མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་དཔལ་སྒྲོན་ལགས་གོ་ལའི་མཛངས་མའི་འགྲན་བསྡུར་ནང་ཞུགས་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་བོད་པའི་ཚབ་མཚོན་གྱི་ཐོག་ནས་གོ་ལའི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་བཞིན་པ་དང་བསྟུན། བོད་མི་ཚོས་དྲ་ལམ་ནས་འོས་ཤོག་འཕངས་ཏེ་ཁོང་མོར་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་ཞུ་ཡི་འདུག

གོ་ལའི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་བཞིན་པའི་བོད་པའི་བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས། པར་གོ་ལའི་མཛངས་མའི་འགྲན་བསྡུར་གོ་སྒྲིག་ཚོགས་པའི་དྲ་རྒྱ་ནས་བླངས། ༣༠།༡༢།༢༠༢༣

གོ་ལའི་མཛངས་མའི་འགྲན་བསྡུར་གྱི་ངོ་དེབ་སྟེང་བསྟན་འཛིན་དཔལ་ལྡན་ལགས་ངོ་སྤྲོད་ཞུས་པའི་བརྙན་ཐུང་ཞིག་སྤེལ་བའི་ནང་དུ། བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས། བཀྲ་ཤིས་བདེ་ལེགས། ངས་འཛམ་གླིང་གི་ཡང་རྩེ་སྟེ། མཛེས་སྡུག་ལྡན་པའི་བོད་ཀྱི་རིག་གཞུང་གི་ཚབ་མཚོན་བྱས་ཏེ་མཉམ་ཞུགས་བྱེད་བཞིན་ཡོད། ངའི་མིང་ལ་བསྟན་འཛིན་དཔལ་སྒྲོན་ཟེར། ང་ཕྱི་ལོ་ ༢༠༢༣ ལོའི་གོ་ལའི་མཛངས་མའི་འགྲན་ཞུགས་པ་ཡིན། ངས་མཛངས་མའི་འགྲན་བསྡུར་གྱི་གར་སྟེགས་འདི་བརྒྱུད་ནས་ཁྱེད་ལ་བོད་བསྟན་ངེས་ཡིན། བོད་ནི་ས་ཆ་ཞིག་ཁོ་ན་ཙམ་མིན་པར་མི་ཚེའི་བརྒྱུད་རིམ་ཞིག་དང་། ཡིད་དབང་འཕྲོག་པའི་མཛེས་སྡུག་གི་ཞིང་ཁམས་ཤིག རིག་གཞུང་ཧ་ཅང་ཕྱུག་ཅིང་གཏིང་ཟབ་ཡོད་པ་ཞིག་ཡིན་ལ། བོད་མི་རྣམས་ལ་དཔའ་མཛངས་རྟུལ་ཕོད་ལྡན། ང་ཚོས་རང་གི་རིག་གཞུང་མཚོན་པའི་དུས་སྟོན་མང་པོ་སྲུང་གཙི་ཞུ་ཡི་ཡོད། ལོ་སར་སྐབས་ང་ཚོས་བྲོ་འཁྲབ་པ་དང་གླུ་དབྱངས་ལེན་པ་སོགས་བྱས་ཏེ་བཀྲ་ཤིས་ལེགས་ལམ་ཡོང་བའི་སྨོན་ཞུ་ཡི་ཡོད། བོད་ཀྱི་མཛངས་མ་ནི་རིག་གཞུང་ཞིག་གི་ཚབ་མཚོན་གཅིག་པོ་མ་ཡིན་པར་ཕྱིར་རང་གི་སྤྱི་ཚོགས་ལ་ནུས་པ་ལྡན་པའི་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན། ངས་བོད་ཀྱི་བུད་མེད་ཀྱི་མཛེས་སྡུག་དང་སྙིང་སྟོབས། རྣམ་དཔྱོད་སོགས་ཀྱི་ཚབ་མཚོན་བྱ་རྒྱུ་བྱུང་བར་དགའ་སྤོབས་བྱུང་། ངས་འགྲུལ་བཞུད་འདི་བརྒྱུད་ནས་མི་ཚང་མས་རང་རང་གི་རིགས་རྒྱུད་ལ་དུང་ཞེན་དང་ཕུགས་བསམ་མངོན་འགྱུར་ཡོང་བར་སྐུལ་མ་གཏོང་གི་ཡིན། ཞེས་བརྗོད་འདུག

གོ་ལའི་མཛངས་མའི་འགྲན་བསྡུར་གྱི་དྲ་ངོས་ལྟར་ན། ད་ལྟ་ཕྱི་ལོ་ ༢༠༢༣ ལོའི་གོ་ལའི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་མཁན་འཛམ་གླིང་རྒྱལ་ཁབ་ ༧༥ ཡི་བུ་མོ་ཡོད་ཅིང་། ཕྱི་ཟླ་ ༡༢ ཚེས་ ༢༡ ནས་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡ ཚེས་ ༡༧ བར་(missglobal.com)ཞེས་པའི་དྲ་ལམ་ནས་འོས་ཤོག་འཕེན་མགོ་བཙུགས་འདུག་ལ། བོད་ཀྱི་བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་ཐེངས་འདིའི་འགྲན་བསྡུར་ནང་བོད་པའི་ཚབ་མཚོན་བྱས་ནས་མཉམ་ཞུགས་བྱེད་བཞིན་འདུག

དེ་བཞིན། ད་ལྟ་གོ་ལའི་མཛངས་མའི་འགྲན་བསྡུར་གྱི་དྲ་ལམ་འོས་ཤོག་འཕེན་མགོ་བརྩམས་ཡོད་སྟབས། ནེའུ་ཡོག་ནེའུ་ཇེར་སི་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་མི་མང་པོས་དྲ་ལམ་ཁག་ཏུ་བསྟན་འཛིན་དཔལ་སྒྲོན་ལགས་སུ་རྒྱབ་སྐྱོར་མཚོན་སླད་འོས་ཤོག་འཕེན་དགོས་པའི་འབོད་སྐུལ་ལས་འགུལ་ཞིག་ཀྱང་སྤེལ་བཞིན་འདུག

ཕྱི་ལོ་ ༢༠༡༧ ལོར་བློ་བཟང་དབང་རྒྱལ་ལགས་ཀྱིས་གོ་སྒྲིག་ཞུས་པའི་བོད་ཀྱི་མཛངས་མའི་འགྲན་བསྡུར་སྐབས་བཅོ་ལྔ་བའི་ནང་བོད་པའི་བུ་མོ་ཁྱོན་ ༩ མཉམ་ཞུགས་བྱས་ཏེ། བསྟན་འཛིན་དཔལ་སྒྲོན་ལགས་སུ་ཨང་དང་པོ་ཐོབ་ཡོད། ད་ལྟ་བསྟན་འཛིན་དཔལ་སྒྲོན་ལགས་ནི་རང་ལོ་ ༢༧ ཡིན་ཞིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གནས་སྡོད་བཞིན་ཡོད་ཅིང་། ཁོང་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese