མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔ་འགྱུར་དབུ་འཛིན་དང་འབྲེལ་བའི་གསལ་བཤད་བཅུ་གཉིས་མ།

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྫ་ཚེ་རིང་བཀྲ་ཤིས།

ད་ལྟ་རང་དྲ་ལམ་ནས་རྗེ་རྫོང་སར་མཁྱེན་བརྩེ་དང་འབྲེལ་ཏེ་རྫ་ཚེ་སོགས་ཀྱི་ངན་ཇུས་གཏོར་བའི་གཏམ་ཞེས་པ་ཞིག་གཙུག་ལག་སྨྲ་སེང་ཞེས་པའི་མིང་ཐོག་ནས་བྲིས་པ་མཐོང་བས་གསལ་བཤད་ཕྲན་བུ་ཞིག་ཞུ་འདོད་བྱུང་། ལར་གསལ་བཤད་འགའ་ཞིག་ནི་རང་ངོས་ནས་འགན་ཁུར་སྟངས་ཤིག་ལས་ཕ་རོལ་པོས་ངོས་ལེན་དང་ཡིད་ཆེས་ཡོང་བ་ཁོ་ནའི་ཆེད་མིན་མོད། ད་ཐེངས་གི་གླེང་གཞི་འདི་ལ་དོ་སྣང་ཡོད་མཁན་ཚོར་དོགས་སློང་དང་། དཔྱད་གཞིའི་ས་བོན་ཙམ་དུ་དམིགས་པ་ནི་ཡིན་ཆོག །

གཅིག །༽  ངས་སྔ་འགྱུར་རྙིང་མའི་དྲ་ཚོམས་སུ་སྔ་འགྱུར་རྙིང་མའི་ཁྲི་འཛིན་དང་འབྲེལ་བའི་བསམ་ཚུལ་དེ་མ་བཤད་སྔོན་ལ་བོད་གཞིས་བྱེས་ཀྱི་བླ་ཆེན་སུ་གཅིག་ལའང་ངའི་ངོས་ནས་དེའི་སྐོར་བསམ་ཚུལ་ཙམ་ཡང་བཤད་མེད།
གཉིས། ༽   མཁྱེན་བརྩེ་རིན་པོ་ཆེའི་གསུང་ཕྱི་ལ་ཁྱབ་བཞིན་པ་དེ་ངས་ཞུས་པ་ཞིག་མིན་པར་མ་ཟད། ང་སྒེར་ལ་གནང་བ་ཞིག་ཀྱང་མིན། ཁོང་གིས་སུ་ལ་གནང་བ་ཡིན་ད་ལྟའང་ངའི་ངོས་ནས་ཤེས་རྟོགས་གཏན་ནས་མེད།
གསུམ། ༽   ལར་ངས་རིན་པོ་ཆེར་བློ་ཕུད་པའམ་སྐུལ་མ་ཞུས་ནས་རིན་པོ་ཆེར་དགོངས་པ་འཁྲུངས་པ་ཞིག་མིན་པར། སྤྱི་ལོ་ ༢༠༢༠ ལོར་རིན་པོ་ཆེ་རང་གིས་དེའི་ཐད་དགོངས་ཚུལ་གཏིང་ཚུགས་པ་འཁྲུངས་ཡོད་པ་དེ་དབྱིན་ཇིའི་རྩོམ་ཡིག་དེར་གསལ་བས། དེ་རིང་ཆེད་དུ་བོད་བསྒྱུར་གྱིས་སྤྱན་འབུལ་ཞུས་ཡོད།  འདིས་རྣམ་པ་ཚོས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཞི་དངོས་དེ་རྟོགས་ཐུབ་པའི་ཡིད་ཆེས་ཡོད།
བཞི། ༽   ལར་རིན་པོ་ཆེ་ནི་འཁོར་དང་གང་ཟག་གཞན་གྱིས་དབང་བསྒྱུར་འོག་འགྲོ་ཐུབ་མཁན་ཞིག་མ་རེད་ལ། གལ་ཏེ་འགྲོ་སྲིད་པའི་དབང་དུ་བཏང་ཡང་ང་ལྟ་བུ་ཞིག་གི་ཇུས་འོག་ཏུ་འགྲོ་མཁན་ཞིག་ཡིད་མི་སྲིད་པས། དོན་ལ་མཁྱེན་བརྩེ་རིན་པོ་ཆེར་མཚན་སྨོད་ཆེན་པོ་ཞིག་དང་། ངའི་འཇོན་ཐང་ལ་བསྔགས་པ་ཆེན་པོ་ཞིག་བྱས་པ་ལྟར་ཕྱིན་པ་ནི། བསྟོད་མི་ཤེས་པས་བསྟོད་པ་དང་སྨོད་མི་ཤེས་པས་སྨད་པ་ཞེས་པའི་དཔེར་སོང་འདུག་མོད། སྐབས་དོན་མིན་པས་བཞག །

ལྔ། ༽   དེ་ཡང་མཆོག་སྤྲུལ་རྙིང་མའི་ཁྲི་འཛིན་མངའ་གསོལ་གྱི་ཁྱབ་བསྒྲགས་དེ་ཐའེ་ཝན་གྱི་ཁོང་སྒེར་གྱི་ཆོས་ཚོགས་ཀྱི་རང་འཚམ་གྱིས་བྱས་པ་ཞིག་རེད། ཡིན་ན་ཡང་། རྒྱ་ཡིག་གི་ཁྱབ་བསྒྲགས་སུ་མ་དགོན་དྲུག་ཡན་ལག་དང་བཅས་པ་དེ་ལས་གཞན་པ་མང་པོའི་རེ་བ་དང་གསོལ་འདེབས་བྱས་ནས་ཁས་ལེན་བྱས་པ་ཡིན་པར་འཁོད་ཡོད། དོན་དངོས་ཐོག་ད་བར་ཁོང་ལ་ཁྲི་པ་གནང་རྒྱུའི་གསོལ་འདེབས་ཞུས་པའི་ཡི་གེ་སྣ་ཁ་གཅིག་ཀྱང་སྟོན་རྒྱུ་བྱུང་མེད།

དྲུག །༽  མ་དགོན་དྲུག་མ་ཟད། གཞིས་བྱེས་ཀྱི་དཔལ་ཡུལ་མ་དགོན་དང་། རྣམ་གྲོལ་གླིང་དར་ཐང་དགོན་པ་བཅས་ཀྱིས་གཞུང་དང་བསྟན་བདག་རྣམ་པས་གཞུང་འབྲེལ་གྱིས་གསོལ་འདེབས་དང་ངོས་ལེན་ཡོད་པའི་འཚམས་འདྲིའི་ཡི་གེ་གཅིག་ཀྱང་ད་བར་སྟོན་རྒྱུ་མེད།

བདུན། ༽   འཚམས་འདྲི་དང་འབྲེལ་བའི་ཡི་གེ་གསུམ་བཞི་ཞིག་ཡོད་པ་དེའང་། ཁོང་གིས་རྙིང་མའི་དབུ་འཛིན་བྱེད་རྒྱུའི་ཐག་གཅོད་ཁྱབ་བསྒྲགས་དེ་སྤྱི་ཟླ་༡༠ ཚེས་༢༤ ལ་ངོ་དེབ་བརྒྱུད་རྗེས་ཀྱི་ཉིན་ལྔ་ནས་བཅུའི་ནང་གཞི་ནས་བྲིས་པ་ཡིན་པ་ཡི་གེ་སོ་སོའི་འོག་ཏུ་ཡོད།

བདུན། ༽     མཆོག་སྤྲུལ་གྱིས་དྲ་ཚོམས་ནང་གསལ་བཤད་སྐབས། སྔ་འགྱུར་རྙིང་མའི་རྡོར་གདན་སྨོན་ལམ་གྱི་ཐག་གཅོད་ཡག་པོ་མིན་པ་དང་། ཁོང་ཚོ་ཁྲི་ལ་མ་བསྡད་པ་འཆི་རྒྱུར་ཞེད་ནས་ཡིན་པ་སོགས་ཀྱིས་ཁ་གཏད་དུ་ལངས་པ་ཡིན་ཚུལ་བཤད་ཀྱི་ཡོད།

བརྒྱད། ༽   སྤྱི་ལོ་༢༠༢༠ ལོའི་ ༢ ཚེས་ ༣ ཉིན་༼སྔ་འགྱུར་རྡོར་གདན་སྨོན་ལམ་ཚོགས་ཆེན་༽གྱིས་གཞུང་འབྲེལ་གྱིས་༧ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་དགོངས་པ་ལྟར་སྨོན་ལམ་ཆེན་མོའི་རྒྱུན་ལས་ལྷན་ཚོགས་ཀྱིས་སྤྱི་མོས་ཐག་གཅོད་ཐོག་དབུ་འཛིན་བསྐོ་མི་དགོས་པ་བྱས་ཡོད། ཡིག་ཆ་དེ་ད་ལྟའང་ཁྲིམས་མཐུན་དུ་གནས་མུས་ཡིན།

དགུ །༽   སྔར་གྱི་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་དང་། ༧འཁྲུལ་ཞིག་རིན་པོ་ཆེ། ༧དགེ་རྩེ་རིན་པོ་ཆེ་སོགས་ཚང་མ་དངོས་ཤུགས་བརྒྱུད་གསུམ་ནས་ཚོགས་པ་འདི་བརྒྱུད་ནས་གསོལ་འདེབས་དང་བསྐོ་བཞག་ཞུས་པ་དང་། ཞལ་བཞེས་གནང་མིན་ལ་མ་ལྟོས་པར་༧རྡོ་གྲུབ་རིན་པོ་ཆེ་དང་། ༧རྫོགས་ཆེན་རིན་པོ་ཆེ་སོགས་ཀྱི་མདུན་དུ་བཅར་མཁན་ཡང་གཙོ་བོ་ཁོང་རྣམ་པ་ཡིན། དེས་ན་ཁོང་རྣམ་པ་ནི་ལམ་ལུགས་འདིའི་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཉག་གཅིག་ཡིན།
བཅུ། ༽  གལ་ཏེ་ཅིས་ཀྱང་བསྐོ་དགོས་པའི་དབང་དུ་བཏང་ཡང་། མ་མཐའ་ཡང་རྒྱ་བལ་འབྲུག་གསུམ་གྱི་མ་དགོན་དྲུག་སོགས་ཀྱི་གནད་ཡོད་སྐུ་ཚབ་ཀྱིས་གསོལ་འདེབས་ཞུས་པ་ཞིག་དང་། ས་གནས་ཀྱང་རྒྱ་བལ་འབྲུག་གསུམ་སོགས་སྔ་འགྱུར་གྱི་རྗེས་འཇུག་པ་མང་པོ་ཡོད་པའི་ས་གནས་ཤིག་ནས་ཁྲི་འདོན་དགོས་པ་ལས། མཆོག་སྤྲུལ་གྱི་གྲོགས་པོ་གླིང་ཚང་རྒྱལ་སྲས་ཀྱིས་འཚམས་འདྲིའི་ཡི་གེར་དངོས་སུ་བྲིས་པ་ལྟར། དཔལ་ཡུལ་དར་ཐང་ཆོས་ཚོགས་ནས་མཆོག་སྤྲུལ་རིན་པོ་ཆེ་སྔ་འགྱུར་རྙིང་མའི་དབུ་འཛིན་དུ་བསྐོས་པ་ཞེས་པ་ནི་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱིས་རྫ་ཚེ་རིང་བཀྲ་ཤིས་ནང་པ་སྤྱིའི་དབུ་ཁྲིད་དུ་བསྐོས་པ་ཞེས་པ་དང་གཅིག་པ་གཅིག་རྐྱང་ཡིན་པས་ཕྲུ་གུའི་རྩེད་མོ་འབའ་ཞིག་ལས་མ་འདས།

བཅུ་གཅིག །ད་དུང་ཁོང་ལ་ད་བར་རག་ཡོད་པའི་ཡི་གེ་དག་རག་པའི་བརྒྱུད་རིམ་རྒྱབ་ལྗོངས། འབྲེལ་ལམ་སོགས་མང་ཙམ་བཤད་དུ་ཡོད་མོད། རེ་ཞིག་དེ་ཙམ་གྱིས་ཆོག །

བཅུ་གཉིས། གཞན་གྲྭ་པ་ལོག་མིན། སྡུག་ཐུག་སྔགས་པ་ཡིན་མིན། ཁ་སོས་མིན། སྤྱི་ཆུས་ལ་ཁུར་ཐང་ཡོད་མིན་སོགས་ཀྱི་ཐད་ལ་སྐབས་དོན་དང་མ་འབྲེལ་བའི་བཀའ་བཀྱོན་མང་ཙམ་གནང་འདུག་པ་དག་ལ་ལན་མེད།

མཇུག་ཏུ། གོང་གི་གསལ་བཤད་འདི་དག་ཀྱང་ད་ཐེངས་ཀྱི་གླེང་གཞི་འདི་དང་འབྲེལ་བའི་བསམ་གཞིག་གི་རྒྱུ་ཆ་གལ་ཆེན་ཡིན་པས་ཚང་མས་དཔྱད་གཞིར་འཛིན་པར་ཞུ།

རྫ་ཚེ་རིང་བཀྲ་ཤིས་ཀྱིས་རི་སྔོན་པོའི་རང་གནས་ནས་སྤྱི་ལོ་༢༠༢༣ ཟླ་ ༡༡ ཚེས་ ༡༣ གྱི་ཕྱི་དྲོ། འཐེན་ཐུག་སྔུན་དུ་བསླེབས་པས་འཐུང་འདོད་ཀྱིས་འགྲམ་ཆུ་ལྡང་ཞོར་མགྱོགས་སྟབས་སུ་བྲིས་སོ། །

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 1

  1. བོད་མི་ཚེ་རིང་དངོས་གྲུབ་ says:
    ལོ་ 2 སྔོན།

    སྔ་མོ་བོད་རང་དབང་རང་བཙན་ཡིན་པའི་སྐབས་ལ་དམིགས་བསལ་ཆོས་རིགས་ཁག་གི་དབུ་ཁྲིད་ཀྱི་གོ་གནས་ཆེད་དུ་མེད་པ་འདྲ་ཡིན་པ་རེད། འོན་ཀྱང་ ༡༩༥༩ ནང་༧རྒྱལ་བ་རིན་པོ་ཆེ་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་དུས་བོད་མི་འབུམ་མིན་ཙམ་ཡང་རྒྱ་གར་དུ་བཙན་བྱོལ་ལ་ཡོང་བའི་ནང་ལ་ཆོས་རིགས་ཚང་མའི་བོད་རིགས་སེར་སྐྱ་མང་ཙམ་ཡོད་པར་སྟངས་འཛིན་དང་མི་ཉམས་གོང་འཕེལ་ཡོང་བའི་ཆེད་དུ་རྒྱལ་བ་རིན་པོ་ཆེས་དེ་སྐབས་ཀྱི་ཆོས་རིགས་སོ་སོའི་བླ་ཆེན་རྣམ་པ་ཚོ་དང་མཉམ་དུ་བཀའ་མོལ་གནང་སྟེ་ཆོས་རིགས་སོ་སོའི་དབུ་འཛིན་རེ་དགོས་དོན་གོང་དུ་ཞུས་པ་བཞིན་ཆོས་རིགས་ཚང་མ་མི་ཉམས་གོང་འཕེལ་ཡོང་བར་སྟངས་འཛིན་གནང་མཁན་རེ་དགོས་ངེས་དགོངས་བཞེད་གནང་བར་དེ་འདུས་ཚང་མས་ཞལ་བཞེས་གནང་བ་ལྟར་ཕྱག་བཞེས་གནང་ཡོད་རེད། ལས་ཀ་གང་དང་གང་ཡིན་ན་ཡང་དཀའ་རྙོགས་མེད་པ་མི་སྲིད་པ་རེད། ད་ལྟའི་ཆར་ང་ཚོ་བོད་རིགས་སྐྱབས་བྱོལ་བ་ཚོ་དམིགས་བསལ་ཉུང་ཤས་ལ་མ་གཏོགས་འཚོ་གོས་གཏམ་གསུམ་རང་འདོད་ཚང་བ་ཞིག་ཡོད་པ་མངོན་གསལ་རེད། དེ་འདྲ་བྱུང་བ་དེ་ཡང་སོ་སོ་རང་གིས་གྲུབ་པ་ཞིག་རེད་དམ། རྒྱུ་དང་རྐྱེན་གང་ལ་བརྟེན་ནས་བྱུང་བ་རེད་དམ། ༧རྒྱལ་བ་རིན་པོ་ཆེ་བོད་ཆོས་སྲིད་གཉིས་ཀའི་དོན་ལ་བཙན་བྱོལ་དུ་ཕེབས་ནས་ང་ཚོ་བོད་མི་མང་དག་ཁོང་གི་རྗེས་ལ་ཡོང་ནས་རྒྱ་གར་གྱིས་བཙན་བྱོལ་གནང་བ་ཚང་མས་མཁྱེན་དགོས་རེད། དེ་མིན་རྒྱ་གར་གཞུང་ནས་དེ་སྔོན་རྒྱ་གར་དུ་ཡོད་པའི་བོད་པ་ཚོ་བོད་ལ་ལོག་དགོས་རེད་ཅེས་བཀའ་བཏང་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོ་བཙན་བྱོལ་ལ་འགྲོ་ས་གང་ཡང་མེད་པ་རེད། ཡིན་ན་ཡང་༧རྒྱལ་བ་རིན་པོ་རྒྱ་གར་ས་ཐོག་ལ་ཞབས་ཕེབས་ཟིན་པ་དང་རྒྱ་གར་གཞུང་གི་བཀའ་དེ་སྣང་མེད་ཀྱིས་བོད་རིགས་མང་དག་རྒྱ་གར་དུ་བསྡད་ཐུབ་པ་བྱུང་བ་དང་། དེ་བཞིན་༧རྒྱལ་བ་རིན་པོ་ཆེས་བོད་མི་ཚོར་གཞིས་ཆགས་དང་། བོད་ཕྲུག་ཚོར་སློབ་གྲྭ་དང་། དགེ་འདུན་པ་ཚོར་དགོན་པ་གྲྭ་ཚང་སོགས་རྒྱ་གར་དུ་འཛུགས་སྐྲུན་གནང་བ་དང་། དེ་དག་གི་འཛིན་སྐྱོང་གི་ཕྱག་ལས་གནང་མཁན་གྱི་ལས་བྱེད་བསྐོ་བཞག་གནང་དགོས་སོགས་ཀྱི་ཆེད་བཙན་བྱོལ་བོད་གཞུང་གི་བཀའ་བློན་བཀའ་བཞག་དང་སྤྱི་འཐུས་ལྷན་ཁང་སོགས་བོད་ཀྱི་ཆོས་སྲིད་དང་། བོད་མི་ཚོའི་འཚོ་གོས་གང་གང་ཅིའི་ཐད་ལ་དགོངས་བཞེས་ལྷོད་མེད་གནང་ནས་ད་ལྟ་ང་ཚོ་བཙན་བྱོལ་བ་ཚོ་གང་ཙམ་སྲ་བརྟན་ཡོད་པ་དེ་དག་༧རྒྱ་བ་རིན་པོ་ཆེའི་བཀྲིན་ཁོ་ན་ལས་བྱུང་བ་རེད། དེ་བཞིན་༧རྒྱལ་བ་རིན་ཆེས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་ཀྱི་ཆོས་དགེ་ཁག་བཏང་གནང་ནས་ད་ཆ་ནང་ཆོས་དར་ཁྱབ་ཀྱིས་གཉིས་ཕན་གྱི་བྱ་བ་ཡང་དག་པ་ཡང་༧རྒྱལ་བ་རིན་པོ་ཆེ་དང་དེ་སྐབས་ཀྱི་ཆོས་ལུགས་ཀྱི་དབུ་འཛིན་རྣམ་པས་བཀའ་དགོངས་ཇི་བཞིན་ཕྱག་བཞེས་གནང་བ་ལ་བརྟེན་ནས་བྱུང་བ་དེ་ཡང་ང་ཚོས་ནམ་ཡང་བརྗེད་པ་གནང་རྒྱུ་མེད་པ་རེད། ད་ལྟའང་དེ་བཞིན་བཀའ་དགོངས་ཉམས་སུ་ལེན་ཐུབ་པ་གནང་ན་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན་ཞེས་རྨོངས་འཆར་ཡིན།། །།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese