མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གནས་དབྱུང་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༨ པའི་ཟླ་མཇུག་ཙམ་ནས་གར་སོང་ཆ་མེད་དུ་གྱུར་བའི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲན་ཧྥོའུ་ད་ལྟ་ཡོངས་གྲགས་ཀྱི་ཐོག་ནས་རྒྱལ་སྲུང་བློན་ཆེན་གྱི་གོ་གནས་ནས་གནས་དབྱུང་བཏང་བ་ཁྱབ་བསྒྲགས་བྱས་འདུག

China’s Defence Minister Li Shangfu attends the 20th IISS Shangri-La Dialogue in Singapore June 2, 2023. REUTERS/Caroline Chia/File

ད་རེས་རྒྱ་ནག་གཞུང་གིས་ལི་ཧྲན་ཧྥོའུ་རྒྱལ་སྲུང་བློན་ཆེན་གྱི་གོ་གནས་ཙམ་དུ་མ་ཟད། རྒྱ་ནག་གི་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་ནས་ཀྱང་ཕྱིར་ཕུད་དང་། འདི་ལོའི་ཕྱི་ཟླ་ ༦ ནང་མཐོང་ཐོས་མེད་པར་གྱུར་བའི་ཕྱི་སྲིད་བློན་ཆེན་ཟུར་བ་ཆིན་གང་དང་ལི་ཧྲན་ཧྥོའུ་གཉིས་ཀྱི་བཀའ་བློན་རིམ་པའི་གོ་གནས་ཀྱང་མེད་པར་བཟོས་ཡོད་འདུག་ལ། རྒྱ་ནག་གི་དམག་སྲིད་ཀྱི་དཔོན་རིགས་གཉིས་གནས་དབྱུང་བཏང་བའི་བརྡ་ཁྱབ་དེར་ཞི་ཅིན་ཕིན་གྱིས་དངོས་སུ་མིང་རྟགས་བཀོད་ནས་བྱུང་བ་ཞིག་ཡིན་པ་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་དེའི་ནང་། རྒྱ་ནག་གཞུང་གིས་ལི་ཧྲན་ཧྥོའུ་རྒྱལ་སྲུང་བློན་ཆེན་གྱི་གོ་གནས་ནས་གནས་དབྱུང་གཏོང་དགོས་པའི་རྒྱུ་མཚན་དང་ཚབ་ཏུ་སུ་ཞིག་བསྐོ་གཞག་བྱ་རྒྱུ་ཡིན་མིན་སོགས་གསལ་བཤད་གང་ཡང་བྱས་མི་འདུག་མོད། ལོའུ་ཧྲའོ་ཡན་ (Liu Shaoyun)ཟེར་བ་ཞིག་རྒྱ་ནག་དམག་མིའི་ཁྲིམས་ཁང་གི་མགོ་འཁྲིད་ལ་བསྐོས་ཡོད་པ་དང་། ཁོ་བསྐོ་གཞག་བྱས་པ་དེ་ལི་ཧྲན་ཧྥོའུ་གནས་དབྱུང་བཏང་བ་དང་འབྲེལ་བ་ཡོད་མེད་ད་ལྟ་བཤད་ཚོད་ཐིག་གི་མེད་པ་རེད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ནང་།  ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་དམག་སྲིད་ལ་དེ་སྔ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཤུགས་ཆེན་བྱུང་གི་ཡོད་པ་དང་། ལི་ཧྲན་ཧྥོའུ་རྒྱལ་སྲིད་བློན་ནས་གནས་དབྱུང་བཏང་བ་དེས་རྒྱ་ནག་གི་དམག་དོན་སྒྲིག་འཛུགས་ལ་སྔར་ལྷག་གིས་འཁྲུག་ཆ་ཐེབས་སྲིད་སྐོར་དང་། ཕྱི་ལོ་ ༢༠༤༩ བར་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་དམག་སྲིད་ཀྱི་སྟོབས་ཤུགས་འཛམ་གླིང་ནང་འགྲན་ཟླ་བྲལ་བ་ཞིག་ཏུ་བསྒྱུར་ཐབས་ཀྱི་སྲིད་ཇུས་བཟུང་ཡོད་སྐོར་སོགས་བརྗོད་འདུག

ཡང་འདི་ལོའི་ཕྱི་ཟླ་ ༨ ནང་ལི་ཧྲན་ཧྥོའུ་མཐོང་ཐོས་མེད་པར་གྱུར་བའི་གནད་དོན་དེ།  རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་མགོ་འཁྲིད་ཁག་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཞིབ་དཔྱོད་བྱས་པའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་དབྱེ་ཞིབ་པས་བརྗོད་ཡོད་པ་དང་། དེ་ཡང་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་མེ་ཤུགས་འཕུར་མདའི་དམག་སྤྱི་ལི་ (Li Yuchao) དང་དམག་སྤྱི་གཞོན་པ་ཀྲང་ཀྲན་ཀྲོང་(Zhang Zhenzhong)། དེ་བཞིན་འབྲེལ་ཡོད་ལིའུ་(Liu Guangbin)བཅས་ལ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འདྲི་གཅོད་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་རེད།

ལི་ཧྲན་ཧྥོའུ་ནི་ད་ལྟ་རང་ལོ་ ༦༥ ཡིན་ཞིང་། རྒྱ་ནག་སི་ཁྲོན་ཞིང་ཆེན་ཁྲི་ཏུའུ་ནས་ཡིན། འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དུ་བསྐོ་གཞག་བྱས། ཁོས་འདས་པའི་ལོ་ངོ་ ༣༡ རིང་རྒྱ་ནག་གི་འཁོར་སྐར་ཞིབ་འཇུག་ལྟེ་གནས་ཁང་དུ་དང་གཞན་ཡང་དབུས་དམག་སྲིད་ལྷན་ཁང་། དེ་བཞིན་མི་དམངས་བཅིངས་གྲོལ་དམག་ཁོངས་སོགས་སུ་ལས་ཀ་བྱས་མྱོང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese