མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་པ་དང་མོན་པའི་རིགས་རྫས་ནི་བོད་མིའི་རིགས་རྫས་དང་གཅིག་མཚུངས་ཡིན་པའི་གྲུབ་དོན་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཞིབ་འཇུག་ཁང་གཉིས་ཀྱིས་རིགས་རྒྱུད་བརྟག་དཔྱད་བྱས་པ་བརྒྱུད་བྱང་པ་དང་མོན་པའི་རིགས་རྫས་ནི་བོད་མི་སོགས་དང་གཅིག་མཚུངས་ཡིན་པའི་གྲུབ་དོན་བཏོན་འདུག

CCMB scientists unravel origins of Ladakh people, Photo: social Media

རྒྱ་གར་གྱི་མངའ་སྡེ་ཧེ་ཐར་བྷ་ཊིར་རྟེན་གཞི་བྱས་པའི་ཕྲ་ཕུང་དང་འདུས་རྡུལ་སྐྱེས་དངོས་རིག་གནས་ལྟེ་གནས་ཁང་(Centre for Cellular and Molecular Biology)དང་།  བྷིར་བྷལ་ས་ལ་ནི་མཐོ་རིམ་སློབ་གཉེར་ཁང་(Birbal Sahni Institute of Palaeosciences) གཉིས་ཀྱིས་ལ་དྭགས་ཀྱི་བྱང་པ་དང་། མོན་པ། འབྲོག་པའི་མི་གྲངས ༡༠༨ ལྷག་གི་རིགས་རྫས་བརྟག་དཔྱད་བྱས་པ་བརྒྱུད། དེ་དག་གི་རིགས་རྫས་ནི་ལྷོ་ཨེ་ཤ་ཡ་དང་། ཤར་ཨེ་ཤ་ཡ། བོད། ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ནས་ཨེ་ཌི་ལན་ཊིག་རྒྱ་མཚོའི་ནུབ་རྒྱུད་དུ་གནས་པའི་མི་རྣམས་ཀྱི་རིགས་རྫས་གཅིག་མཚུངས་གྱུར་ཡོད་པ་མ་ཟད། བྱང་པ་དང་མོན་པ་དག་གི་རིགས་རྫས་ནི་བོད་མིའི་རིགས་རྫས་དང་གཅིག་མཚུངས་ཡིན་པའི་ཞིབ་འཇུག་གྲུབ་དོན་བཏོན་ཡོད་འདུག

ཕྲ་ཕུང་དང་འདུས་རྡུལ་སྐྱེས་དངོས་རིག་གནས་ལྟེ་གནས་ཁང་གི་འགན་འཛིན་ཌི་ནས་(Vinay K Nandicoori) ལགས་ཀྱིས། ཞིབ་འཇུག་གི་གྲུབ་དོན་འདི་བརྒྱུད་ནས་ཧི་མ་ལ་ཡའི་རི་ཁུལ་དང་དར་གོས་ཚོང་ལམ་ཁུལ་གྱི་མི་རྣམས་ཀྱི་འགྱུར་ལྡོག་གསལ་སྟོན་བྱས་ཡོད། ཅེས་བརྗོད་འདུག་ལ། ཆེད་མཁས་པ་ནི་རཱ་ཇི་(Niraj ) ལགས་ཀྱིས། ད་ལན་གྱི་ཞིབ་འཇུག་གི་གྲུབ་དོན་འདི་བརྒྱུད་ནས། ལ་དྭགས་ས་ཁུལ་དུ་གནས་སྡོད་བྱེད་མུས་ཡིན་པའི་འབྲོག་པ་རྣམས་ཁུལ་དེའི་གདོད་མའི་མི་རིགས་ཁོ་ན་ཡིན་པའང་གསལ་སྟོན་བྱུང་ཡོད་པས། དེ་དག་གི་ནུས་སྐྱེད་དབང་ཕྲ་(mitochondrial) རྡོའི་དུས་རབས་ཀྱི་གདོད་མའི་མི་རིགས་དང་འབྲེལ་བ་གཏིང་ཟབ་ཡོད། ཅེས་བརྗོད་འདུག

ལ་དྭགས་ནི་སེངྒེ་གཙང་པོ་དང་། ཧིན་དྷུ་ཀུ་ཤི་(Hindu Kush ) རི་བོ་གཉིས་ཀྱི་བར་དུ་ཆགས་ཡོད་ཅིང་། རྒྱ་གར་ནང་གི་ས་བབ་མཐོ་ཤོས་ཀྱི་ས་གནས་ཤིག་ཡིན་ཏེ། ཆ་སྙོམས་ཀྱི་མཐོ་ཚད་ལ་ཧྥི་ཌི་ ༩༨༠༠༠ ཡོད་ལ། ཁུལ་དེར་འབྲོག་པའི་མི་རིགས་དང་། བྱང་པའི་མི་རིགས། མོན་པའི་མི་རིགས། བྷལ་ཏི།(Balti) བྷི་ཌ། (Bedi) བྷོ་ཌོ་(BoTo) སོགས་ཡོད་པའི་ཁར། ལ་དྭགས་ཁུལ་དུ་ཨར་ཡན་(Aryan) མི་རིགས་ཀྱང་ཡོད་ཅིང་། དེ་དག་ནི་འཛམ་བུ་གླིང་འདིའི་ནང་སྲེ་ལྷད་ཞུགས་མེད་པའི་རིགས་རྫས་གཅིག་པུ་དེ་རྒྱུད་འཛིན་བྱེད་མཁན་ཞིག་དང་ཁྲག་རྒྱུན་གཙང་མའི་མི་རིགས་མཐའ་མ་དེ་ཡིན་པའི་ངོས་འཛིན་ཡང་བྱེད་ཀྱི་འདུག

ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་ཁེ་ལི་ཧྥོར་ནེ་ཡ་གཙུག་ལག་སློབ་ཆེན་གྱི་ཚན་རིག་པ་ནེལ་སཱན་ (Rasmus Nielsen) ལགས་ཀྱིས་སྣེ་འཁྲིད་པའི་ཨ་རི་དང་རྒྱ་ནག་གི་ཚན་རིག་པ་ཁག་ཅིག་གིས། ཨེ་ཤ་ཡའི་ནུབ་ཁུལ་སེར་བྷེ་ཡའི (Siberia) ཨལ་ཌི་ (Altai) རིའི་བྲག་ཕུག་ཅིག་ནས་གསར་རྙེད་བྱུང་བའི་གནའ་བོའི་རྐང་རུས་ཤིག་དང་སོ་གཉིས་ལ་ལོ་ ༤ ཙམ་རིང་བརྟག་དཔྱད་བྱས་པ་བརྒྱུད། དེ་ནི་ལོ་ངོ་ ༤༡༠༠༠ ནས་ ༥༠༠༠༠ ཡར་སྔོན་ནས་རྩ་སྟོང་ཕྱིན་པའི་འགྲོ་བ་མིའི་རིགས་ཀྱི་ཕ་མེས་ཌེ་ནི་སཱོ་ཝན་ (Denisovans) ཞེས་པའི་མི་རྒྱུད་ཡིན་པར་ངོས་འཛིན་བྱས་ཡོད་པ་དང་། རིགས་རྒྱུན་རྫས་འགྱུར་བརྟག་ཐབས་(DNA testing) ཞེས་པ་བརྒྱུད་བོད་མི་རིགས་ནི་རྩ་སྟོང་དུ་ཕྱིན་པའི་གདོད་མའི་མི་རིགས་དེའི་གཉེན་རྒྱུད་ཅིག་ཡིན་པར་ངོས་འཛིན་གཅིག་གྱུར་བྱུང་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་མ་ཟད། རྩ་སྟོང་ཕྱིན་པའི་ཌེ་ནི་སཱོ་ཝན་ (Denisovans) ཞེས་པའི་གདོད་མའི་མི་རིགས་དང་བོད་མི་རིགས་ཀྱི་རིགས་རྒྱུན་གཅིག་མཚུངས་ཡིན་པའང་བཤད་ཡོད་པ་རེད།

ཞིབ་འཇུག་དེའི་ནང་བཀོད་པ་ལྟར་ན། སྤྱིར་ལ་དྭགས་པ་རྣམས་ནི་ཆོས་ལུགས་དང་། སྐད་ཡིག རིག་གཞུང་སོགས་མཉམ་སྤྱོད་བྱེད་བཞིན་པའི་མི་རིགས་ཤིག་ཡིན་ཞིང་། ཁོང་ཚོས་ལ་དྭགས་ཡུལ་སྐད་དང་། བོད་སྐད་སོགས་བཤད་ཀྱི་ཡོད་འདུག་ལ། ད་ལྟའི་ཆར་ལ་དྭགས་ནང་མི་གྲངས་འབུམ་གསུམ་དང་སུམ་སྟོང་ལྷག་གནས་སྡོད་བྱེད་ཀྱི་ཡོད་པའི་ཁྲོད། བྱང་པའི་མི་རིགས་ ༥༠༠༠ ལྷག་དང་། འབྲོག་པའི་མི་རིགས་གྲངས ༤༠༠༠ ལྷག་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese