མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ཨི་རན་གྱི་བུད་མེད་ཐོབ་ཐང་རྩོད་ལེན་པ་ཞིག་ལ་ཐོབ།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ། ད་ལྟ་བཙོན་འཇུག་འོག་ཡོད་པའི་ཨི་རན་གྱི་རང་དབང་འཐབ་རྩོད་པ་དང་བུད་མེད་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་( Narges Mohammadi) ལགས་སུ་ཐོབ་པ་ཡོངས་བསྒྲགས་བྱས་འདུག

imprisoned-writer-narges-mohammadi-the-markaz

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཁོང་མོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་དོན་ནི། ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ཀྱིས། ཡུན་རིང་ཨི་རན་གཞུང་གི་ཁ་གཏད་དུ་ལངས་ཏེ་ཨི་རན་གྱི་བུད་མེད་ཐོབ་ཐང་རྩོད་ལེན་བྱས་དང་བྱེད་བཞིན་པར་ཆེ་བསྟོད་བྱས་པ་ཞིག་ཡིན་པ་དང་། ནོར་ཝེའི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ (Berit Reiss-Andersen) ལགས་ཀྱིས། ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ཀྱིས་རང་དབང་དང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱས་པའི་བརྒྱུད་རིམ་ཁྲོད་བློས་གཏོང་ཤུགས་ཆེན་བྱས་ཡོད་ཅེས་བརྗོད་འདུག

ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་སུ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པ་ཡོངས་བསྒྲགས་གནང་མ་ཐག ཨི་རན་ཕྱི་སྲིད་ལྷན་ཁང་གིས། ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ནི་ཕྱོགས་ལྷུང་ཡིན་པ་དང་། ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཨི་རན་ལ་སྡང་ཟུག་འཛིན་གྱི་ཡོད་པ་མ་ཟད། ཆེད་དུ་ཞི་བདེ་གཟེངས་རྟགས་ཕུལ་ནས་ཨི་རན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག་ལ། ཨི་རན་གཞུང་གིས་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་སུ་ལོ་ངོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། ད་ལྟའང་བཙོན་ཁང་དུ་ཁྲིམས་ཆད་འཁུར་མུས་ཡིན་འདུག

ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་ལགས་ཀྱིས། ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ཀྱི་འགྱུར་མེད་ཀྱི་སྙིང་སྟོབས་ལ་ཡི་རངས་གནང་བ་དང་འབྲེལ། ཨི་རན་གཞུང་གིས་ཁོང་མོ་འཕྲལ་མར་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བཏང་འདུག དེ་བཞིན་ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་མཱག་རོན་ལགས་ཀྱིས། ཁོང་མོར་འཚམས་འདྲི་དང་སྦྲགས། མོ་ནི་རང་དབང་འཐབ་རྩོད་པ་ཞིག་ཡིན་པའི་བསྔགས་བརྗོད་བྱས་འདུག

སྤྱིར་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ཀྱིས་ཁ་ཆེ་ཐལ་སྤྱོད་རང་ལུགས་ཀྱི་ཨི་རན་སྲིད་གཞུང་གི་ཁ་གཏད་དུ་ལངས་ཏེ། ཆོས་ལུགས་ཀྱི་བཀག་རྒྱའི་འོག་ནས་བུད་མེད་ཀྱི་གཞི་རྩའི་རང་དབང་མང་པོ་ཞིག་ལ་རྡོག་རོལ་བཞིན་པ་མཚམས་འཇོག་དགོས་པའི་ལས་འགུལ་བསྟུད་མར་སྤེལ་བར་བརྟེན། ཁོང་མོ་ད་ལྟའི་བར་ཨི་རན་གཞུང་གིས་འཛིན་བཟུང་བཀག་ཉར་ཐེངས་ ༡༣ རིང་བྱས་ཤིང་། ཁྱོན་ལོ་ངོ་ཧྲིལ་པོ་ ༣༡ རིང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས་ནི་ཕྱི་ལོ་ ༡༩༧༢ ལོར་ཨི་རན་གྱི་ (Zanjan) མངའ་ཁོངས་སུ་སྐྱེས་ཤིང་(Qazvin) གཙུག་ལག་སློབ་ཆེན་ནས་དངོས་ཁམས་ཚན་རིག་ཐོག་སློབ་གཉེར་བྱས། ཁོང་མོས་སློབ་ཆེན་འགྲིམས་བཞིན་པའི་སྐབས་ནས་བཟུང་ཨི་རན་ནང་ཆོས་ལུགས་ཀྱི་བཀག་རྒྱའི་འོག་བུད་མེད་ཀྱི་ཐོབ་ཐང་བཀག་འགོག་བྱེད་བཞིན་པའི་སྐོར་ལ་རྩོམ་ཡིག་མང་དག་ཅིག་སྤེལ་ཡོད་ཅིང་། བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ་མང་པོ་སྤེལ་བ་ལ་བརྟེན་ནས། སྤྱི་ཚོགས་ནང་ལས་ཀ་མ་རག་པ་དང་ཉེས་ཅན་པའི་ཐོ་ཁོངས་སུ་བཅུག་པ་སོགས་ཀྱི་དཀའ་ངལ་རིམ་པ་འཕྲད་མྱོང་འདུག་ལ། ཕྱི་ལོ་ ༢༠༠༠ ཡས་མས་ཙམ་ཁོང་མོས་གསར་འགོད་པའི་ལས་ཞོར་དུ། བཅོས་སྒྱུར་དང་ཐབས་བྱུས། ཐབས་ལམ  (The reforms, the Strategy and the Tactics) ཞེས་པའི་རྩོམ་རིག་ཕྱོགས་བསྡུས་ཀྱི་དཔེ་དེབ་ཅིག་བརྩམས་གནང་། ཕྱི་ལོ་ ༡༩༩༩ ལོར་ཨི་རན་ནང་བཅོས་སྒྱུར་གཙོ་འདོན་བྱེད་མཁན་གསར་འགོད་པ་རཱ་མ་ནེ་ (Rahmani) དང་གཉེན་སྒྲིག་བྱས་མ་ཐག ཁོང་མོའི་གཟའ་ཟླ་ཨི་རན་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་ངོ་ ༡༤ བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༡༩༩༨ ལོར་ཁོང་མོ་ཐོག་མར་འཛིན་བཟུང་བྱས་པ་དང་། དེ་ནས་ཕྱི་ལོ་ ༢༠༡༠ བར་འཛིན་བཟུང་མང་པོ་བྱས་མྱོང་ཞིང་། ཕྱི་ལོ་ ༢༠༡༡ ལོར་བསྐྱར་དུ་འཛིན་བཟུང་བྱས་ཏེ་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། ཨ་རི་དང་དབྱིན་ཇི་སོགས་ཀྱིས་ཨི་རན་གཞུང་ལ་སྐུལ་མ་བཏང་བ་ལ་བརྟེན་ནས་ཁྲིམས་ཆད་དུས་ཡུན་མར་བཅག་སྟེ་ལོ་གཅིག་ཙམ་རིང་ནས་བཙོན་གྲོལ་ཐོབ། ཡང་ཕྱི་ལོ་ ༢༠༡༥ ལོར་ཁོང་མོས་ཨི་རན་གྱི་རྒྱལ་སྲིད་ལ་ཉེན་ཁ་བསྐྲུན་པའི་ཉེས་མིང་འོག་ནས་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟའང་ཁྲིམས་ཆད་འཁུར་མུས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese