏམ་དཔེར་ལ་ཕྱེད་ཀ་བརྒྱབ་དུས་ཧ་ཕྱེད་ཀ་གོ་ཡོང་ཟེར་བ་ནང་བཞིན་མར་མར་བཀླག་ཡོང་དུས་དེ་ནི་ཕྱོགས་ལྷུང་ཅན་གྱི་ཡིག་རྙོགས་ཤིག་ལས་མ་འདས། ཨ་ཁ། ཤ་ཚ་སྙིང་རྗེ།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese