མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོ་ ༢༡༥༠ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྩལ་བའི་ཐུགས་གསོའི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ལོ་ ༢༡༥༠ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྩལ་བའི་ཐུགས་གསོའི་གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སེངྒ་ལའི་ནང་པའི་དབུ་འཁྲིད་ཌོ་ཌམ་པཱ་ཧ་ལ་ཆན་ཌིར་སི་རེ་མཆོག་རྣམ་གཉིས། ༢༠༢༣།༠༥།༢༢ བོད་ཀྱི་དུས་བབ་ནས་པར་རིས་བསྒྲིགས།

ཕྱི་ལོ་ ༢༠༢༣ཟླ་ ༥ ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སེངྒ་ལའི་པཱ་ལི་ཆོས་བརྒྱུད་ཀྱི་ནང་པའི་དབུ་འཁྲིད་མཐོ་ཤོས་ཌོ་ཌམ་པཱ་ཧ་ལ་ཆན་ཌིར་སི་རེ་མཆོག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པའི་ནང་། ཁོང་ཉིད་ཀྱིས་མི་ཚེ་གང་པོར་གཞན་ཕན་གྱི་ཞབས་འདེགས་བསྒྲུབས་ཏེ་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པ་རེད། ང་ཚོས་ཁོང་ལ་རྗེས་དྲན་བྱེད་ཐུབ་པ་ནི་ཁོང་གིས་བྱམས་སྙིང་རྗེའི་ཐོག་ནས་གཞན་ཕན་གྱི་ཞབས་འདེགས་བསྒྲུབ་པའི་རྗེས་སུ་འབྲངས་དགོས། ཞེས་གསུངས་འདུག ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ། བླ་ཆེན་ཌམ་པཱ་ཧ་ལ་ཆན་ཌིར་སི་རེ་མཆོག་གི་སྣེ་ཁྲིད་པའི་སེངྒ་ལའི་ནང་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། སྐབས་དེར་ཁོང་གིས་༧གོང་ས་མཆོག་སེངྒ་ལའི་ནང་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཀྱང་ཞུས་ཡོད་འདུག

Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)

ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ཨོ་ཌི་ཤ་མངའ་སྡེའི་ནང་མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་དང་། མི་གྲངས་༩༠༠ ལྷག་ལ་རྨས་སྐྱོན་ཕོག་པར་ཐུགས་སྨོན་མཛད་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནཱ་ཝིན་(Naveen Patnaik)མཆོག་གི་མཚན་ཐོག་ཏུ་ཐུགས་སྨོན་གྱི་གསུང་འཕྲིན་བསྩལ་བའི་ནང་།ངོས་རང་གིས་དོན་རྐྱེན་འདིའི་ཁྲོད་ནས་ཚེ་སྲོག་ཤོར་བའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། རྨས་སྐྱོན་ཕོག་མཁན་རྣམས་ལ་སྨོན་ལམ་རྒྱག་གི་ཡོད། ངོས་རང་གིས་དབུས་གཞུང་ཚུད་པའི་མངའ་སྡེ་དང་། སྒྲིག་འཛུགས་ཁག་གིས་རྨས་སྐྱོན་ཐེབས་མཁན་རྣམས་གཙོས་གནོད་འཚེ་ཕོག་མཁན་རྣམས་ལ་སྨན་བཅོས་ཀྱི་གཟིགས་སྐྱོང་གནང་བཞིན་པར་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་གསུངས་ཏེ། ཨོ་ཌི་ཤ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ནས་མི་མང་ལ་སྨན་བཅོས་མཐུན་སྦྱོར་དང་། ངལ་སེལ། མྱུར་སྐྱོབ་སོགས་ཀྱི་སླད་ཞལ་འདེབས་གནང་ཡོད་པ་རེད།

༧གོང་ས་མཆོག་ནས་ཆུ་ལོག་གོད་ཆག་བྱུང་བའི་ཧི་མ་ཅལ་མངའ་སྡེའི་མི་མང་ལ་ཐུགས་གསོ་མཛད། ༢༠༢༣།༠༧།༠༦ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༢ ཉིན་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་ནང་ཆུ་ལོག་བརྒྱུགས་ཏེ། མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པར་བརྟེན། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ (Sukhvinder Singh Sukhu) མཆོག་གི་མཚན་ཐོག་ཏུ། ཧི་མ་ཅལ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་། ངོས་འདས་པའི་ལོ་ངོ་དྲུག་ཅུའི་རིང་ཧི་མ་ཅལ་ནང་སྡོད་རྒྱུ་བྱུང་བས། ཧི་མ་ཅལ་གྱི་མི་མང་ལ་དམིགས་བསལ་དགའ་ཚོར་ཡོད། ཅེས་དང་། ངོས་ནས་རང་བྱུང་གོད་ཆག་འདིའི་ཁྲོད་འདས་གྲོངས་སུ་ཕྱིན་པ་དང་གནོད་སྐྱོན་ཐེབས་པ། དེ་བཞིན་ཁོང་ཅག་གི་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་འདེབས་ཀྱི་ཡོད། ཅེས་སོགས་གསུངས།

His Holiness the Dalai Lama at the University of Hawaii on April 15, 2012. Photo/JHook/Civil Beat

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་ཧཱ་ཝའེ་མངའ་སྡེའི་ (Maui) མཚོ་གླིང་དུ་མེ་སྐྱོན་ཚབས་ཆེན་ཤོར་རྐྱེན། ཨ་རིའི་ཧཱ་ཝེ་མངའ་སྡེའི་སྲིད་སྐྱོང་རྗོ་ཤི་གྷི་རིན་ (Josh Green) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་བའི་ནང་། ད་རབ་མེ་སྐྱོན་ཚབས་ཆེན་ཤོར་ཏེ་ལོ་རྒྱུས་ལྡན་པའི་རྒྱལ་སར་གཏོར་སྐྱོན་ཕྱིན་པ་ཤེས་རྟོགས་བྱུང་བར་དམིགས་བསལ་གྱིས་བློ་ཕམ་ཆེན་པོ་བྱུང་། ངོས་ནས་ཁྱེད་དང་ཧཱ་ཝེ་མི་མང་རྐྱེན་ངན་དེ་ལས་གྲོལ་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད། ཅེས་སོགས་གསུངས།

Flash floods and landslides have devastated Himachal Pradesh in August 2023,Reuters

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༥ ཉིན་ ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་ནང་ཆར་ཞོད་ཀྱི་རྐྱེན་གྱིས་རི་ཉུལ་སོགས་བྱུང་ནས་མི་གྲངས་ ༥༠ ལྷག་རྐྱེན་འདས་སུ་གྱུར་ཏེ། མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པར་བརྟེན། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་དུ། ངོས་རང་ཧི་མ་ཅལ་མངའ་སྡེའི་མི་མང་ལའང་མཛའ་འབྲེལ་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་ཀྱང་ཡོད། ངོས་ནས་རྐྱེན་འདས་སུ་གྱུར་བའི་གཅེན་གཅུང་རྣམས་ལ་སྙིང་དབུས་ནས་སྨོན་ལམ་འདེབས་ཀྱི་ཡོད། ཅེས་སོགས་གསུངས།

His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.

ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༡ ཉིན་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཨ་ཧྥེ་རི་ཀའི་ཛུ་ལུ་ (Zulu) ཡི་རྒྱལ་སྲས་དང་གྲོས་ཚོགས་འཐུས་མི་ཟུར་པ་མང་གོ་སུ་ཐུ་ (Prince Mangosuthu Buthelezi) མཆོག་སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པའི་ནང་། ངོས་ཀྱིས་ཁོང་ཐེངས་ཁ་ཤས་མཇལ་རྒྱུ་བྱུང་བར་དགའ་པོ་བྱུང་། ཁོང་ནི་ངོས་རང་དང་བོད་མི་རྣམས་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཡིན། ཁོང་གིས་ལོ་ངོ་ ༩༥ བར་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་པ་རེད། རྒྱལ་སྲས་ཁོང་གིས་ང་ཚོ་བོད་མི་རྣམས་ཀྱི་ཆེ་མཐོང་དང་རང་དབང་གི་དོན་དུ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ཞེས་གསུངས། ཕྱི་ལོ་ ༢༠༠༤ ལོར་༧གོང་ས་མཆོག་ཐེངས་གསུམ་པར་ལྷོ་ཨ་ཧྥེ་རི་ཁའི་དྷུ་བྷན་གྲོང་ཁྱེར་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ཁོང་རྣམ་པ་མཇལ་འཕྲད་གནང་སྐབས།  དམ་པ་ཁོང་ཉིད་ལྷོ་ཨ་ཧྥེ་རི་ཁའི་ཨིངྐ་ཏ་རང་དབང་སྲིད་དོན་ཚོགས་པའི་ཚོགས་གཙོ་ཡིན་འདུག་ལ།  ཁོང་ནི་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་མི་སྣ་ཞིག་ཡིན་འདུག

Emergency workers carry a dead body, in the aftermath of a deadly earthquake, in Amizmiz, Morocco, September 10, 2023. REUTERS/Nacho Doce

ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱང་ཨ་ཧྥེ་རི་ཁ་གླིང་ཆེན་གྱི་མོ་རོ་ཁོ་རྒྱལ་ཁབ་ནང་དུ་ས་ཡོམ་ཚད་རིམ་ ༦།༨ ཅན་ཞིག་བརྒྱབ་སྟེ་གནོད་འཚེ་ཚབས་ཆེན་བྱུང་བར། རྒྱལ་ཁབ་དེའི་སྲིད་བློན་གྱི་ཨ་ཛི་ཨ་ཁན་ནུ་ཆི་( Aziz Akhannouch ) མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ས་ཡོམ་གྱི་གནོད་སྐྱོན་ཐེབས་ཁུལ་དུ་རོགས་རམ་བྱེད་བཞིན་པ་ནི་དགའ་སྤོབས་འོས་པ་ཞིག་རེད་འདུག ཐེངས་འདིའི་ས་ཡོམ་གོད་ཆག་ཁྲོད་ཀྱི་མོ་རོ་ཁོའི་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ངོས་ཀྱིས་དགའ་ལྡན་ཕོ་བྲང་གི་ཐེབས་རྩ་བརྒྱུད་ཉེན་སྐྱོབ་དང་ངལ་སེལ་ལས་དོན་ཆེད་ཞལ་འདེབས་དབུལ་དགོས་པའི་སྐུལ་མ་བཏང་ཡོད། ཅེས་གསུངས་འདུག ལོ་དེའི་ཕྱི་ཟླ་ ༩ ཚེས་ ༨ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡ །༡༡ ཐོག་བྱང་ཨ་ཧྥེ་རི་ཁ་གླིང་ཆེན་དུ་ཚད་རིམ་ ༦།༨ ཅན་གྱི་ས་ཡོམ་བརྒྱབ་སྟེ།  མི་གྲངས་ ༢༡༠༠ ལྷག་རྐྱེན་འདས་སུ་ཕྱིན་པ་དང་། མི་གྲངས་༢༤༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་གྲངས་འབུམ་ ༣ གྱི་སྡོད་ཁང་དང་ལམ་ཁ་སོགས་སུ་གཏོར་བཤིག་ཐེབས་ཏེ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་འདུག ཐེངས་འདིར་ས་ཡོམ་ཐེངས་གཉིས་བརྒྱབ་ཡོད་ཅིང་། ས་ཡོམ་ཐེངས་དང་པོར་ཚད་རིམ་ ༦།༧ དང་རིམ་པ་གཉིས་པར་ཚད་རིམ་ ༤།༩ ཅན་ཞིག་བཅས་བརྒྱབ་འདུག

A view shows Derna city, after a powerful storm and heavy rainfall hit Libya, in Derna, Libya September 12. REUTERS/Esam Omran Al-

ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་ཧྥེ་རི་ཁའི་བྱང་རྒྱུད་དུ་ཆགས་པའི་ལི་བྷི་ཡ་(libya) རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་ཆུ་ལོག་གནོད་འཚེ་ཚབས་ཆེན་ཐེབས་པར་བརྟེན། ལི་བྷི་ཡའི་མི་མང་ལ་ཐུགས་གསོའི་ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་བའི་ནང་།ངོས་རང་གིས་ཆུ་ལོག་གི་གོད་ཆག་དེའི་ཁྲོད་ནས་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་། ཤུལ་ལུས་ནང་མི་གཙོས་རང་བྱུང་གི་གནོད་འཚེ་ཐེབས་པའི་མི་མང་ཡོངས་ལ་ཐུགས་གསོ་ཞུ་ཡི་ཡོད། ཅེས་དང་། ལི་བྷི་ཡ་སྲིད་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་མྱུར་སྐྱོབ་ཀྱི་ལས་དོན་ཧུར་ཐག་གནང་བཞིན་པ་དང་། གནོད་འཚེ་ཐེབས་པའི་མི་མང་ལ་ངལ་སེལ་གྱི་རོགས་འདེགས་གནང་གི་ཡོད་པ་ཤེས་བྱུང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱིས་འགན་ཁུར་དང་རོགས་སྐྱོར་གནང་བ་དེས། རང་བྱུང་གོད་ཆག་གི་དཀའ་ངལ་འདི་ཞི་འཇམ་དུ་གཏོང་བར་ཕན་ཐོགས་ཡོད་པ་རེད། ཅེས་སོགས་གསུངས་འདུག

His Holiness the Dalai Lama with Senator Dianne Feinstein and her husband Richard Blum in Dharamsala, HP, India in 1978

ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༣༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ནི་ཧྥིན་སི་ཊི་(Dianne Feinstein) མཆོག་དགུང་གྲངས་༩༠ ཐོག་སྐུ་གྲོངས་ཡོད་པར་བརྟེན། ཁོང་མོའི་ནང་མི་འབྲེལ་ཡོད་བཅས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་བའི་ནང་། ཁོང་མོས་སྐུ་ཚེ་ཧྲིལ་པོ་ཨ་རིའི་མི་མང་དང་། བྱེ་བྲག་ཏུ་ཀེ་ལོ་ཕོ་ནི་ཡ་མངའ་སྡེ། དེ་རྗེས་གྲོས་ཚོགས་གོང་མའི་འཐུས་མི་གནང་སྟེ་སྤྱི་ཚོགས་ཀྱི་ཞབས་ཞུ་བསྒྲུབ་གནང་ཡོད། ང་ཚོ་ཐོག་མར་ཕྱི་ལོ་ ༡༩༧༨ ལོར་ཁོང་གི་སྐུ་ཟླ་རི་ཅཊ་བྷོ་ལོམ་ (Richard Blum) མཆོག་གིས་ཁོང་མོ་དྷ་རམ་ས་ལར་མཉམ་འཁྲིད་གནང་སྐབས་ཐུག་འཕྲད་བྱུང་། དུས་དེ་ནས་བཟུང་ངོས་ལ་ཁོང་མོས་རྒྱབ་སྐྱོར་ཆ་ཚང་གནང་སྟེ། ངོས་རང་ཕྱི་ལོ་ ༡༩༧༩ ལོར་ཨ་རིར་ཐོག་མར་བསྐྱོད་རྒྱུ་མཚོན་པའི་ཨ་རི་གཞུང་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ལས་གཞི་མང་པོའི་ནང་མཉམ་ཞུགས་གནང་ཡོད། ཁོང་མོ་དང་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་གྲོགས་འདྲིས་ཡོད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོར་ང་ཚོའི་ལྷག་བསམ་རྣམ་དག་གི་བརྡ་འཕྲིན་སྐྱེལ་རྒྱུའི་གོ་སྐབས་བྱུང་བས་ཕན་ཐོགས་ཆེན་པོ་བྱུང་། ཞེས་དང་། ཞིང་གཤེགས་སྐུ་ལྕམ་ཁོང་མོས་བོད་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད་སྐོར་བཅས་གསུངས་འདུག

འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པི་རམ་སིང་རྟ་མང་མཆོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། ༢༠༢༣།༩།༢༡ དགའ་ལྡན་ཕོ་བྲང་གི་པར།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་བྱང་ཤར་འབྲས་ལྗོངས་སུ་གློ་བུར་ཆུ་ལོག་གི་གནོད་སྐྱོན་བྱུང་སྟེ་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་བྱུང་བར་བརྟེན། འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པི་རམ་སིང་རྟ་མང་(Prem Singh Tamang) མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ་ཐུགས་སྨོན་སྐྱབས་འཇུག་གནང་ཡོད་པ་མ་ཟད། གནོད་ཐེབས་མི་མང་ལ་མཐུན་འགྱུར་རོགས་རམ་གནང་བཞིན་པར་བསྔགས་བརྗོད་མཛད་འདུག  ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་གྱི་མཚན་གུང་དུ་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་ལ་ཆེན་(Lachen valley) ལུང་གཤོངས་སུ་སྤྲིན་པ་བརྡོལ་བ་དང་ཊེ་སི་ཊ་(Teesta River) གཙང་པོ་རྒྱས་ནས་གློ་བུར་དུ་ཆུ་ལོག་རྒྱུག་སྟེ། ཉུང་མཐར་མི་གྲངས་ ༡༤ རྐྱེན་འདས་དང་། རྒྱ་གར་གྱི་དམག་མི་ ༢༢ ཚུད་པའི་མི་གྲངས་བརྒྱ་ལྷག་བོར་བརླག་ཏུ་གྱུར་འདུག དེ་བཞིན་མི་གྲངས་ ༢༦ ལ་རྨས་སྐྱོན་ཕོག་འདུག གཞན་ཡང་ཆུ་ལོག་དེས་འབྲས་ལྗོངས་བྱང་རྒྱུད་ཀྱི་གཞུང་ལམ་དང་། ནུབ་བྷེང་གྷལ་ནས་འབྲས་ལྗོངས་མཐུད་པའི་གཞུང་ལམ་དང་ཟམ་པ་མང་པོར་གཏོར་སྐྱོན་བཏང་ཡོད་འདུག

A man walks out from the door of his house as he salvages goods from his collapsed house after an earthquake in Jajarkot, Nepal November 6. REUTERS/Navesh Chitraka

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། བལ་ཡུལ་གྱི་སྲིད་བློན་ཀ་མལ་དྷ་ཧལ་ (Pushpa Kamal Dahal) ལགས་ཀྱི་མཚན་ཐོག་ཏུ། ངོས་ནས་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་གཉེན་འབྲེལ་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་གནང་གི་ཡོད། རྐྱེན་ངན་གོད་ཆག་འདིའི་ཁྲོད་གནོད་སྐྱོན་ཐེབས་པའི་མི་མང་ལ་བལ་ཡུལ་གཞུང་དང་དེ་འབྲེལ་གྱི་ཚོགས་པ་ཁག་གིས་དགོས་ངེས་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བཞིན་པ་ཤེས་རྟོགས་བྱུང་། བལ་ཡུལ་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་ངོས་ནས་ངལ་གསོ་དང་མྱུར་སྐྱོབ་བྱེད་པར་ཞལ་འདེབས་ཤིག་རྒྱག་གི་ཡིན། ཞེས་གསུངས་འདུག ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༣ གྱི་དགོང་མོའི་ཆུ་ཚོད་ ༡༡།༤༧ ཙམ་ལ་བལ་ཡུལ་གྱི་ཅཱ་ཅཱར་ཀོ་ཏ་རྫོང་( Jajarkot district) དང་ནུབ་རུ་ཀུམ་རྫོང་(Western Rukum District)གཉིས་ཀྱི་ནང་དུ་ཚད་རིམ་ ༦.༤ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་གྲངས་ ༡༥༧ རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་ ༣༧༥ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

His Holiness the Dalai Lama and Karel Schwarzenberg in Prague, Czech Republic on October 18, 2016. Photo by Jeremy Russell

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཅེག་ (Czech) སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཀ་རེལ་(Karel Schwarzenberg) ལགས་སྐུ་གྲོངས་བར་འདས་པོ་ཁོང་གི་སྐུ་ཟླ་ཐི་རེ་སི་  (Therese Schwarzenberg) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། སྐུ་ཞབས་ཀ་རེལ་ལགས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ལ་སྲི་ཞུ་ཞུས་ཏེ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཡོད། སྲིད་འཛིན་ཧ་ཝལ་(Vaclav Havel) ལགས་སྐབས་སུ་སྐུ་ཞབས་ཀ་རེལ་ལགས་སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་ཡིན་དུས་དང་། ཕྱིས་སུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཡིན་དུས་ངོས་ནས་ཁོང་དང་ངོ་ཤེས་བཟོ་བའི་དུས་སྐལ་བྱུང་། ཁོང་ཅེག་སྤྱི་མཐུན་རྒྱལ་ཁབ་ཕྱི་སྲིད་བློན་ཆེན་ཡིན་དུས། ཐེངས་གཅིག་ཁོང་དང་ངོས་གཉིས་ཁོང་གི་གནམ་གྲུའི་ནང་རྒྱལ་ས་པི་རག་ (Prague) ནས་སྦེལ་འཇམ་གྱི་རྒྱལ་ས་བྷི་རོ་སལ་བར་ལྷན་དུ་འཕུར་བ་ཡིན། ངོས་ནས་ཁོང་གི་གནང་སྟངས་ལ་ཡི་རངས་བྱས་པ་ཡིན། ངོས་ཀྱིས་སྐུ་ཞབས་ཀ་རེལ་ལགས་ནི་མཐུན་གྲོགས་ཤིག་ལ་བརྩི་ཡི་ཡོད་པ་མ་ཟད། ཁོང་གི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་གྲོགས་པོའི་བརྩེ་འདང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

Debris accumulates along Asaichi-dori street, which burned down due to a fire following an earthquake, in Wajima, Japan, January 4, 2024. REUTERS/Kim Kyung-Hoon

ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་ནས། ཉི་ཧོང་གི་སྲིད་བློན་ཧྥུ་མའུ་ཀི་ཤི་དྷ་ (Fumio Kishida) མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་། ངོས་ནས་གོད་ཆག་འདིའི་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་གནོད་སྐྱོན་ཐེབས་པའི་མི་ཚང་མར་བསྔོ་སྨོན་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཉི་ཧོང་གཞུང་གིས་དཀའ་ངལ་འཕྲད་བཞིན་པའི་མི་རྣམས་ལ་ངལ་སེལ་དང་མྱུར་སྐྱོབ་སོགས་ཀྱི་རྒྱབ་སྐྱོར་གནང་བཞིན་པར་ཡི་རངས་ཞུ། ཞེས་གསུངས།

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༧ ཉིན་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་བྱམས་པ་ཚེ་རིང་གིས་ཕྱོགས་སྒྲིག་བྱས་ཏེ་སྤེལ།

འབྲེལ་ཡོད་གསར་འགྱུར།

Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

ཆུ་ཚོད་ ༨ སྔོན་ལ།
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

ཆུ་ཚོད་ ༨ སྔོན་ལ།
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

ཆུ་ཚོད་ ༨ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese