མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་བཙོང་མཚམས་བཞག་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་གིས་བོད་ནང་དུ་རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་བཙོང་མཚམས་བཞག་པའི་ཐག་གཅོད་བྱས་པར་བརྟེན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱིས་དགའ་བསུ་ཞུས་འདུག

People visit Thermo Fisher booth during the 5th China International Import Expo on November 5, 2022 in Shanghai, China. Photo: VCG/VCG via Getty Images.

ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༢ ཚེས་ ༣༡ ཉིན་ཨ་རིའི་མངའ་སྡེ་མཱ་སེ་ཆུ་སེ་ཊི་ (Massachusetts) ཡི་གྲོང་ཁྱེར་བྷོ་སི་ཊོན་ (Boston) ནང་རྟེན་གཞི་བྱས་པའི་འཕྲུལ་རིག་ (Thermo Fisher Scientific) ཚན་རྩལ་བཟོ་ཚོང་ཁང་གིས། བོད་ནང་དུ་རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་བཙོང་མཚམས་བཞག་པའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་ནེའུ་ཡོག་ཏུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་དོན་འབྲེལ་མཐུད་ལས་འགུལ་ཚོགས་པ་སོགས་ཀྱིས། བོད་ནང་གི་བོད་མིའི་རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་བཙོང་མཚམས་བཞག་པར་དགའ་བསུ་ཞུས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རང་དབང་དང་བོད་དོན་འབྲེལ་མཐུད་ལས་འགུལ་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ་ (Swiss Tibetan Friendship Association) སོགས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས། ད་ལན་ཨ་རིའི་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་གི་ཐག་གཅོད་དེ་ལ་དགའ་བསུ་དང་སྦྲགས། རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་བཙོང་མཚམས་བཞག་པའི་གནས་ཚུལ་དེ་ནི་བོད་དང་བོད་མི་ལས་འགུལ་བ་རྣམས་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག

དེ་འབྲེལ་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཕཱེན་ཡོའུ་ (Liu Pengyu) ཡིས། ཤར་ཏུར་ཀི་སི་ཐན་དང་བོད་སོགས་གྲངས་ཉུང་མི་རིགས་ཀྱི་རིགས་རྫས་བསྡུ་རུབ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་དེ་ནི་ཁུངས་མེད་ལུང་མེད་ཡིན་པ་མ་ཟད། རྒྱ་ནག་ལ་ཁྲིམས་མཐུན་གྱིས་རང་གི་མི་སེར་སྲུང་སྐྱོབ་བྱེད་པའི་དབང་ཚད་ཡོད་སྟབས། འབྲེལ་ཡོད་ཨ་རིའི་འཕྲུལ་རིག་བཟོ་ཚོང་ཁང་གིས་མཉམ་འབྲེལ་གྱི་ཚོང་ལས་ཆབ་སྲིད་ལ་བསྒྱུར་བ་དང་། ཁུངས་ལུང་མེད་པའི་སྐྱོན་འཛུགས་དེ་དག་ལ་བརྟེན་ནས་མཉམ་ལས་ཚོང་འབྲེལ་མཚམས་འཇོག་བྱས་པར་མཐའ་གཅིག་ཏུ་འགག་པ་ཡོད་སྐོར་སོགས་ཀྱིས་ལན་འདེབས་བྱས་འདུག

ཕྱི་ལོ་ ༢༠༢༢ ལོར་ཨ་རིར་རྟེན་གཞི་བྱས་པའི་འཕྲུལ་རིག་བཟོ་ཚོང་ཁང་གིས་བོད་ནང་དུ་རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་བཙོང་སྟེ། རྒྱ་གཞུང་གིས་བཙན་དབང་གི་ཐོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་དང་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༢༢ ལོ་དེ་ནས་བཟུང་བོད་དོན་རྒྱབ་སྐྱོར་བ་དང་ལས་འགུལ་བ། དེ་བཞིན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་འདྲ་མིན་གྱིས།  ཨ་རིར་རྟེན་གཞི་བྱས་པའི་ (Thermo Fisher) འཕྲུལ་རིག་བཟོ་ཚོང་ཁང་ནས་རྒྱ་ནག་ལ་རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་འཚོང་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་མང་པོ་སྤེལ་བའི་ཁྲོད། རྒྱ་ནག་གཞུང་གིས་བྱིས་པ་ཚུད་པའི་མི་སྒེར་གྱི་ཁེ་ཕན་འཕྲོག་པ་དང་། བོད་མི་དང་ཤར་ཏུར་ཀི་སི་ཐན་གཙོས་གྲངས་ཉུང་མི་རིགས་རྣམས་ལ་བྱ་ར་དང་ཉུལ་ཞིབ་སོགས་བྱས་དང་བྱེད་བཞིན་པ་དང་། གྲངས་ཉུང་མི་རིགས་ཁག་གི་རིགས་རྫས་བརྟག་དཔྱད་བྱས་པར་བློ་ཕམ་ཆེན་པོ་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་བོད་མི་དང་ཡུ་གུར་མི་མང་གི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ་དེ་མཚམས་འཇོག་དགོས་པ་སོགས་ཀྱི་རེ་འབོད་ཐེངས་མང་ཞུས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆ་སྣ་མང་སྟེང་དེ་འབྲེལ་ལས་འགུལ་མང་པོ་སྤེལ་བ་སོགས་ལ་བརྟེན་ནས། ཉེ་ལམ་ཨ་རིའི་འཕྲུལ་རིག་བཟོ་ཚོང་ཁང་དེས་བོད་ནང་དུ་རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་བཙོང་མཚམས་བཞག་པའི་ཐག་གཅོད་དེ་བྱུང་ཡོད་འདུག

People visit Thermo Fisher booth during the 5th China International Import Expo on November 5, 2022 in Shanghai, China. Photo: VCG/VCG via Getty Images.

ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ (The Wall Street Journal) ཚགས་ཤོག་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ནང་གི་འགྲོ་བ་མིའི་རིགས་རྫས་བསྡུ་རུབ་དང་མཁོ་སྒྲུབ་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་རྒྱ་ནག་ཡིན་པ་མ་ཟད། རྒྱ་ནག་གིས་མི་མང་ཐེར་འབུམ་ ༡།༤ ཙམ་གྱི་རིགས་རྫས་བསྡུ་རུབ་བྱས་ཏེ་འཕྲུལ་རིགས་བརྒྱུད་མི་མང་ལ་སོ་ཉུལ་བྱེད་བཞིན་ཡོད་སྐོར་དང་། ཨ་རིའི་འཕྲུལ་རིག་བཟོ་ཚོང་ཁང་གིས་རྒྱ་ནག་གི་རྒྱལ་ཁབ་ཉེན་རྟོག་པའི་ཚོད་ལྟ་ཁང་ (Police lab) ལ་རིགས་རྫས་བརྟག་དཔྱད་གཏོང་བྱེད་ཀྱི་ཡོ་ཆས་མཁོ་སྒྲུབ་བྱས་ཡོད་སྐོར་སོགས་གསལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese