མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་པོ་ལན་ཌིའི་སྲིད་བློན་གསར་པར་འཚམས་འདྲི་མཛད་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་པོ་ལན་ཌིའི་སྲིད་བློན་གསར་པ་ཌོ་ནཱལ་ཌི་ཊུ་སི་ཁི་ (Donald Tusk) ལགས་སུ་འཚམས་འདྲི་མཛད་དེ་མ་འོངས་པར་འཛམ་གླིང་དུ་དམག་འཁྲུག་དང་གོ་མཚོན་མེད་པའི་ཞི་བདེའི་གནས་ཤིག་ཏུ་བསྐྲུན་ཐུབ་པའི་བློ་སྤོབས་ཡོད་ཅེས་གསུངས་འདུག

His Holiness the Dalai Lama with Prime Minister of Poland Donald Tusk before the 13th World Summit of Nobel Peace Laureates in Warsaw, Poland on October 23, 2013. Photo by Rady Ministrow

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ཌོ་ནཱལ་ཌི་ཊུ་སི་ཁི་ (Donald Tusk) ལགས་ཀྱི་མཚན་ཐོག་ཏུ་གནང་བའི་འཚམས་འདྲིའི་ནང་དུ།  ལོ་ངོ་མང་པོའི་རིང་ཁྱེད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ནང་དུ་དམངས་གཙོའི་བྱ་བཞག་རླབས་ཆེན་བསྒྲུབས་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དུའང་དམངས་གཙོ་གོང་སྤེལ་བཏང་ཡོད། ངོས་རང་ཁྱེད་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ཏུ་ཐེངས་ཁ་ཤས་བསྐྱོད་དེ། སྐུ་ཉིད་གཙོས་ང་ཚོའི་བརྩེ་བའི་གྲོགས་པོ་ལེ་ཆ་ཝ་ལེ་སཱ་ (Lech Walesa) ལགས་དང་། དབུ་ཁྲིད་རྣམ་པར་མཇལ་འཕྲད་ཀྱི་སྐལ་བ་བཟང་པོ་བྱུང་ཞིང་། སྐབས་དེ་དུས་ངོས་ཀྱིས་སྙིང་རྗེ་དང་། གུ་ཡངས། བཟོད་པ། ཆོག་ཤེས། རང་འགན་རང་ཁུར། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་བཞིན་པའི་ཐོག་པོ་ལན་ཌི་རྒྱལ་ཁབ་ཀྱི་མི་མང་ཚང་མས་དགའ་མོས་དང་རྒྱབ་སྐྱོར་གནང་སོང་། ཁྱེད་ཚོས་བོད་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཛའ་བརྩེ་བསྟན་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་དུ། ད་ལྟའི་ཆར་འཛམ་གླིང་ཡོངས་གཉན་འཕྲང་ཅན་གྱི་དུས་ཚོད་དང་འཕྲད་བཞིན་ཡོད་པའི་སྐབས་འདིར། འགྲོ་བ་མི་ཐམས་ཅད་གཅིག་མཚུངས་ཡིན་པ་དང་། ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འདུ་ཤེས་ཆེ་རུ་འགྲོ་བཞིན་ཡོད་པས། ངོས་ཀྱིས་མ་འོངས་པར་འཛམ་གླིང་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་ཞུ་བཞིན་ཡོད། པོ་ལན་ཌི་རྒྱལ་ཁབ་ལ་འཛམ་གླིང་ཞི་བདེ་དང་བདེ་འཇགས་ཀྱི་ལས་དོན་གོང་སྤེལ་གཏོང་བའི་ནུས་པ་ཤུགས་ཆེན་ཡོད་ཅིང་། ཁྱེད་ཉིད་པོ་ལན་ཌིའི་སྲིད་བློན་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་གྱི་ཕྱག་ལས་གནང་བའི་ཉམས་མྱོང་ཡོད་པས། ངོས་རང་ཁྱེད་ཀྱིས་མ་འོངས་པར་འཛམ་གླིང་དུ་དམག་འཁྲུག་དང་གོ་མཚོན་མེད་པའི་ཞི་བདེའི་གནས་མཆོག་ཅིག་ཏུ་བསྐྲུན་ཐུབ་པའི་བློ་སྤོབས་ཡོད། དེ་བཞིན་ངོས་ཀྱིས་སྲིད་བློན་མཆོག་གིས་པོ་ལན་ཌི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་རེ་སྨོན་ཞུ། ཞེས་གསུངས་འདུག

ཌོ་ནཱལ་ཌི་ཧྥ་རན་སི་སི་ཛེ་ཁི་ཊུ་ས་ཁི་ (Donald Franciszek Tusk) ལགས་ནི་ཕྱི་ལོ་ ༡༩༥༧ ལོར་པོ་ལན་ཌི་བྱང་ཕྱོགས་ཀྱི་གྲོང་ཁྱེར་གྷ་ཌན་ས་ཁི་ (Gdańsk) ནང་དུ་སྐྱེས། ཕྱི་ལོ་ ༡༩༨༠ ལོར་གྷ་ཌན་ས་ཁི་གཙུག་ལག་སློབ་གླིང་ནས་ལོ་རྒྱུས་རིག་པའི་ཐོག་བསླབ་པ་མཐར་སོན། ཁོང་ནི་གུ་ཡངས་དམངས་གཙོ་སྲིད་དོན་ཚོགས་པ་ཐོག་མར་འཛུགས་མཁན་གྱི་གྲས་ཀྱི་མི་སྣ་ཞིག་ཀྱང་ཡིན་འདུག རྗེས་སུ་སྲིད་དོན་ཚོགས་པ་དེ་དམངས་གཙོ་མཐུན་ཚོགས་ (Democratic Union) དང་ཟླ་སྒྲིལ་བྱས་ཏེ་རང་དབང་མཐུན་ཚོགས་ (Freedom Union) ཏུ་བསྒྱུར་བ་མ་ཟད། ཁོང་གིས་སྲིད་དོན་ཚོགས་པ་དེའི་སྤྱི་ཁྱབ་ཚོགས་གཞོན་གྱི་གོ་གནས་འཁུར།

ཕྱི་ལོ་ ༡༩༩༧ ལོར་པོ་ལན་ཌིའི་གྲོས་ཚོགས་ཀྱི་འཐུས་མི་རུ་འདེམས་ཐོན་བྱུང་ཞིང་། ཕྱི་ལོ་ ༢༠༠༡ ལོར་པོ་ལན་ཌིའི་གྲོས་ཚོགས་ཀྱི་ཚོགས་གཞོན་དུ་འདེམས་ཐོན་བྱུང་འདུག ཕྱི་ལོ་ ༢༠༠༥ ལོར་པོ་ལན་ཌིའི་སྲིད་འཛིན་འོས་མིའི་ཁོངས་སུ་འགྲན་ཞུགས་གནང་སྟེ། སྲིད་འཛིན་འོས་མི་ (Kaczyński) མཉམ་དུ་འགྲན་སྡུར་ཐེངས་དང་པོའི་སྐབས་མི་མང་གི་འོས་གྲངས་བརྒྱ་ཆ་ ༣༦།༦ ཐོབ་ཡོད་འདུག ཕྱི་ལོ་ ༢༠༠༧ ནས་ ༢༠༡༤ བར་པོ་ལན་ཌིའི་སྲིད་བློན་གནང་། ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་དུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆེས་མཐོའི་འཛིན་སྐྱོང་གི་འགན་འཛིན་དང་། ཕྱི་ལོ་ ༢༠༡༩ ནས་ ༢༠༢༢ བར་ཡུ་རོབ་མི་མང་ཚོགས་པའི་འགན་འཛིན་བཅས་ཀྱི་གོ་གནས་འཁུར་མྱོང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

༢༠༢༥/༡༠/༡༣
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese