མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་ནས་ཞི་ཅིན་ཕིན་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་རས་གྱོན་པའི་རྒྱ་མི་ཉི་ཤུ་ཙམ་གྱིས་བོད་རིགས་གཞོན་སྐྱེས་ངོ་རྒོལ་བའི་ལག་ནས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་བཙན་འཕྲོག་བྱས་ཡོད་པ་མ་ཟད་བོད་རིགས་གཞོན་སྐྱེས་ལས་འགུལ་བ་འགའ་ཤས་ལ་ཉེས་རྡུང་བཏང་ཡོད་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཚེ་ལྷ་ལགས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་བཞིན་པ། ནེའུ་ཡོག་དུས་བབ་ཀྱི་པར། ༢༠༢༣།༡༡།༡༥

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༧ བར་ཉིན་གྲངས་བདུན་རིང་ཨ་རིའི་སཱན་ཧྥི་རན་སི་སི་ཁོ་ (San Francisco) རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཉམ་ལས་དཔལ་འབྱོར་གླེང་སྟེགས་ཐེངས་ ༣༠ པ་འཚོག་བཞིན་ཡོད་ཅིང་། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གཉིས་གླེང་སྟེགས་ཀྱི་ཟུར་ནས་ཐུག་འཕྲད་བྱས་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༡༥ ཉིན་སཱན་ཧྥི་རན་སི་སི་ཁོ་གྲོང་ཁྱེར་གྱི་(Hyatt Regency Downtown SOMA) གསོལ་མགྲོན་ཁང་དུ་ཞི་ཅིན་ཕིན་གྱིས་ཨ་རིའི་ཚོང་དོན་མི་སྣ་ཁག་ཅིག་དང་ཐུག་འཕྲད་བྱས་ཡོད་པ་ལྟར། ཁུལ་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་སྣེ་ཁྲིད་པའི་བོད་མི་གཙོས། ཡུ་གུར་བ་དང་། ཧོང་བ་སོགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་འདུག

དེའི་ཐད་ཁ་སང་ཕྱི་ཚེས་ ༡༥ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་རྩ་མེད་གཏོང་བ་སོགས་ཀྱི་སྲིད་ཇུས་ཡང་ཡང་སྤེལ་མུས་ཡིན་པས། དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ངོ་རྒོལ་སྐད་འབོད་དེའི་ཁྲོད་བོད་མི་གཙོས། ཡུ་གུར་བ་དང། ཧོང་ཀོང་བ་སོགས་མི་གྲངས་བརྒྱ་ལྷག་གིས་ཆ་ཤས་བླངས་ཡོད་སྐོར་དང་། ངོ་རྒོལ་སྐད་འབོད་དེ་བརྒྱུད། བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པ་དང་། ཡུ་གུར་དང་ཤར་ཊུ་ཀི་སི་ཐན་གྱི་ཁ་ཆེའི་བཙོན་པ་གཙོས། རྒྱ་ནག་གི་བཙན་གནོན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་དང་ཧོང་ཀོང་སོགས་སུ་མང་གཙོ་དང་། རབ་དབང་མེད་པའི་སྐོར་སོགས་གསལ་འདུག

དེ་རིང་དྲ་ལམ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཚེ་ལྷ་ལགས་ཀྱིས་རྒྱ་ནག་གི་མགོ་ཁྲིད་ཞི་དང་ཨ་རིའི་ཚོང་དོན་གནད་ཡོད་མི་སྣ་དག་ཐུག་འཕྲད་བྱ་སའི་གསོལ་མགྲོན་ཁང་མདུན་དུ་ཡོད་པའི་ལྕགས་སྡོང་དེར་འཛེགས་ཏེ། བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཕྱར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་བརྙན་རིས་ཤིག་མཐོང་རྒྱུ་ཡོད་ཅིང་། ངོ་དེབ་གཙོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ལོ་ན་ཉི་ཤུར་སོན་པའི་བོད་རིགས་བུ་མོ་དེ་ལ་བསྔགས་བརྗོད་དང་ཡི་རངས་ཞུ་བཞིན་འདུག

དེ་བཞིན་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁ་རས་གྱོན་པའི་རྒྱ་མི་ཉི་ཤུ་ཙམ་གྱིས་བོད་རིགས་གཞོན་སྐྱེས་ངོ་རྒོལ་བ་དག་གི་ལག་ནས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་བཙན་འཕྲོག་བྱས་ཡོད་པ་མ་ཟད། བོད་རིགས་གཞོན་སྐྱེས་ལས་འགུལ་བ་ཁ་ཤས་ལ་ཉེས་རྡུང་བཏང་ཡོད་པའི་བརྙན་རིས་ཁག་ཅིག་མཐོང་རྒྱུ་འདུག དེ་བཞིན་ཁ་སང་ཕྱི་ཚེས་ ༡༥ ཞོགས་པར་བོད་པ་གཙོས་ལས་འགུལ་བ་སུམ་བརྒྱ་ཙམ་གྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་དུ་ངོ་རྒོལ་ལས་འགུལ་སྤེལ་རྗེས། དེ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཉམ་ལས་དཔལ་འབྱོར་གླེང་སྟེགས་ཚོགས་ཡུལ་མི་སོ་ཁོན་(Moscone) བར་ངོ་རྒོལ་གོམ་བགྲོད་ཀྱིས་ལས་འགུལ་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༧ བར་ཉིན་གྲངས་བདུན་རིང་ཨ་རིའི་སཱན་ཧྥི་རན་སི་སི་ཁོ་ (San Francisco) རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ལྷན་ཚོགས་ཐེངས་ ༣༠ པ་འཚོག་བཞིན་ཡོད་ཅིང་། ཐེངས་འདིའི་ཚོགས་ཆེན་དུ་ཨ་རི་དང་། ཨོ་གླིང་། ཁེ་ན་ཌ། ཉི་ཧོང་། ཐའེ་ཝན། ལྷོ་ཀོ་རི་ཡ། རྒྱ་ནག་སོགས་རྒྱལ་ཁབ་ ༢༡ གི་མགོ་ཁྲིད་མཉམ་ཞུགས་གནང་སྟེ། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་དང་། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས། ཚོང་འབྲེལ་གྱི་དཀའ་ངལ། ཨི་ཛི་རེལ་གྱི་དམག་འཁྲུག་སོགས་རྒྱལ་སྤྱིའི་གནད་དོན་ཁག་ཅིག་ཐོག་གླེང་སློང་གནང་གི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 2 སྔོན།

    ༑ ཁ་སང་ལས་ཡུལ་དུ་ལས་རོགས་བོད་རིགས་ཤིག་གིས་སན་ཕ་རན་སིས་ཁོ་ལ་ San Francisco རྒྱའི་སྲིད་འཛིན་ཞི་ལ་ངོ་རྒོལ་ཞུ་མཁན་བོད་མི་མི་སུམ་བཅུ་བཞི་བཅུ་ཞིག་ལས་མེད་པ་གོ་སྐབས། རང་ཉིད་མེད་པ་བརྗེད་ཀྱང་བྱང་ཁེ་ལི་ཕོ་ནར་བོད་མི་སྟོང་ཚོ་ཁ་ཤས་ཡོད་པའི་གང་བྱས་རེད། བོད་པའི་བོད་མིའི་ལས་འགན་བརྗེད་རེད་དམ། ད་ཡིན་ན་རྒྱལ་ཞེན་མིན་འདུག་པ་གྲོལ། དགོང་མོ་བྷོ་སོ་ཏོན་ཧར་ཝཊ་ལྷ་དཀར་རྒྱ་རྒོལ་དུ་གོང་གི་གནས་དོན་སྐོར་གོ་བསྡུར་སྐབས་དེ་འདྲ་རང་ཨེ་ཡིན། ༢༠༠༨ ལོར་རྒྱའི་ཨོ་ལོམ་པིག་ངོ་རྒོལ་སྐབས་ས་གནས་བོད་རིགས་དང་གཞན་ས་གནས་གཞན་ནས་བོད་མི་མང་པོ་འབྱོར་ཡོད་པའི་གཏན་གཏན་མི་གང་མཚམས་ཤིག་འབྱོར་ཡོག་ཤས་ཀྱང་རྒྱ་མི་ནི་མང་པོ་བསྡུ་བཀོང་ཡོད་གནས་གྲོས་མོལ་བྱུང། ད་ཞོག་དུས་བབ་ལ་བལྟ་ཞིབ་སྐབས་བོད་མི་བཞི་རྒྱ་ལྷག་ཙམ་ཞིག་གིས་ངོ་རྒོལ་ཞུས་མཉམ་ན་གཞོན་བུ་མོ་ཞིག་ནས་ས་གནས་དེའི་ལྕགས་སྡོང་རིང་མོ་ཞིག་འཛེགས་ནས་བོད་ཀྱི་རྒྱལ་དར་བཙུགས་གནས་འདུག་པར་དང་ཐོག་ཚང་མར་དགའ་བསུ་ཆེན་པོ་ཞུ་རྒྱུ་ཡིན། བོད་མི་ཡིན་པའི་གོ་མཆོད་རེད། ཧྲག་གེ། ཚེ་རིང་། བཀྲིས་བདེ་ལེགས།
    རྒྱ་ལ་ངོ་རྒོལ་བྱ་རྒྱུ་དེ་ང་ཚོའི་ལས་འགན་དང་སེམས་ཀྱི་འཚོར་བ་དེ་ཕྱིར་སྟོན་རེད། བོད་མི་ཡིན་པའི་སེམས་ནད་དེ་རྒྱ་ལ་ངོ་སྤྲད་རེད། ལོ་རྒོལ་བྱ་ལམ་དེ་ལུས་ངག་ཡིད་གསུམ་གྱི་སྒོ་མཐའ་དག་ཞི་བདེ་བག་ཕེབས་དགོས་རྒྱུ་ལས་བྲལ་ན་དོན་མི་ཆེ། དེ་མིན་བོད་མི་དང་བོད་གཞུང་གི་བདེན་པ་དག་རྩོད་ལ་ཕན་པ་ལས་གནོད་པ་ཡེ་ནས་མེད། གནོད་པའི་རྒྱུ་མཚན་ཡོད་ན་ཕེབས་ཤོག བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese