མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཚོགས་ཆེན་འཚོགས་ཀྱང་བོད་མིའི་འཚོ་བ་ལ་ཕན་ཐོགས་མི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་དུ་ཚོགས་ཆེན་འཚོགས་ནས་དམར་ཤོག་གི་ལྟ་བ་དྲིལ་བསྒྲགས་བྱས་པ་ཙམ་ལས་བོད་མི་རྣམས་ཀྱི་འཚོ་བ་དངོས་ལ་ཕན་ཐོགས་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༤།༡།༡༠   པར་དྲ་ལམ་ནས་བླངས།

དེ་རིང་ཕྱི་ཟླ་ ༡ ཚེས་ ༡༡ ནས་ ༡༤ བར་ཉིན་གྲངས་བཞི་རིང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ཟེར་བ་དེ་གཙོས་གྲོང་ཁྱེར་དུ་འཚོག་གི་ཡོད་ཅིང་། ཚོགས་ཆེན་སྒོ་འབྱེད་མཛད་སྒོའི་སྟེང་ཕྱི་ལོ ༢༠༢༤ ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་རྒྱ་ནག་དམར་ཤོག་གཞུང་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བ་དང་། བོད་སྐྱོང་ཇུས་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ་ཟེར་བ། ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོ་འཛུགས་ཐབས་ཟེར་བ།  དེ་བཞིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཟེར་བར་སྔར་ལས་ལྷག་པའི་ཤུགས་སྣོན་བརྒྱག་དགོས་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་འདུག

དེའི་སྐོར་ལ་བོད་ནང་གི་ཤེས་ཡོན་པ་ཞིག་གིས་འདི་གའི་གསར་འགོད་པར། བོད་ནང་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ཚོགས་ཆེན་དེ་དག་ལ་ཉན་འཇོག་བྱེད་ཀྱི་མེད། དེ་ནི་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་དྲིལ་བསྒྲགས་དང་འཁྲབ་སྟོན་ཞིག་ཡིན་པ་ལས། མི་མང་གི་འཚོ་བ་དངོས་ལ་ཕན་པའི་ཚོགས་འདུ་ཞིག་ཧ་ལམ་ཡོད་མ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

དེ་རིང་གི་ཚོགས་ཆེན་སྒོ་འབྱེད་ཐོག  ཕྱི་ལོ ༢༠༢༣ ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པའི་ལོ་ཞིག་ཡིན་སྐོར་དང་། འདས་པའི་ལོ་གཅིག་རིང་རྒྱ་ནག་དབུས་གཞུང་དང་འབྲེལ་ཡོད་སོགས་ཀྱིས་བོད་ནང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། ཞི་ཅིན་ཕིན་གྱི་དགོངས་དོན་ཟེར་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་ཟེར་བ་བྱས་ཐུབ་ཡོད་པ། དེ་བཞིན་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོ་ཟེར་བ་བཙུགས་ཏེ། སྤྱི་ཚོགས་ཡར་རྒྱས་འགྲོ་ཡོད་ལུགས་སོགས་བརྗོད་ཡོད་འདུག

དེ་བཞིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་ཕྱི་ལོ་གསར་པའི་ཤིས་ཚིག་ཟེར་བ་ཞིག་གི་ནང་། རྒྱ་ནག་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་ལྷག་པའི་སྐུལ་འདེད་དང་། རྒྱ་ནག་གཞུང་གི་འཕེལ་རྒྱས་ཟེར་བ་ཞིག་གི་འོག་ནས། རྒྱ་ནག་དང་ཨེ་ཤ་ཡ། རྒྱུད་གཅིག་ལམ་གཅིག་གི་ཕྱི་འབྲེལ་ཟེར་བ་སོགས་གོང་མཐོར་གཏང་རྒྱུ་ཡིན་ལུགས་བཤད་ཡོད་པ་མ་ཟད། མེས་རྒྱལ་གོང་བུ་གཅིག་གྱུར་ཟེར་བ་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཀྱི་ཆོས་ཉིད་ཟེར་བ་ཞིག་ཡིན་ལུགས་བཤད་ནས། རྒྱ་ནག་མི་རིགས་གཅིག་གྱུར་འདུ་ཤེས་ཟེར་བ་གོང་མཐོར་གཏང་དགོས་ལུགས་སོགས་བཤད་འདུག

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་དག་ཅིག་གི་ཁུལ་རིམ་པ་དང་རྫོང་རིམ་པར་ཚོགས་འདུ་སྐོང་འཚོགས་བྱེད་བཅུག་གི་ཡོད་ཅིང་། ལྷག་པར། ལོ་ལྟར་ཕྱི་ཟླ་ ༡༠ ནང་འཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས། བོད་ནང་གཙོས་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་ས་ཁུལ་ཁག་སོགས་སུ་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་མི་མང་འདུ་འཛོམས་རིགས་གཏན་ནས་མི་ཆོག་པ་མ་ཟད། སྤྱི་ཚོགས་དྲ་ལམ་དུ་ཆོས་ལུགས་དང་འབྲེལ་བ་ཡོད་པའི་ཡི་གེ་དང་པར་རིས་སོགས་སྤེལ་བར་བཀག་སྡོམ་དང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་ལ། ཚོགས་ཆེན་སྐབས་བོད་མི་དང་ཡུ་གུར་བ་གཙོས། ས་གནས་གཞན་དང་གཞན་ནས་པེ་ཅིང་དུ་ཡོང་མཁན་རྣམས་ལ་དམ་དྲག་དང་། མཐའ་ན་བོད་མི་དང་ཡུ་གུར་བ་རྣམས་ལ་དྲག་སྤྱོད་པ་ཡིན་ལུགས་བསྙད་ནས། མགྲོན་ཁང་ཡང་རག་གི་མེད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲོག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཅིག་གི་སྲིད་ཇུས་ཐོག་མཁས་པའི་བགྲོ་གླེང་། སྲིད་སྐྱོང་གི་ངོ་དེབ་ཀྱི་པར། ༢༠༢༣།༠༨།༠༡
Mobile App

རྒྱ་ནག་གཅིག་གི་སྲིད་ཇུས་དྲག་སྤྱོད་ཅེས་པའི་མཁས་པའི་བགྲོ་གླེང་བསྡུས།

༢༠༢༣/༠༨/༠༣
Mobile App

རྒྱ་ནག་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས།

༢༠༢༣/༠༧/༠༡
མགོ་ལོག་པདྨ་རྫོང་ཁོངས་སུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཚོགས་འདུ་འཚོགས། ༢༠༢༣།༠༢
Mobile App

འདས་པའི་ཟླ་ཕྱེད་ཙམ་ནང་བོད་ཁུལ་གྱི་དཔོན་རིགས་ཉུང་མཐར་ལྔ་ལ་ཞིབ་བཤེར་བྱེད་ཀྱི་འདུག  

༢༠༢༣/༠༤/༡༢
Mobile App

རྒྱ་ནག་གི་བཙན་དབང་འོག་ནས་བྲིས་པའི་བོད་ནང་གི་རྩོམ་ཡིག་རྣམས་ལ་ཆེ་མཐོང་སྤྲོད་དགོས། 

༢༠༢༣/༠༣/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese