མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཤ་ཡའི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་ཁྲོད་རྒྱ་གར་ཕམ་ཉེས་བྱུང་།

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་དཀྱིལ་ཤར་ཨེ་ཤ་ཡར་བསྡུ་མུས་ཡིན་པའི་ཨེ་ཤ་ཡའི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་ཁྲོད་རྒྱ་གར་གྱི་རྐང་སྤོལ་རུ་ཁག་ལ་ཕམ་ཉེས་བྱུང་ནས་བསྐྱར་འགྲན་ཁག་ལ་ཞུགས་ཐུབ་མེད་པ་རེད།

India knocked out of Asian Cup after losing 0-1 to Syria in last group match

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༢ ནས་ཟླ་ ༢ ཚེས ༡༠ བར་ཨེ་ཤ་ཡའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་དེ་དཀྱིལ་ཤར་ཨེ་ཤ་ཡའི་ཁ་ཌར་རྒྱལ་ཁབ་ཏུ་བསྡུ་མུས་ཡིན་པ་ལྟར། ཁ་སང་རེས་གཟའ་མིག་དམར་ཉིན་གྱི་དགོང་མོར་རྒྱ་གར་གྱི་སྐྱེས་པའི་རྐང་སྤོལ་རུ་ཁག་དང་དཀྱིལ་ཤར་ཨེ་ཤ་ཡའི་སི་རི་ཡ་གཉིས་ཀྱི་རྩེད་འགྲན་ཁྲོད། རྩེད་འགྲན་གྱི་དུས་བཀག་སྐར་མ་ ༧༦ སྟེང་སི་རི་ཡའི་རུ་ཁག་གིས་སྤོ་ལོ་གཅིག་བླུགས་ནས་འགྲན་རྒྱལ་བྱུང་ཡོད་ཅིང་། རྒྱ་གར་འདི་ལོའི་ཨེ་ཤ་ཡའི་རྐང་སྤོལ་རྩེད་འགྲན་ཁྲོད་ཐོག་མའི་རྩེད་འགྲན་ལས་ཕམ་ཉེས་བྱུང་ནས་བསྐྱར་འགྲན་ཁག་ལ་ཞུགས་ཐུབ་མེད་པ་རེད།

འདི་ལོའི་ཨེ་ཤ་ཡའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་དེའི་ཁྲོད་རྒྱལ་ཁབ་མི་འདྲ་བ་ ༢༤ ཡི་རུ་ཁག་དྲག་འདེམས་བྱུང་སྟེ། ཐོག་མའི་རྩེད་འགྲན་གྱི་འཆར་འགོད་སྡེ་ཚན་གཉིས་པའི་ནང་། ཨོ་གླིང་གི་སྐྱེས་པའི་རུ་ཁག་དང་། ཨུ་ཛི་བྷི་ཀི་སི་ཐན། སི་རི་ཡ། རྒྱ་གར་བཅས་ཡོད་ཅིང་རུ་ཁག་དེ་དག་གི་བར་རྩེད་འགྲན་བྱས་པའི་ཁྲོད། རྒྱ་གར་བསྟུད་མར་རྩེད་འགྲན་རིམ་པ་གསུམ་ལས་ཕམ་ཉེས་བྱུང་ནས། མཐའ་མའི་རྩེད་འགྲན་བཅུ་དྲུག་གི་ཁོངས་སུ་ཚུད་མི་འདུག་ལ། རྒྱ་གར་གྱི་སྐྱེས་པའི་རྐང་སྤོལ་རུ་ཁག་དེ་ཕྱི་ལོ་ ༡༩༨༤ དང་༢༠༡༡། དེ་བཞིན་ཕྱི་ལོ་ ༢༠༡༩ བཅས་སུ་ཐོག་མའི་རྩེད་འགྲན་ལས་ཕམ་ཉེས་བྱུང་བ་རེད།

འདས་པའི་ཉིན་ཤས་རིང་རྒྱ་གར་གྱི་སྐྱེས་པའི་རྐང་སྤོལ་རུ་ཁག་གིས་རྩེད་འགྲན་ཐེངས་གསུམ་བྱས་པའི་ཁྲོད། ཨོ་གླིང་གིས་སྤོ་ལོ་གཉིས་དང་། ཨུ་ཛི་བྷལ་ཀི་སི་ཐན་གྱིས་སྤོ་ལོ་གསུམ། དེ་བཞིན་སི་རི་ཡས་སྤོ་ལོ་གཅིག་བཅས་བླུགས་ནས་རྩེད་འགྲན་ཚང་མར་ཕམ་ཉེས་བྱུང་ཡོད་པ་མ་ཟད། རྒྱ་གར་གྱིས་འགྲན་ཡའི་རུ་ཁག་ཁག་ལ་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པ་རེད།

ད་བར་ཉིན་གྲངས་ ༡༡ ལྷག་གི་རིང་རྩེད་འགྲན་བྱས་པའི་ཁྲོད་ཊ་ཇི་ཀི་སི་ཐན་དང་། ཨ་རབ་སྤྱི་མཐུན་རྒྱལ་ཁབ། ཨི་རག ཨོ་གླིང་། ཨི་རན། སི་རི་ཡ། ཁ་ཌར། ཨུ་ཛི་བྷི་ཀི་སི་ཐན་བཅས་ཀྱི་རྐང་སྤོལ་རུ་ཁག་རྣམས་རྩེད་འགྲན་བཅུ་དྲུག་གི་ཁོངས་སུ་ཚུད་ཟིན་ཡོད་ཅིང་། རུ་ཁག་གཞན་རྣམས་ཀྱིས་མུ་མཐུད་རྣོ་ངར་ཆེན་པོས་རྩེད་འགྲན་བྱེད་མུས་ཡིན་འདུག་ལ། རྩེད་འགྲན་གྱི་རུ་ཁག་བཅུ་དྲུག་ལས་བརྒྱད། བརྒྱད་ནས་བཞི། བཞི་ལས་མཐར་གསོན་གྱི་རུ་ཁག་གཉིས་ཀྱིས་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་མཐའ་མའི་རྟིང་རྩོད་འགྲན་སྡུར་བྱ་རྒྱུ་ཡིན་འདུག

རྩེད་རིགས་གསར་འགྱུར་ཁང་ ( The sporting news ) སོགས་ཀྱིས་འདི་ལོའི་ཨེ་ཤ་ཡའི་རྩེད་འགྲན་གྱི་ཐོག་མའི་རྩེད་འགྲན་དང་། རྩེད་འགྲན་པ་དག་ལ་གཞིགས་ནས་དཔྱད་ཞིབ་བྱས་མཐར། རྩེད་རིགས་ཆེད་མཁས་པ་དག་གིས་འདི་ལོའི་ཨེ་ཤ་ཡའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་དེ་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཨོ་གླིང་བཅས་གང་རུང་ཞིག་ལ་འཐོབ་པའི་ཚོད་དཔག་བྱས་ཡོད་ཅིང་། ཉི་ཧོང་གིས་ཕྱི་ལོ་ ༢༠༡༡ དང་། ༢༠༠༤། ༡༩༩༢། ༢༠༠༠། བཅས་སུ་ཨང་དང་པོ་དང་། ལྷོ་ཀོ་རི་ཡས་ཕྱི་ལོ་ ༡༩༥༦། ༡༩༦༠ གཉིས་ལ་ཨང་དང་པོ་བླངས།  དེ་བཞིན་ཕྱི་ལོ་ ༢༠༡༥ ལོའི་རྩེད་འགྲན་དེ་ཨོ་གླིང་གིས་བཀྱགས་ཡོད་འདུག

ཨེ་ཤ་ཡའི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་དེ་ནི་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་དང་འཆམ་མཐུན་སོགས་ལ་དམིགས་ནས། དམག་ཆེན་གཉིས་པའི་རྗེས་སྟེ་ཕྱི་ལོ་ ༡༩༥༦ ལོར་ཐོག་མར་མགོ་བཙུགས་ནས་ལོ་བཞི་རེའི་མཚམས་སུ་རྩེད་འགྲན་བྱེད་ཀྱི་ཡོད་ཅིང་། ད་བར་རྩེད་འགྲན་ཐེངས་ ༡༨ བསྡུ་བསྐོངས་བྱས་ཏེ། ཉི་ཧོང་ལ་ཐེངས་བཞི་དང་། སོ་ཌི་ཨ་རི་ཡ་བྷི་ཡ་(Saudi Arabia) ལ་ཐེངས་གསུམ། ཨི་རན་ལ་ཐེངས་གསུམ། དེ་བཞིན་ལྷོ་ཀོ་རི་ཡ་ལ་ཐེངས་གཉིས་བཅས་ཐོབ་འདུག

གཞན་ཡང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་ཕྱི་ལོ་ ༢༠༢༣ ལོའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་དེའང་བསྡུ་མུས་ཡིན་པ་མ་ཟད། རྐང་སྤོལ་འགྲན་སྡུར་ཁག་གི་རྒྱལ་ཕམ་དབྱེ་ཞིབ་དང་ཚོད་དཔག་བྱེད་མཁན་(OPta Analyst) ཟེར་བས་ཞིབ་འཇུག་བྱས་པ་བརྒྱུད། ཨ་ཧྥེ་རི་ཁའི་སི་ནི་གྷལ་ (Senegal) རྒྱལ་ཁབ་ཀྱི་རུ་ཁག་ལ་སླར་ཡང་ཨ་ཧྥེ་རི་ཁའི་རྐང་སྤོལ་འགྲན་ཚོགས་ལས་རྣམ་པར་རྒྱལ་ཐུབ་པའི་ཚོད་དཔག་བྱས་འདུག་ལ། སི་ནི་གྷལ་རུ་ཁག་ལ་ཕྱི་ལོ་ ༢༠༢༡ ལོར་རྒྱལ་ཁ་དེ་ཐེངས་གཅིག་ཐོབ་ཚར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༦ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese