མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་མཁན་གཉིས་ཀྱི་སྐུ་པར་གསར་པ།

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༡ ལོར་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་མཁན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་དང་བློ་བཟང་སྐལ་བཟང་ལགས་རྣམ་གཉིས་ཀྱི་སྐུ་གཟུགས་གནས་སྟངས་དང་འབྲེལ་བའི་སྐུ་པར་གསར་པ།

ཕྱི་ལོ་ ༢༠༡༡ ལོར་སྐུ་ལུས་མེར་སྲེག་གནང་མཁན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་བློ་བཟང་དཀོན་མཆོག་ལགས་རྣམ་གཉིས་ཀྱི་ཉེ་པར། ༢༠༢༡།༠༧།༠༨ པར་བོད་ཀྱི་ཆབ་སྲིད་བཙོན་ཟུར་བུ་མོ་རྣམ་སྐྱིད་ལགས་ནས་འདི་གར་མཁོ་སྤྲོད་གནང་།

ཕྱི་ལོ་ ༢༠༡༡ ལོར་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་མཁན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་དང་། དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་རྣམ་གཉིས་རྒྱ་ནག་གཞུང་གིས་ལོ་ངོ་ ༧ ཙམ་ལ་བཀག་ཉར་བཙོན་འཇུག་བྱས་རྗེས།  ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༨ ཉིན་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་ཀློད་གྲོལ་བཏང་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཁོང་གི་རོགས་པ་གྲྭ་བློ་བཟང་དཀོན་མཆོག་ལགས་ཀྱང་སི་ཁྲོན་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་པ་རེད། ཡིན་ནའང་། ཁོང་རྣམ་པ་གཉིས་བཙོན་གྲོལ་བཏང་རྗེས་སྐུ་གཟུགས་གནས་སྟངས་སོགས་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།

ཕྱི་ལོ་ ༢༠༡༡ ཟླ་ ༩ པའི་ཚེས་ ༢༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ པ་ཡས་མས་སུ། དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་། གྲྭ་བློ་བཟང་དཀོན་མཆོག་ལགས་གཉིས་ཀྱིས་རྔ་བ་རྫོང་གི་ཁྲོམ་གཞུང་དུ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རད་དབང་དགོས་སོགས་ཀྱི་སྐད་འབོད་གནང་བཞིན་སྐུ་ལུས་མེར་སྲེག་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་བསླེབས་ནས་མེ་བསད་དེ་ཁོང་རྣམ་གཉིས་བཙན་འཁྲིད་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༡ ལོར་སྐུ་ལུས་མེར་སྲེག་གནང་མཁན་བློ་བཟང་དཀོན་མཆོག་ལགས་ཀྱི་སྐུ་པར་གསར་རྙིང་།

ཕྱིས་སུ་ཁོང་གཉིས་ལྟ་སྲུང་ནན་པོའི་འོག་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཚེ་སྲོག་སྐྱོབ་རྒྱུར་ཁ་གཡར་ཏེ་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་ཀྱི་ཞབས་གཉིས་གཏུབ་ཡོད་པ་དང་། བཟའ་བཏུང་ཡང་སྦུ་གུ་དྲངས་ནས་གནང་དགོས་པའི་གནས་སྟངས་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།  ཡིན་ནའང་། བོད་ཀྱི་ཆབ་སྲིད་བཙོན་པ་སྤྱི་མཚུངས་ལྟར་ཁོང་རྣམ་པ་གཉིས་ལྟ་སྲུང་དང་དམ་དྲག་ནན་པོའི་འོག་བཞག་ཡོད་སྟབས། བཙོན་ཁང་དུ་བཞུགས་པའི་རིང་གི་གནས་སྟངས་དང་བཙོན་གྲོལ་ཐོབ་རྗེས་ཀྱི་གནས་སྟངས་སོགས་ཤེས་རྟོགས་ཐུབ་ཁག་པོ་ཆགས་འདུག

ཕྱི་ལོ་ ༢༠༡༡ ལོར་སྐུ་ལུས་མེར་སྲེག་གནང་མཁན་བློ་བཟང་སྐལ་བཟང་ལགས་ཀྱི་སྐུ་པར་གསར་རྙིང་།

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རྔ་བའི་དཔའ་བོའི་སྲང་ལམ་དུ་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་བ་ནས་བཟུང་། ད་ལྟ་བར་དུ་བོད་ནང་དུ་སེར་སྐྱ་ཕོ་མོ་ཉུང་མཐར་ ༡༥༧ ལྷག་གིས་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་ཡོད་པ་དང་། དེའི་ཁྲོད་ནས་སེར་སྐྱ་ཕོ་མོ་གྲངས་ ༡༧ ལྷག་གིས་སྐུ་ལུས་མེར་སྲེག་གནང་རྗེས་རྒྱ་ནག་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese