མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོ་ ༢༡༥༠ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་བའི་གཟེངས་རྟགས་དང་བརྟན་བཞུགས།

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གྱི་ཐེབས་རྩ་ཁང་ཞིག་ནས་གསེར་གྱི་གཟེངས་རྟགས་ཕུལ།

དབྱིན་ཇིའི་(Scheherazade)ཐེབས་རྩ་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐེབས་རྩ་ཁང་དེའི་གསེར་གྱི་གཟེངས་རྟགས་ཕུལ། ༢༠༢༣།༤།༡༤ པར་དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དབྱིན་ཡུལ་གྱི་(Scheherazade)ཐེབས་རྩའི་གསེར་གྱི་གཟེངས་རྟགས་ཤིག་དབྱིན་ཡུལ་སྐུ་ཚབ་དོན་གཅོད་བརྒྱུད་ཕུལ་ཡོད་ཅིང་།  གསེར་གྱི་གཟེངས་རྟགས་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སྐུ་ཚེ་ཧྲིལ་བོར་གཞན་ཕན་གྱི་མཛད་འཕྲིན་བསྐྱངས་པ་དང་། ཆོས་ལུགས་མཐུན་སྒྲིལ། འཛམ་གླིང་ཞི་བདེ་སོགས་ཀྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་དང་སྐྱོང་མུས་ཡིན་པར་གུས་བཀུར་མཚོན་སླད་དུ་ཕུལ་བ་ཞིག་ཡིན་འདུག གཟེངས་རྟགས་དེ་ནི་འཛམ་གླིང་ནང་བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་ལས་དོན་སྒྲུབ་མཁན་དང་། རིགས་རུས་སྣ་ཚོགས་འདུས་ཤིང་འཆམ་མཐུན་ལྡན་པའི་གོ་ལའི་སྤྱི་ཚོགས་ཤིག་བསྐྲུན་པར་འབད་བརྩོན་གནང་མཁན། འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་སྒྲུབ་མཁན་རྣམས་ལ་ཕུལ་སྲོལ་ཡོད་ཅིང་། དེ་སྔ་གཟེངས་རྟགས་དེ་བྱམས་བརྩེའི་བདག་མོ་ཊུ་རེ་ས་(Mother Teresa)ལགས་དང་། ནལ་སན་མན་ཌ་ལ་(Nelson Mandela)ལགས། བྷི་བྷི་སི་གསར་ཁང་གི་དོ་དམ་པ་རྒན་པ་ (Sir David Attenborough) ལགས། དབྱིན་ཇིའི་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་ལྕམ་ཌོ་རེ་སི་ (Doris Lessing)ལགས་སོགས་འཛམ་གླིང་གི་གནད་ཡོད་མི་སྣ་རྐྱང་རྐྱང་ལ་ཕུལ་མྱོང་ཡོད་འདུག

ཧྥི་ལི་པིན་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་དངོས་སུ་ཕུལ།

རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་གཟེངས་རྟགས་དངོས་སུ་ཕུལ། ༢༠༢༣།༠༤།༢༦  དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༦ ཉིན་གྱི་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧྥི་ལི་པིན་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་གཙོ་ལྕམ་སྐུ་སུ་སན་ནཱ་བྷེ་ཨ་ཧྥེན་(Susanna B.Afan) ལགས་དང་། ཚོགས་མི་ཨེ་མི་ལི་ཨ་ཨ་བྷི་རེ་རཱ་ (Emily A.Abrera) ལགས་བཅས་ཚོགས་མི་ཁག་ཅིག་ལ་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ལ་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་སྲུང་གཙི་དང་བསྟུན་གཟེངས་རྟགས་དེ་དངོས་སུ་ཕུལ་ཡོད་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་པ་རྒྱག་པ་ནི་ཞེ་སྡང་། ང་རྒྱལ། ཕྲག་དོག་བཅས་ཀྱི་རྐྱེན་གྱིས་ཡོང་བཞིན་འདུག གལ་སྲིད་ང་ཚོས་གཅེན་གཅུང་གི་འདུ་ཤེས་ཀྱི་སྟེང་ནས་འཚོ་བ་བསྐྱལ་བ་ཡིན་ན། ནང་སེམས་སུ་ལྷོད་པོ་ཆགས་ནས་བྱམས་བརྩེ་དང་ཞི་བདེའི་ངང་གནས་ཐུབ། ཀུན་སྤྱོད་ངན་པས་གཟུགས་པོའི་བདེ་ཐང་ལའང་གནོད་པ་བྱེད་ཀྱི་ཡོད། ཅེས་སོགས་གསུངས་འདུག ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༣༡ ཉིན་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩ་ཚོགས་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟེངས་རྟགས་དེ་ཕུལ་ཡོད་ཅིང་། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ནས་༧གོང་ས་མཆོག་གི་སྐུ་ཚབ་ཞུས་ནས་ཧྥི་ལི་པིན་གྱི་རྒྱལ་ས་མཱ་ནེ་ལཱ་རུ་བཞེས་ཡོད་འདུག

གཞིས་བྱེས་བོད་མི་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས།

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བྱེས་བོད་མི་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།  ༢༠༢༣/༠༣/༡༥ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་གཞིས་བྱེས་གཉིས་ཀྱི་ལྷ་མི་ཡོངས་ཀྱི་ཚབ་བྱས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས།  དེ་རིང་འདིར་བོད་རྒྱ་ཆེ་མི་མང་གི་ཚབ་བྱེད་མཁན་གྱི་མི་མང་ཚོ་དང་། དེ་བཞིན་གནས་ཆུང་ཆོས་སྐྱོང་དང་མཁའ་འགྲོ་ཚོ་མཚོན་པའི་གཟུགས་མེད་ཀྱི་ལྷ་ཚོས་ཀྱང་རེ་འདུན་ཆེན་པོ་བྱེད་སྡོད་ཀྱི་ཡོད་དུས། ངོས་རང་གི་གཟུགས་པོ་བདེ་ཐག་ཆོད་ཡོད། ད་དུང་མུ་མཐུད་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་གྱི་མི་མང་དེ་དག་གིས་ངོས་རང་ལ་ཆོས་དང་རིག་གཞུང་གི་ཐོག་ནས་དད་པ་རྩེ་གཅིག་ཏུ་ཡོད་པར་བརྟེན། དེ་དག་གི་རེ་འདོད་བསྐོང་ཐུབ་རྒྱུ་ཞིག་དང་། གང་ལྟར་སྐྱེས་པའི་དགོས་དོན་ནི་གཞན་ལ་ཕན་པ་བསྒྲུབ་རྒྱུ་རེད། ད་ལྟའི་ངོས་རང་གི་ལུས་རྟེན་འདིའི་ཐོག་ནས་མི་ལ་ཕན་པ་ཏན་ཏན་སྒྲུབ་ཐུབ་ཀྱི་འདུག དེར་བརྟེན། ཕན་པ་སྒྲུབ་ཐུབ་མཁན་གྱི་ལུས་རྟེན་འདི་རིང་པོར་འཚོ་ཐུབ་པར་ངོས་རང་གིས་ཀྱང་སྨོན་ལམ་བརྒྱག་གི་ཡིན། ཕན་པ་གཏོང་གི་ཡིན། ཁྱེད་རང་ཚོས་ཐུགས་སྨོན་གནང་ནས་དེ་རིང་འདིར་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་སོགས་གསུངས་འདུག

མ་སུ་རི་གཏན་སློབ་དང་། བོད་ཁྱིམ། པན་ཆ་མ་རི་གཏན་སློབ་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས།

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སུ་རི་གཏན་སློབ་དང་བོད་ཁྱིམ་སོགས་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༣།༠༤།༠༥ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། དེ་བཞིན་པན་ཆ་མ་རི་གཏན་སློབ་དང་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་གི་སློབ་ཟུར་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༧གོང་ས་མཆོག་ནས་བརྟན་བཞུགས་དང་འབྲེལ་བའི་བཀའ་སློབ་གནང་སྐབས། དེ་རིང་འདིར་བརྟན་བཞུགས་ཤིག་གནང་བཞིན་ཡོད་པ་རེད།  འདིར་ལུས་པོ་ཡོད་བསྡད་པ་བཙན་བྱོལ་བ་ཉུང་ཤས་ཤིག་ཆགས་བསྡད་ཡོད། ཡིན་ནའང་བསམ་བློའི་ཐོག་ནས་བོད་ཆོལ་ཁ་གསུམ་གྱི་བོད་མི་ས་ཡ་དྲུག་གིས་ངོས་ལ་བློ་སེམས་གཏད་བཞིན་ཡོད། བོད་རྒྱ་ཧོར་གསུམ་གྱི་ས་ཁུལ་ནང་དུ་༧རྒྱལ་བ་རིན་པོ་ཆེ་ལ་དགའ་མོས་བྱེད་མཁན་དང་། ཚེ་རིང་པོ་ཡོང་བར་གསོལ་བ་འདེབས་ཀྱི་ཡོད་ཅིང་། སྔོན་ཆད་བོད་རྒྱ་ཧོར་གསུམ་གྱི་ནང་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། བར་སྐབས་ཏོག་ཙམ་ཉམས་ཆག་སོང་ཡོད་པར་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱུང་བའི་རེ་བ་རྩེ་གཅིག་ཏུ་བྱེད་ཀྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ནང་དུའང་ངོས་ལ་དད་མོས་དང་དགའ་ཞེན་རྩེ་གཅིག་ཏུ་བྱེད་མཁན་མང་པོ་འདུག ཅེས་གསུངས།

ཀཿཐོག་དགོན་གྲོང་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུས།

རྒྱལ་བའི་ཕོ་བྲང་དུ་ཀཿཐོག་སེར་སྐྱ་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།  ༢༠༢༣།༠༤།༡༢ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། འཕགས་ཡུལ་རྙིང་མ་ཀཿཐོག་དགོན་པ་དང་། ཁམས་ཀཿཐོག་བོད་མིའི་གཞིས་ཆགས་གཉིས་ཀྱི་མི་གྲངས་ ༡༡༣ ལྷག་གིས་ཀཿཐོག་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ཏེ། ཕྱི་ཟླ་ ༣ ཚེས་ ༥ ནས་ཟླ་ ༣ ཚེས་ ༣༠ བར་ཉིན་གྲངས་ ༢༥ རིང་ཀཿཐོག་དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་དང་། མཁན་ཆེན་རྫི་བླ་བརྩོན་འགྲུས་རྒྱ་མཚོ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མཁན་སློབ་གྲངས་ ༧༠ ལྷག་གིས། གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེ་དང་། གཏེར་ཆེན་རིག་འཛིན་ཀློང་གསལ་སྙིང་པོ་གཉིས་ཀྱི་གསུང་ཚེ་སྒྲུབ་ཁག་ ༡༡ གཞུང་ལྟར་གནད་སྨིན་སྒྲུབ་ཞག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག

བླ་མ་བཟོད་པ་རིན་པོ་ཆེའི་ཐེབས་རྩ་ནས་བརྟན་བཞུགས་བསྟར་འབུལ་ཞུས།

བླ་མ་བཟོད་པ་རིན་པོ་ཆེའི་ཐེག་ཆེན་འཛིན་སྐྱོང་ཚོགས་པས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༣།༠༥།༢༤ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༤ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བླ་མ་བཟོད་པ་རིན་པོ་ཆེ་མཆོག་དམ་པའི་ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་(the Foundation for the Preservation of the Mahayana Tradition) གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལུང་སྡེ་སྣོད་གསུམ་ལ་ཉམས་ལེན་མ་བྱས་པར་ཆོས་གོས་རྣམ་གསུམ་གྱོན་པ་ཙམ་གྱིས་བསྟན་པ་འཛིན་མཁན་རྣལ་མ་ཞིག་ཆགས་ཀྱི་མེད་པས། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་ཡིན་པའི་མིག་དཔེ་སྟོན་པར་ཧུར་ཐག་འབད་ཐག་དགོས་སྐོར་བཀའ་སློབ་བསྩལ།

བོད་མཛོད་དགེའི་སེར་སྐྱ་མི་མང་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས། 

རྒྱལ་བའི་ཕོ་བྲང་དུ་མཛོད་དགེའི་སེར་སྐྱ་མི་མང་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༣།༧།༥ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༥ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་མཛོད་དགེའི་སེར་སྐྱ་མི་མང་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་རང་རྒྱལ་གཞན་ཕམ་གྱི་ཐོག་ནས་གོ་མཚོན་བེད་སྤྱོད་མང་པོ་བྱེད་ཀྱི་ཡོད་པ་དང་།  འཛམ་གླིང་གི་དམག་ཆེན་དང་པོ་དང་གཉིས་པ་བརྒྱབ་པ་རེད། མི་མང་པོ་བསད་ཡོད་རེད། གང་ལྟར་འཛམ་གླིང་གི་དཀའ་ངལ་ཕྲན་བུ་ཕྲན་བུ་དེ་དག་ང་ཚོས་སྐད་ཆ་བཤད་ནས་སེལ་རྒྱུ་མ་གཏོགས་གསོད་རེས་བྱས་ནས་དོན་དག་འགྲུབ་ཐུབ་རྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད། དེར་བརྟེན། འཛམ་གླིང་འདི་དངོས་གནས་དྲང་གནས་ཀྱི་ཞི་བདེ་དང་གོ་མཚོན་མེད་པ། མི་གསོད་རེས་བྱེད་མི་དགོས་པར་ཚང་མར་མཛའ་མཐུན་དགོས་པ་དང་། འཛམ་གླིང་གི་མི་དུང་ཕྱུར་བདུན་བརྒྱད་ཡོད་པ་ཚང་མ་མི་རིགས་ཀྱི་སྤུན་ཟླ་ཤ་སྟག་རེད། ཅེས་སོགས་བཀའ་སློབ་བསྩལ།

གནས་མཆོག་རྡོ་རྗེ་གདན་དུ་བརྟན་བཞུགས་བསྟར་འབུལ་ཞུས།

གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༤།༠༡།༠༡ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བ་རུ། ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་རཱ་ཎ་སཱི་སློབ་ཟུར་ཐུན་མོང་། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་དཔལ་ཞ་ལུ་དགོན་པ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་དགེ་ལྡན་སྤྱི་ལས་ཁང་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེའི་ལྷ་མཆོག་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། བརྟན་བཞུགས་ཐོག་དཔལ་ས་སྐྱ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག ས་སྐྱ་ཁྲི་འཛིན་མཆོག ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། བྱང་རྩེ་ཆོས་རྗེ། ཀུན་བདེ་གླིང་རིན་པོ་ཆེ། གླིང་རིན་པོ་ཆེ། ཀིརྟི་སྐྱབས་མགོན་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཀྱིས་གཙོས་སེར་སྐྱ་སྟོང་ཕྲག་མང་པོ་ཆེད་བཅར་གནང་ཡོད་འདུག སྐབས་དེར་༧གོང་ས་མཆོག་གིས་ཕྱི་ལོའི་ལོ་གསར་འཚམས་འདྲི་དང་སྦྲགས། མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ཕན་ཚུན་འཆམ་མཐུན་གནང་དགོས་སྐོར་བཀའ་སློབ་བསྩལ།

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༥ ཉིན་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་བྱམས་པ་ཚེ་རིང་གིས་ཕྱོགས་སྒྲིག་བྱས་ཏེ་སྤེལ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༢ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese