མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པོ་པདྨ་ཚེ་བརྟན་ལགས་ལ་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་གསེར་གྱི་རྟགས་མ་ཐོབ།

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པའི་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསའ་ལ་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་འདུག

ཧེ་ནན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པའི་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་བྱ་དགའ་ཐོབ། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༢ ཉིན་བར་རྒྱ་ནག་གི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་བསྡུ་པའི་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ལ་གློག་བརྙན་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་གསེར་་གྱི་བྱ་དགའ་ཐོབ་ཡོད་ཅིང་།  ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ ༡༠༩ ནས་གློག་བརྙན་བརྩམས་ཆོས་མི་འདྲ་བ་ ༤༠༡༨ ཙམ་བདམས་ཡོད་པའི་ནང་ནས་བརྩམས་ཆོས་རྩེ་ཕུད་ ༡༠ ལ་བྱ་དགའ་ཐོབ་ཡོད་འདུག བྱ་དགའ་གནང་བའི་མཛད་སྒོའི་ཐོག གློག་བརྙན་འདིའི་ལག་བསྟར་འཁྲད་ཁྲིད་པ་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་བུ་འཇིགས་མེད་འཕྲིན་ལས་ལགས་དང་། གློག་བརྙན་བཟོ་སྐྲུན་པ་ཚེ་མདོ། གློག་བརྙན་ནང་གི་འཁྲབ་སྟོན་པ་གཙོ་བོ་སྦྱིན་པ་དང་། ཞོང་ཙི་ཆིས།  ཚེ་བརྟན་བཀྲ་ཤིས།  འཁྲབ་སྟོན་པ་དགེ་འདུན་ཕུན་ཚོགས་དང་། ཀུན་བདེ། དབང་སྒྲོན་མཚོ་སོགས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ཀྱིས། ཡིད་སྐྱོ་བ་ཞིག་ལ་ངའི་པ་ལགས་དེ་རིང་གི་མཛད་སྒོའི་ཐོག་མཚན་སྙན་འདི་བཞེས་པར་ཕེབས་ཐུབ་མེད། ཡིན་ནའང་། གློག་བརྙན་གསའ་ཡི་ཕབ་སྐྲུན་ཚོགས་ཆུང་དང་། འཁྲབ་སྟོན་པ་ཚང་མ་འདིར་མཉམ་ཞུགས་བྱེད་བཞིན་ཡོད།  ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་གིས་གློག་བརྙན་གསའ་ལ་འདི་ལྟ་བུའི་མཚན་སྙན་ཞིག་གནང་བར་བཀའ་དྲིན་ཆེ་ཞུ། པ་ལགས་ཀྱི་གློག་བརྙན་བརྩམས་ཆོས་ལས། ང་ཚོ་མི་རེ་རེས་རང་ཉིད་ཀྱི་གཏམ་རྒྱུད་གློག་བརྙན་དུ་ཕབ་སྐྲུན་བྱེད་པའི་སྙིང་སྟོབས་ཤིག་སྦྱིན་པར་ཕྱིར་དྲན་བྱ་ཐུབ། ཅེས་བརྗོད་སོང་།

གློག་བརྙན་བཟོ་སྐྲུན་པ་ཝང་ལི་ཡིས། གསའ་ནི་ཆེས་སྤྱིར་བཏང་གི་གློག་བརྙན་ཞིག་གཏན་ནས་མ་རེད། ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནས་གཟིགས་འབུལ་མགོ་བརྩམས་ཏེ། མ་འོངས་པར་གང་མགྱོགས་རྒྱ་ནག་རྒྱལ་ཡོངས་ཀྱི་ལྟད་མོ་བ་རྣམས་ལ་གཟུགས་འབུལ་ཞུ་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་སོང་།

འཁྲབ་སྟོན་པ་གཙོ་བོ་སྦྱིན་པ་ལགས་ཀྱི་མིག་ལ་མཆི་མ་འཁོར་བཞིན་དུ། ང་ནི་སྐད་ཆ་ཡག་པོ་བཤད་མི་ཤེས་པའི་མི་ཞིག་ཡིན། ང་ཚོའི་གློག་བརྙན་ལ་འདི་ལྟ་བུའི་བྱ་དགའ་ཐོབ་པར་ཐུགས་རྗེ་ཆེ་ཞུ་ཞེས་བརྗོད་སོང་།

གཙོ་འཁྲབ་པ་ཚེ་བརྟན་བཀྲ་ཤིས་ལགས་ཀྱིས་ངུ་སྐད་དང་བཅས། ང་ནི་ལུང་པ་ཆུང་ཆུང་ཞིག་ནས་ཡོང་བའི་མི་ཞིག་ཡིན། རང་ཉིད་ཀྱི་ཕུགས་བསམ་བོར་བའི་མི་ཞིག་ཀྱང་ཡིན། ཡིན་ཡང་དགེ་རྒན་པདྨ་ཚེ་བརྟན་ལགས་ཀྱིས་ང་ལ་ལམ་ཁ་འདི་གནང་བྱུང་། ཐུགས་རྗེ་ཆེ། ཞེས་བརྗོད་སོང་།

འཁྲབ་སྟོན་པ་དབང་སྒྲོན་མཚོ་ལགས་ཀྱིས། ཞིང་གཤེགས་དགེ་རྒན་དམ་པ་ལགས་ཀྱིས་གློག་བརྙན་གྱི་འཇིག་རྟེན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་ཞེས་བརྗོད་སོང་།

བྱ་དགའ་གནང་བའི་མཛད་སྒོའི་སྐབས་སུ་འཁྲབ་ཁྲིད་པ་འདས་པོ་པདྨ་ཚེ་བརྟན་ལགས་ཀྱིས། གཏམ་རྒྱུད་ཕྱེད་ཙམ་ལས་བཤད་མ་ཚར་ཡང་།  བཤད་ཟིན་པའི་གཏམ་རྒྱུད་ཀྱི་ཁྲག་རྒྱུན་ནི་སྔར་བཞིན་མུ་ནས་མུ་རུ་འཕྱུར་བའི་ཡིད་ཆེས་ཡོད། ཅེས་པའི་གཏམ་བཤད་བཏང་སྟེ་འཁྲབ་ཁྲིད་པ་ཁོང་ལ་གདུང་བའི་མྱ་ངན་ཞུས་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་བུ་འཇིགས་མེད་འཕྲིན་ལས་ལགས་ཀྱིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་གཏམ་བཤད་གནང་། དྲ་ལམ་གྱི་པར།

བོད་ཀྱི་གློག་བརྙན་གསའ་ནི་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྒྱད་པ་དེ་ཆགས་འདུག་ལ། ཁོང་གིས་སྒྲུང་གཏམ་དེ་ཕྱི་ལོ་ ༢༠༢༠ ལོའི་རིམས་ནད་ཀྱི་སྐབས་སུ་འབྲི་མགོ་བཙུགས་ཤིང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ ནས་བཟུང་ཕབ་སྐྲུན་བྱེད་མགོ་ཚུགས་པ་ཞིག་ཡིན་འདུག་ལ། གློག་བརྙན་འདིའི་ནང་དུ་མི་དང་སྲོག་ཆགས་གཉིས་ཇི་ལྟར་མཉམ་དུ་འཚོ་སྡོད་བྱེད་པའི་སྐོར་གྱི་གཏམ་རྒྱུད་བཤད་ཡོད་པ་དང་། གློག་བརྙན་གྱི་ཕབ་སྐྲུན་བྱ་ཡུལ་ནི་མགོ་ལོག་རྨ་སྟོད་ཀྱི་སྟོང་རི་མཚོ་རྒན་ཉེ་འདབས་ཀྱི་རི་དྭགས་གསའ་རྒྱུན་དུ་འཚོ་སྡོད་བྱ་སའི་ཡུལ་དངོས་སུ་ཕབ་སྐྲུན་བྱས་པ་ཞིག་ཡིན་འདུག

གློག་བརྙན་འདིའི་ནང་དུ་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་ལགས་དང་ཚེ་བརྟན་བཀྲ་ཤིས། ཞོང་ཙི་ཆིས་བཅས་ཀྱིས་གཙོ་འཁྲབ་གནང་ཡོད་པ་དང་།  གཞན་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་བློ་བཟང་ཆོས་འཕེལ་དང་། དབང་ཕྱུག་མཚོ། དགེ་འདུན་ཕུན་ཚོགས། ཀུན་བདེ། འཇིགས་བྷ། དཀའ་ཐུབ་ཚེ་རིང་། བདེ་ཆེན་གཡང་འཛོམས། འཇུ་ཁྱུང་ཆེན། ཏང་ཧའོ་ཡོས་སོགས་ཀྱིས་འཁྲབ་སྟོན་ནང་དུ་མཉམ་ཞུགས་གནང་ཡོད་འདུག འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཕྱི་ལོ་ ༢༠༢༣ ལོའི་ཊོག་ཡོའི་གློག་བརྙན་དུས་སྟོན་ཐེངས་༣༦ པའི་(The 36th Tokyo International Film Festival) སྟེང་གློག་བརྙན་འདི་ལ་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཨེ་ཊ་ལི་རྒྱལ་ཁབ་ཀྱི་ལི་ཌོ་(Lido)གླིང་ཕྲན་དུ། རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་མཐུན་ཚོགས་(International Federation of Film Producers Association)ཀྱིས་གོ་སྒྲིག་བྱས་པའི་སྐབས་ ༨༠ པའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་( 80th  Venice International Film Festival ) སྟེང་གཟིགས་འབུལ་ཞུས་ཡོད་འདུག

འདས་པོ་སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་མདོ་སྨད་ཁྲི་ཀ་ནས་སྐྱེས་ཤིང་། གློག་བརྙན་འཁྲབ་ཁྲིད་པ་དང་། རྩོམ་པ་པོ། ལོ་ཙཱ་བ་བཅས་ཡིན་ལ། ཕྱི་ལོ་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་།   ད་བར་ཁོང་གིས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན་དང་གཡང་མདའ། ཐར་ལོ་སོགས་གློག་བརྙན་རིགས་ ༡༤ ལྷག་འཁྲབ་འཁྲིད་གནང་སྟེ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཀྱང་ཐོབ་སྟེ། བོད་པ་རང་གིས་བཟོས་པའི་གློག་བརྙན་གྱིས་རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་གློག་བརྙན་ཁྲོམ་རའི་ནང་གོམ་པ་དང་པོ་སྤོས་ཡོད་པ་རེད། དེ་བཞིན་ཁོང་གི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར།  དབུགས་ལྒང་བཅས་ལ་རྒྱལ་སྤྱིའི་ཝཱ་ནེ་སི་(Venice) དང་། ཨ་རིའི་བྷིར་ཀི་ལིན་(Brooklyn)། ཐའེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པའི་ཚབ་མཚོན་མི་སྣ་ལྟ་བུར་གྱུར་ཡོད་ལ། ཁོང་གི་གློག་བརྙན་གྲགས་ཅན་ཐར་ལོ་ལ་རྒྱ་ནག་དང་རྒྱལ་སྤྱིའི་གཟེངས་རྟགས་མི་འདྲ་བ་ ༡༢ ཐོབ་ཡོད་འདུག ཡིད་སྐྱོ་བ་ཞིག་ལ་པདྨ་ཚེ་བརྟན་ལགས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་གྱི་དགོང་མོར་བོད་ཀྱི་རྒྱལ་ས་ལྷ་སར་གློ་བུར་དུ་སྐུ་གྲོངས་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མགོ་ལོག་གི་རྒྱལ་ལོ་དོན་འགྲུབ།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

༢༠༢༥/༡༠/༣༠
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

༢༠༢༥/༡༠/༣༠
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese