མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་མེག་ཇོན་སོན་(Mike Johnson) མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མེག་ཇོན་སོན་མཆོག དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཁ་སང་ཕྱི་ཚེས་༢༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་མེག་ཇོན་སོན་(Mike Johnson) མཆོག་གི་མཚན་ཐོག་ཏུ། ཁོང་ཉིད་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། འཛམ་གླིང་གི་ཆེས་རང་དབང་ལྡན་པའི་ཨ་རི་རྒྱལ་ཁབ་ཀྱིས་མུ་མཐུད་རང་དབང་། དམངས་གཙོ་སོགས་གོང་མཐོར་བཏང་སྟེ། འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་ཞབས་འདེགས་བསྒྲུབ་དགོས་པའི་ལམ་སྟོན་མཛད་འདུག

དེ་ཡང་གསུང་འཕྲིན་ནང་། ཨ་རི་ནི་འཛམ་གླིང་གི་སྣེ་འཁྲིད་རྒྱལ་ཁབ་ཅིག་ཡིན་ལ། ངོས་རང་གིས་ཁྱེད་ཀྱི་རྒྱལ་ཁབ་ཀྱིས་ཆོས་དད་རང་དབང་ཚུད་པའི་དམངས་གཙོ་དང་། རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་ཆེ་མཐོང་གནང་བར་ཡིད་སྨོན་སྐྱེ་ཡི་ཡོད། ཕྱི་ལོ་ ༡༩༧༩ ཙམ་ནས་ངོས་རང་ཨ་རིར་ལན་མང་བསྐྱོད་རྒྱུའི་གོ་སྐབས་བྱུང་ལ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་རྣམས་ཚུད་པའི་མི་མང་ལ་མགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གི་ཐད་ནས་གོ་བསྡུར་ཡང་བྱས་མྱོང་། ལྷག་པར་དུ་ངོས་རང་གིས་ཨ་རིའི་གཞུང་ནས་བོད་ཀྱི་རིག་གཞུང་དང་། སྐད་ཡིག གོམས་གཤིས་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རོགས་འདེགས་གནང་བར་བསྔགས་བརྗོད་བྱ་རྒྱུའི་གོ་སྐབས་བྱུང་། ཞེས་གསུངས་འདུག

ཨ་རིས་བོད་དོན་རྒྱབ་སྐྱོར་གནང་བའི་སྐོར་གསུངས་བའི་ནང་། ཨ་རིའི་གཞུང་གིས་ངོས་དང་བོད་མིར་ཞི་བདེ་དང་། འཚེ་མེད་ཞི་བ། བྱམས་བརྩེ་སོགས་ཀྱི་གཞི་རྟེན་བྱས་པའི་བོད་བརྒྱུད་ནང་བསྟན་ཚུད་པའི་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་མུ་མཐུད་ནས་གནང་བར་བཀའ་དྲིན་ཆེན་པོ་ཡིན་ལ། ངོས་རང་གིས་ཀྱང་བོད་ཀྱི་ཆོས་རིག་དེ་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཡོང་ཐུབ་པའི་རེ་བ་འཆང་གི་ཡོད། ཅེས་དང་། དེང་གི་འཛམ་གླིང་དེ་ཧ་ཅང་གཉན་ཕྲང་ཆེ་བའི་ལམ་བུ་རུ་སྐྱོད་མུས་ཡིན་ཡང་། འཛམ་གླིང་འདིར་རང་དབང་དང་། གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་དུ་འགྲོ་མུས་ཡིན་པས། ངོས་རང་གིས་མ་འོངས་པར་འགྱུར་བ་བཟང་ཕྱོགས་ནས་ཐེབས་པའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

གཞན་ཡང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་ཕུལ་བའི་ནང་། ཨ་རི་ནི་བོད་དང་། བོད་མིའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པར་རོགས་འདེགས་གནང་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཡིན་ཞིང་། ངས་ཨ་རིའི་གཞུང་མང་གཉིས་ཀྱིས་གཡོ་བ་མེད་པའི་ཐོག་ནས་བོད་མི་དང་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རོགས་འདེགས་གནང་བར་བསྔགས་བརྗོད་བྱེད་ཀྱི་ཡོད། ཁྱེད་ཀྱིས་ཀྱང་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

སྐུ་ཞབས་མེག་ཇོན་སོན་མཆོག་ནི་ཕྱི་ལོ་ ༡༩༧༢ ཟླ་ ༡ ཚེས་ ༣༠ ཉིན་ཨ་རིའི་ཤི་རིས་ཝི་པོ་ཊི་(Shreveport) རུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༥ ལོར་ཚོང་འབྲེལ་རིག་པ་(Business administration)པའི་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༩༨ ལོར་ཧེ་བྷིར་ཊི་ཁྲིམས་ལུགས་གཙུག་ལག་སློབ་གཉེར་ཁང་(Paul M. Hebert Law Center) ནས་ཁྲིམས་ལུགས་རིག་པའི་ཐོག་སློབ་གཉེར་གནང་། ཁོང་ནི་ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་དང་། ད་བར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཐེངས་བཞི་ལ་གནང་བ་དང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་མང་མོས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐབས་ ༥༦ པར་བདམས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༧ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༩ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese