མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་དུ་ཚད་རིམ་ ༧།༦ ཅན་གྱི་ས་ཡོམ་བྱུང་།

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་དུ་ཚད་རིམ་ ༧།༦ ཅན་གྱི་ས་ཡོམ་བྱུང་རྐྱེན་མཚོ་ཁར་ཡོད་པའི་ས་གནས་ཁག་ཏུ་མཚོ་རླབས་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

An area affected by the earthquake in Suzu, Ishikawa prefecture, Japan, on January 2. Kyodo News/AP

ཁ་སང་ཉི་ཧོང་གི་ཕྱི་དྲོའི་ཆུ་ཚོད་ ༤ དང་སྐར་མ་བཅུ་ཡས་མས་སུ། ཡུལ་དེའི་ནུབ་ཁུལ་གྱི་མཚོ་ཁ་རུ་ཡོད་པའི་ཧོན་ཤུ་ (Honshu) གླིང་ཕྲན་གྱི་ས་གནས་ཨི་ཤི་ཀ་ཝ་ (Ishikawa) ས་ཁུལ་དུ། ཚད་རིམ་ ༧།༦ ཅན་གྱི་ས་ཡོམ་བྱུང་སྟེ། དེ་རིང་བར་མི་གྲངས་ ༤༨ རྐྱེན་འདས་དང་། ཁང་པ་དང་གཞུང་ལམ་སོགས་གཏོར་བཤིག་ཚབས་ཆེན་བྱུང་བ་སོགས་ཀྱིས་མི་རྒྱུ་གཉིས་ཀར་གནོད་འཚེ་ཕོག་ཡོད་པ་མ་ཟད། མཚོ་འོག་ཏུ་ས་ཡོམ་བྱུང་ཉེན་ཡོད་སྐོར་སོགས་བརྗོད་དེ་མཚོ་འགྲམ་གྱི་ཡུལ་མི་རྣམས་ཉེན་གཡོལ་ས་ཁུལ་དུ་སྡོད་དགོས་པའི་གསལ་བསྒྲགས་སོགས་སྤེལ་ཡོད་འདུག

དེ་འབྲེལ་ཉི་ཧོང་གི་གནམ་གཤིས་རིག་པས། ཉི་ཧོང་གི་ནུབ་ཕྱོགས་ཁུལ་དུ་ས་ཡོམ་བྱུང་བའི་རྐྱེན་གྱིས། ཡུལ་དེའི་ནུབ་ཁུལ་གྱི་མཚོ་ཁ་རུ་ཡོད་པའི་ཧོན་ཤུ་ (Honshu) གླིང་ཕྲན་གྱི་རྒྱལ་ས་ཊོ་ཡ་མ་ (Toyama) དང་། ནི་གྷ་ཏཱ་ (Niigata) གྲོང་ཁྱེར། དེ་བཞིན་ཧི་ཀའེ་ཌོ་ (Hokkaido) གླིང་ཕྲན་བཅས་ལ་མཚོ་རླབས་ (Tsunami) འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། ཨུ་རུ་སུ་དང་བྱང་ཀོ་རི་ཡའི་རྒྱལ་ཁབ་ཀྱི་ས་ཁུལ་ཁག་ཅིག་ཏུའང་མཚོ་རླབས་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

ཉི་ཧོང་གི་སྲིད་བློན་ཧྥུ་མི་ཧི་ཀི་ཤི་ཌ་ (Fumio Kishida) ལགས་ཀྱིས། ཉི་ཧོང་དུ་ས་ཡོམ་གྱི་དོན་རྐྱེན་ཚབས་ཆེན་བྱུང་བའི་རྐྱེན་གྱིས། དོན་རྐྱེན་འབྱུང་ཡུལ་གྱི་ས་གནས་ཁག་ཏུ་ཡོད་པའི་ཡུལ་མི་གང་མང་ཉེན་སྐྱོབ་སླད། མྱུར་སྐྱོབ་ཚན་པས་རྨས་སྐྱོན་ཕོག་པའི་ཡུལ་མི་རྣམས་གང་མགྱོགས་འཚོལ་ཞིབ་དང་མྱུར་སྐྱོབ་བྱ་དགོས་སྐོར་སོགས་བརྗོད་འདུག་ལ། ཐེངས་འདིའི་དོན་རྐྱེན་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་བྱུང་བར་བརྟེན། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་ (Joe Biden) མཆོག་གིས་ཉི་ཧོང་ལ་རོགས་སྐྱོར་གནངས་དང་གནང་མུས་ཡིན་པ་མ་ཟད། ཁོང་གི་སྲིད་གཞུང་གིས་ཉི་ཧོང་གི་དཔོན་རིགས་དང་འབྲེལ་བ་མུ་མཐུད་བྱེད་བཞིན་འདུག་ལ། ཨ་རིའི་གཞུང་གིས་ཉི་ཧོང་ལ་དགོས་ངེས་མཐུན་འགྱུར་སྦྱོར་བར་གྲ་སྒྲིག་ཡོད་སྐོར་སོགས་བརྗོད་འདུག

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལན་གྱི་ས་ཡོམ་གོད་ཆག་ཁྲོད་ཁང་པ་དང་གཞུང་ལམ་མང་པོ་གཏོར་སྐྱོན་ཕྱིན་པ་མ་ཟད། ས་ཡོམ་རྐྱེན་གྱིས་ཁུལ་དེའི་གློག་འཕྲོ་བརླག་ཕྱིན་ཏེ་མྱུར་བགྲོད་མེ་འཁོར་གཉིས་གློ་བུར་དུ་བཀག་སྡོམ་བྱས་རྐྱེན། མེ་འཁོར་དེ་དག་གི་ནང་འགྲུལ་བཞུད་བྱེད་མཁན་མི་གྲངས་ ༡༤༠༠ ཡས་མས་ཙམ་ཆུ་ཚོད་ ༡༡ ལྷག་རིང་འགྲོ་ལམ་འགག་པའི་རྐྱེན་གྱིས་འགྲུལ་བཞུད་བྱས་བྱས་མི་ཐུབ་པའི་དཀའ་ངལ་འཕྲད་འདུག་ལ། ཁྱིམ་ཚང་སྟོང་ཕྲག་ ༤༥ ལྷག་གི་གློག་མེད་པར་ཆགས་འདུག་ལ། ཁ་སང་ཕྱི་ཚེས་ ༡ ཉིན་རྒྱལ་ཁབ་དེའི་བདེ་སྲུང་ལས་ཁུངས་ཀྱིས་མྱུར་སྐྱོབ་སླད་དམག་མི་ ༡༠༠༠ ལྷག་འགྲེམས་འཇོག་བྱས་ཡོད་འདུག

ཉི་ཧོང་རྒྱལ་ཁབ་ཀྱི་ནུབ་ཁུལ་གྱི་མཚོ་བརྒྱུད་ཁུལ་དུ་ཚད་རིམ་ ༧།༦ ཅན་གྱི་ས་ཡོམ་བྱུང་སྟེ། མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཕོག་པ་དང་། ཕྱི་ལོའི་གསར་ཚེས་ ༡ ཉིན་ནས་དེ་རིང་ཕྱི་ཚེས་ ༢ བར་ཉིན་གྲངས་གཉིས་རིང་ཚད་རིམ་ ༧།༦ དང་ཚད་རིམ་ ༦ ལས་ཆེ་བའི་ས་ཡོམ་ ༦ སོགས་ཚུད་པའི་ཁྱོན་ས་ཡོམ་ ༡༥༥ བྱུང་ཡོད་པའི་རྐྱེན་གྱིས་མཚོ་ཁར་མཚོ་རླབས་འབྱུང་ཉེན་ཡོད་སྐོར་བརྗོད་འདུག་ཀྱང་། ད་ལྟའི་ཆར་མཚོ་རླབས་ཀྱི་གོད་ཆག་བྱུང་མི་འདུག འོན་ཀྱང་མཚོ་ཁར་ཡོད་པའི་ཡུལ་མི་རྣམས་རང་ཁྱིམ་དུ་ལོག་མི་དགོས་པའི་གསལ་བསྒྲགས་སྤེལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese