མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨི་ལམ་ནང་བླ་མ་སྐྱབས་རྗེ་བཟོད་པ་རིན་པོ་ཆེ་ཐེངས་གསུམ་མཇལ།

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

མགོན་པོ་སྐྱབས།

རྨི་ལམ་དང་པོ།

དེ་རིང་བོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཆུ་ཚོད་གསུམ་ཡས་མས་ཞིག་ལ་ང་ལ་རྨི་ལམ་འདི་འདྲ་ཞིག་རྨིས་སོང་། སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ། ངེད་ཀྱི་ཨ་ཞང་གི་བུ་བཀྲ་ཤིས་ཚང་ལ་ཕེབས་ནས་དེར་བཞུགས་འདུག་པ་དང་། བླ་མ་བཟོད་པ་རིན་པོ་ཆེས་ང་ཚོ་ལ་འདི་ལྟར་གསུངས། ང་འཆི་དགོས་པ་རེད་ལ། དེ་ལ་ཅི་ཡང་མི་སྐྱོན་མོད། ཡིན་ན་ཡང་ང་ལ་དད་པ་ཡོད་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་གསུངས་ནས་སེམས་ཅན་ཐམས་ཅད་ལ་ཐུགས་སྙིང་རྗེ་ཆེན་པོ་ཚད་མེད་གནང་། དེའི་སྐབས་སུ་ང་ལ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མི་ཕྱེད་པའི་དད་པ་ཐོབ་ནས་ཡར་ལངས་ནས་ཕྱག་གསུམ་འཚལ་བ་དང་དད་པའི་སྟོབས་ཀྱིས་མིག་ཆུ་རང་དབང་མེད་པར་ཤོར་ཀྱི་འདུག དེའི་སྐབས་སུ་ངའི་ཕ་མ་གཉིས་དང་ནུ་བོ་སྐྱབས་རྗེ་དམ་པ་བླ་མ་བཟོད་པོ་རིན་པོ་ཆེ་ང་ཚོའི་མཉམ་ཏུ་སྒྲ་ལེན་འཕྲུལ་འཁོར་ནས་གསུང་ཆོས་ཞིག་ལ་ཉན་བཞིན་འདུག ངའི་སེམས་ལ་ངའི་ནང་མི་རྣམས་དང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་ལྷན་སྐུ་དཔར་ཞིག་བསྒྲོན་ཐུབ་ན་སྐལ་བ་བཟང་པ་བསམ་ནས་ཐེངས་གཉིས་ཙམ་ལ་ཁ་པར་ལས་སྐུ་དཔར་ལེན་པའི་ཐབས་ཤེས་བྱས་ན་ཡང་ལེན་ཐུབ་མ་སོང་། དེ་ནས་ང་གཉིད་སད།

རྨི་ལམ་གཉིས་པ། 

 རས་གུར་ཞིག་གམ་གནས་ཚང་ཆུང་ཆུང་ཞིག་ནང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་བཞུགས་འདུག་ལ། དེ་ནས་ཁོང་གིས་ང་ལ་གསུངས་རྒྱུར། མགོན་པོ་སྐྱབས། ཁྱེད་ཀྱིས་མ་འོངས་པར་ཆོས་ཁྲིད་བྱོས་གསུངས་བྱུང་། ངས་སྐྱབས་རྗེ་མཆོག་ལ་ངའི་ཆོས་ཁྲིད་ཅི་ཡང་ཤེས་ཀྱི་མ་རེད་ལགས། མྱི་ནག་མི་སྐྱ་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་གང་ཡང་བྱས་མེད་པས་ཅི་ཡང་ཤེས་ནི་མ་རེད་ཅེས་ནན་ཞུ་བྱས། སྐབས་དེར་ངའི་འགྲམ་གྱི་གཡས་ཕྱོགས་སུ་བཞུགས་ཡོད་པའི་དགེ་སློང་གྲྭ་བ་དེ་ཁོང་ཚང་ལ་བསྟན་ནས། ངས་སྐྱབས་རྗེ་མཆོག་ལ་ཞུ་རྒྱུར། སྐྱབས་རྗེ་མཆོག་ང་ལས་དགེ་སློང་འདིས་ཆོས་ཁྲིད་གནང་ན་བཟང་པ་དང་། ཁོང་ལ་ཆོས་ཀྱི་ཤེས་རྒྱ་ཆེན་པོ་ཡོད་རེད་ཅེས་ཞུས་ན་ཡང་། སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་ང་ལ་ཁྱེད་ཀྱིས་ངེས་པར་དུ་ཆོས་ཁྲིད་བྱེད་ཐུབ་ནི་རེད་ཅེས་བཀའ་ནན་གྱིས་ཕེབས། དེ་ནས་ཞོགས་པ་ཡར་ལངས་ཏེ་ཐབ་ཚང་ནང་སོང་ནས་ཞོགས་ཇ་འཐུང་བཞིན་པའི་སྐབས་། ངའི་བཟའ་ཟླ་སྐས་འཛེགས་ལས་མར་བབས་ཡོང་ནས་ང་ལ་བཤད་རྒྱུར། སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་སྐུ་ཞིང་ལ་ཕེབས་འདུག་ཟེར། ང་ཅུང་སྟབས་སྟབས་པོ་ཆགས་ནས་ཡང་བསྐྱར་ཁོ་མོར་དྲིས་པས། སྐྱབས་རྗེ་མཆོག་གི་དགོན་པའི་ངོ་དེབ་ཐོག་གསར་འགྱུར་བཀོད་པའི་གནས་ཚུལ་རྣམས་ཁོ་མོས་ང་ལ་ཡང་བསྐྱར་བཤད་པས། དེ་ནས་ངའི་སེམས་ལ་མདང་དགོང་གི་རྨི་ལམ་རྣམས་ཤར། དེ་མ་ཐག་ངའི་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་རྨི་ལམ་རྨིས་པ་ཁོ་མོར་བཤད། ཁོ་མོ་ཅུང་ཡ་མཚན་ཡང་སྐྱབས་རྗེ་མཆོག་གིས་ཁྱེད་ལ་བྱིན་གྱིས་རླབས་པ་དང་། མ་འོངས་བར་ཁྱེད་ཀྱིས་ཀྱང་ཆོས་ཁྲིད་བྱེད་ཐུབ་པའི་རྟེན་འབྲེལ་ཡིན་སྲིད་ཟེར། སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་རྨི་ལམ་ནང་མཇལ་བ་དང་། སྐུ་ཞི་བར་གཤེགས་པའི་རྐྱེན་གྱིས་སེམས་ལ་སྐྱོ་གདུང་ཚད་མེད་ཅིག་སྐྱེས་ལ་རང་དབང་མེད་པར་མིག་ཆུ་ལྷུང་། ངའི་སྐྱབས་རྗེ་དམ་པ་བླ་མ་བཟོད་པ་རིན་པོ་ཆེ་ཡི་མདུན་ནས་ཆོས་ཁྲིད་སོགས་ཞུ་མྱོང་མེད་ལ། དམིགས་བསལ་གྱིས་ཆོས་ཀྱི་འབྲེལ་བ་གང་ཡང་མེད་ན་ཡང་། སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་མི་མངོན་ཆོས་སྐུའི་དབྱིངས་སུ་གུས་པ་ལ་བྱིན་གྱིས་རླབས་བཞིན་པ་ནི་ཅི་ལ་མིན་།

རྨི་ལམ་གསུམ་པ།

ཉིན་འགའི་སྔོན་ཡང་ང་ལ་རྨི་ལམ་འདི་ལྟར་རྨིས། ངས་ནང་ཆོས་ཀྱི་དཔེ་ཆ་མང་པོ་ཞིག་ཀློག་གི་འདུག་ལ། དེའི་ནང་སྔ་འགྱུར་རྙིང་མ་བའི་བླ་མ་ཁ་ཤས་ཀྱི་ཕྱག་དཔེ་དང་ཨ་ནེ་བསྟན་འཛིན་པད་མོའི་ཕྱག་དཔེ། སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེའི་ཕྱག་དཔེ་ཁ་ཤས་ལ་མཇལ་བ་དང་། དེའི་ནང་ནས་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེའི་ཕྱག་དཔེ་དེའི་ཁ་ཕྱེས་ནས་བལྟས་པས། དེའི་ནང་དུ་འདི་ལྟར་བྲིས་འདུག ང་ཚོའི་ལུས་ཀྱི་རྩའི་གྲུབ་ལུགས་སྡོང་པོ་འདི་གཉིས་ཀྱི་གྲུབ་ལུགས་གཅིག་ཡིན་ལ། སྡོང་པོ་འདི་ཡང་རིམ་བཞིན་སྐྱེས་ནས་ཡལ་འདབ་རྣམས་ཕྱོགས་བཞིར་རྒྱས་པ་བཞིན་ང་ཚོའི་མིའི་ལུས་ཀྱི་རྩ་འདབ་རྣམས་ཡང་རིམ་གྱིས་རྒྱས་ནས། སྡོང་བོ་འདི་གཉིས་ལྟ་བུ་གྲུབ་པ་རེད་ཅེས་བྲིས་འདུག དེའི་སྐབས་སུ་ངའི་རྨི་ལམ་ནང་སྡོང་པོའི་ལོ་འདབ་ཧ་ཅང་རྒྱས་པ་འཕྲེད་གྱིས་སྐྱེས་འདུག་པ་ཞིག་རྨིས། འདི་ནི་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་ཞིང་གཤེགས་དམ་པ་ཁོང་ངས་རྨི་ལམ་རྨིས་པ་ཐེངས་གསུམ་པ་དེ་ཡིན།

ངས་སྐྱབས་རྗེ་བཟོད་པ་རིན་པོ་ཆེ་དངོས་སུ་མཇལ་བའི་སྐལ་བཟང་དེ་ནི། སྔོན་རྒྱ་གར་ན་ཡོད་པའི་སྐབས་སུ་ངའི་སར་བོད་ཀྱི་བསྐུ་མཉེ་བྱེད་དུ་ཡོང་མཁན་ཡོ་རོབ་སི་བུའི་ཀྲན་ནས་ཡིན་པའི་སྐྱེས་མ་ངོ་ཤེས་པ་ཞིག་ཡོད་ལ། ཉིན་ཞིག་ཁོ་མོ་ངས་རྩར་བསྐུ་མཉེ་བྱེད་དུ་ཡོང་ནས། ཁོ་མོས་བཤད་རྒྱུར། དགའ་ལྡན་ཆོས་ཚོགས་ནང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེའི་གསུང་ཆོས་ཞུ་བཞིན་ཡོད་ལ། ཁྱེད་རང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་ལ་མཇལ་ཁ་ཞུ་འདོད་ཡོད་ན།་དགའ་ལྡན་ཆོས་ཚོགས་ནས་སང་ཉིན་མཇལ་ཁ་ལོན་ནི་རེད་ཟེར། དེའི་ཕྱི་ཉིན་ང་དང་སྐྱེས་མ་དེ་ངེད་གཉིས་དགའ་ལྡན་ཆོས་ཚོགས་ལ་བླ་མ་བཟོད་པ་རིན་པོ་ཆེ་ལ་མཇལ་ཁ་ཞུ་བར་སོང་བ་ཡིན། སྟབས་ལེགས་པ་ཞིག་ལ་ཉིན་དེར་བླ་མ་བཟོད་པ་རིན་པོ་ཆེ་རི་མགོར་བསང་གསོལ་ལ་ཕེབས་པའི་སྐབས་དང་ཐུག་འདུག་ལ། དེ་ནས་ང་དང་མི་ཁ་ཤས་ཀྱིས་ལམ་གྱི་གཡས་གཡོན་ནས་བླ་མ་བཟོད་པ་རིན་པོ་ཆེ་ཕེབས་ལམ་ནས་ཕེབས་སྒུག་ཞུས་ནས་བསྡད་པ་ཡིན། ཅུང་མ་འགོ་བར་སྐྱབས་རྗེ་མཆོག་ཞབས་ཐང་ལ་ཕེབས་བྱུང་ལ་། ང་ཚོ་ལམ་འགྲམ་ན་ཡོད་པ་རྣམས་ཀྱི་སར་ཁོང་ཚང་ཕེབས་ཡོང་སྟེ་ཐུགས་བརྩེ་བ་ཆེན་པོས་ངང་ནས་རེ་རེ་བཞིན་མཇལ་ཁ་གནང་བ་དང་། ངའི་རྩར་ཕེབས་ནས་ང་ལ་ཕྱག་མཇལ་གནང་བ་དང་ངས་སྐྱབས་རྗེ་མཆོག་ལ་བསྒྲོན་པའི་ཁ་བཏགས་སྐྱབས་རྗེ་མཆོག་གིས་ཕྱིར་ངའི་སྐེ་ལ་བསྐོན། ངའི་སྐལ་བཟང་གི་གོ་སྐབས་དེ་དང་བསྟུན། སྐྱབས་རྗེ་མཆོག་ལ་ང་ལ་རྟེན་སྐལ་ཞིག་གནང་རོགས་ཞུ་ཞེས་ཞུས་སྐབས། སྐྱབས་རྗེ་མཆོག་ནས་ཁྱེད་ཀྱིས་ངའི་ཞབས་ཕྱི་བ་ལ་འབྲེལ་བ་བྱོས་དང་། ཁྱེད་ལ་རྟེན་སྐལ་གནང་དགོས་གསུངས། དེ་ནས་ངའི་ཁ་པར་ཨང་གྲངས་སྐྱབས་རྗེ་མཆོག་གི་ཞབས་ཕྱི་བ་ཕུལ་བ་དང་། ཞབས་ཕྱི་བས་ང་ལ་འབྲེལ་བ་བྱེད་ཡོང་གསུངས། འདི་ནི་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་ལ་མི་ཚེ་འདིར་ཐེངས་གཅིག་མཇལ་བའི་སྐལ་བཟང་གི་ཉིན་མོ་དེ་ཡིན་ལ། སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཇལ་བ་མཐའ་མ་དེ་ཡང་ཡིན།

ཐེངས་གསུམ་གྱི་རྨི་ལམ་གང་ལ་བརྟག་ན་ཡང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མི་འགྱངས་བར་མི་མངོན་ཆོས་དབྱིངས་ཕོ་བྲང་ནས་མི་བཞུགས་པར་བདག་འདྲའི་ཉམ་ཐག་སྐྱེ་འགྲོའི་མགོན་དཔུང་དུ་ངེས་པར་ཕེབས་པ། མི་སྐྱ་ནོར་རྫི་བདག་འདྲའི་རྨི་ལམ་ལ་ཡང་སྐྱབས་རྗེ་མཆོག་གིས་བྱིན་གྱིས་རླབས་ན། གཞན་གནམ་གྱིས་ས་བཀབས་པ་ལྟ་བུའི་རྒྱལ་སྲས་བྱང་ཆུང་སེམས་དཔའ་རྣམས་ཀྱི་སྣང་ངོར་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དག་ཞིང་གང་དུ་བཞུགས་མིན་དང་། དུས་ནམ་ཞིག་ཡུལ་གང་ཞིག་ལ་སླར་ཡང་འགྲོ་བའི་དོན་ལ་མྱུར་བར་མྱུར་དུ་བྱོན་པ་མཁྱེན་མཁྱེན་པའོ། བཀྲ་ཤིས་པར་གྱུར་ཅིག།

བོད་ལོ་༢༡༥༠་ཟླ་༡༢་ཚེ་བརྒྱད་དང་སྤྱི་ལོ་༢༠༢༤་ཟླ་༡་ཚེས་༡༨་ཞོགས་པ་རྨི་ལམ་རྨིས་རྗེས་བྲིས་པ་དགེ་ལེགས་འཕེལ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese