མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་མཆོག་གིས་རྒྱ་ནག་གཞུང་གི་དཔོན་རིགས་ཚོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཞི་བདེ་དང་ཞི་འགྲིག་གནང་མཁན་ཞིག་ཡིན་པ་ཤེས་པའི་ཐོག་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱས་ཏེ་དཀའ་རྙོག་སེལ་བའི་རེ་བ་ཡོད་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།

ཁ་སང་ཕྱི་ཚེས་ ༡༧ ཉིན་ཨ་རིའི་རྒྱལ་ས་ཝང་ཤིན་ཊོན་གྱི་གྲོས་ཚོགས་ཚོགས་ཁང་ཞིག་ཏུ། བྱང་ཨ་རིའི་བོད་ཀྱི་སྐུལ་ཚབ་དོན་གཅོད་ལས་ཁུངས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་རིགས་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བཞེས་མཛད་ནས་ལོ་ངོ་ཧྲིལ་པོ་ ༡༦ འཁོར་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པོལ་སི་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern)མཆོག་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁུ་རེ་སི་སི་མེ་ཐི་ (Chris Smith) མཆོག  གྲོས་ཚོགས་འཐུས་ལྕམ་མག་གོལ་ལིམ་ (McCollum)མཆོག གྲོས་ཚོགས་འཐུས་མི་ལྕམ་ཆ་ཀོ་ཝོ་སི་ཀེ་ (Schakowsky)མཆོག་བཅས་དང་། གཞན་ཡང་ཨ་རིའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གནད་ཡོད་མི་སྣ་གཞན་ཁག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་རེས་ཆ་ཌི་གྷེ་རེ་ (Richard Gere) མཆོག་དང་འགན་འཛིན་བསྟན་ཆོས་རྒྱ་མཚོ་མཆོག་སོགས་འཛོམས་ཡོད་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་བའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ༧གོང་ས་མཆོག་ལ་སྙན་གྲགས་ཆེ་བའི་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་ནི་༸གོང་མཆོག་སྐུ་སྒེར་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་པ་ཙམ་མ་ཡིན་པར། འདས་པའི་ལོ་ངོ་ ༦༤ ཙམ་གྱི་རིང་རྒྱ་ནག་གི་གདུག་རྩུབ་འོག་མནར་གཅོད་མྱོང་བཞིན་པའི་གཞིས་ལུས་བོད་མི་ཚོའི་སྙིང་སྟོབས་དང་ལྷག་བསམ་རྒྱུན་གནས་ཐུབ་པ་དང་བཙན་བྱོལ་བོད་མི་ཚོས་བོད་དོན་འཐབ་རྩོད་མུ་མཐུད་རྩོད་ཀྱིན་ཡོད་པར་ངོས་འཛིན་མཚོན་བྱེད་ཅིག་ཀྱང་ཆགས་ཡོད་སྐོར་དང་། ད་རེས་སྲིད་སྐྱོང་མཆོག་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་འཚམས་འདྲི་གནང་བའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། ༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་བརྒྱུད་རིམ་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་འཕྲོད་བཞེད་སྔར་རྒྱུན་བཞིན་བདེ་འཚམས་ཡིན་སྐོར་སོགས་གསུངས་སོང་།

ལྕམ་ནན་སི་པོལ་སི་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ལ་བརྟེན་ནས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་འབབ་ས་གཅིག་གི་ཐོག་བབས་ཏེ། བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་སྟབས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་གང་ཡོང་ཅི་ཡོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དང་། མི་འགྱང་བར་༧གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་གཙི་ཞུ་རྒྱུ་ཡིན་སྟབས། ༧གོང་ས་མཆོག་གི་གོ་སྟོན་དེ་ཟབ་རྒྱས་ཤིག་གནང་དགོས་པའི་ཐུགས་རེ་ཡོད་སྐོར་གསུངས་སོང་།

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁུ་རེ་སི་སི་མེ་ཐི་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་འོག་ནས། དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་གཅིག་ཏུ་སྒྲིལ་ཏེ། བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་དམིགས་བསལ་རྒྱ་ནག་དང་འབྲེལ་བའི་ལས་དོན་བསྒྲུབས་དང་སྒྲུབ་མུས་ཡིན་ཞིང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རེ་ཆ་ཌི་གྷེ་རེ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་རིམ་པ་བྱས་པའི་བརྒྱུད་ངོ་སྤྲོད་དང་སྦྲགས། འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་ནང་གི་གནས་སྟངས་མང་པོ་ཞིག་སེམས་སྐྱོ་དགོས་པ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་རིགས་སློབ་མ་ཚོ་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་བཙན་གྱིས་བཅུག་སྟེ་རྒྱ་སྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ལོར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༦ གི་སྟེང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་ལ་སྟངས་འཛིན་བྱས་དང་བྱེད་མུས་ཡིན་ཁར། ༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་གཏོགས་བྱེད་བཞིན་ཡོད་པས། ༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ནི་བོད་མི་ཁོ་ནར་བདག་པ་ལས་རྒྱ་ནག་གཞུང་ལ་བདག་དབང་གང་ཡང་མེད་སྐོར་དང་། རྒྱ་ནག་གཞུང་གིས་སྲིད་དབང་ལོག་སྤྱོད་བྱས་ཏེ་བོད་མི་མང་པོ་གང་བྱུང་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་བཞིན་ཡོད་སྟབས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོར་འགན་ལེན་བྱེད་དུ་འཇུག་དགོས་སྐོར་གསུངས་སོང་།

མང་གཙོ་ཚོགས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མག་གྷོ་ཝན་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་བ་དེ་ནི་ཨ་རིའི་སྤྱི་དམངས་གཟེངས་རྟགས་ཆེས་མཐོ་ཤོས་དེ་ཡིན་པ་དང་། དེ་བཞིན། ༧གོང་ས་མཆོག་ལ་ཞི་བདེ་དང་བཟོད་པ། སྤྱི་སེམས་དང་དམངས་སེམས་མཚོན་པའི་ཨ་རིའི་སྲིད་འཛིན་ཟུར་བ་བྷོ་ཤིའི་གཟེངས་རྟགས་ཕུལ་ཡོད་སྐོར་དང་། དེང་གི་དུས་སུ་སྐབས་༧གོང་ས་མཆོག་གི་བྱམས་བརྩེ་དང་ཞི་བདེའི་སྙིང་བོར་བཟུང་བའི་རླབས་ཆེན་གྱི་དགོངས་གཞི་ཁག་ཧ་ཅང་གལ་ཆེན་ཆགས་ཡོད་པ་དང་། ༧གོང་ས་མཆོག་ནི་ཞི་བདེ་འདོད་ཅིང་དམག་འཁྲུག་མི་འདོད་པའི་འཛམ་གླིང་གི་དབུ་འཁྲིད་ཞིག་ཡིན་སྐོར། དེ་བཞིན། དུས་དྲན་དེ་སྲུང་གཙི་བྱས་པ་དང་བསྟུན། ནམ་ཞིག་རྒྱ་ནག་གཞུང་གི་དཔོན་རིགས་ཚོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཞི་བདེ་དང་ཞི་འགྲིག་གནང་མཁན་ཞིག་ཡིན་པ་ཤེས་པའི་ཐོག་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་བའི་རེ་བ་ཡོད་སྐོར་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༣ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese