མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོ་ ༢༡༥༠ ལོར་༧གོང་ས་མཆོག་ནས་མཇལ་འཕྲད་གནང་བའི་གནད་ཡོད་མི་སྣ།

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ལོ་ ༢༡༥༠ ལོར་༧གོང་ས་མཆོག་ནས་མཇལ་འཕྲད་གནང་བའི་གནད་ཡོད་མི་སྣ།

ཨོ་གླིང་གི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༣།༠༤།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཨོ་གླིང་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ཤཱ་རོན་ (Sharon Claydon) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ནེ་ཊི་ཨེ་ལི་ཛེ་བྷེ་ཐི་ར་ཡི་སི་ (Janet Elizabeth Rice) ལགས། གྲོས་ཚོགས་འོག་མའི་འཐུས་མི་སོ་ཧྥེ་ཨན་ན་ (Sophie Anna Scamps) ལགས། གྲོས་ཚོགས་འོག་མའི་འཐུས་མི་སུ་སན་རེ་ཡེ་ཊམ་པལ་མན་ (Susan Raye Templeman) ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་འདུག

ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༣།༤།༢༤། དགའ་ལྡན་ཕོ་བྲང་གི་སྐུ་པར།

ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལིན་ (Jacqueline Eustache-Brinio) མཆོག་དང་། ཧྥ་རན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་ལྕམ་སྐུ་ཨེལ་སེ་ཇོ་སེ་ཧྤི་ (Else Joseph) ལགས་དང་། སྐུ་ཞབས་ཨུ་ལི་ཝིར་རི་ཌི་མན་ (Olivier Rietmann) ལགས། ལས་བྱེད་སྐུ་ཞབས་ཐེ་རེ་མུ་ནིར་ (Thierry Munier) ལགས་བཅས་ཚོགས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོས་འཛམ་གླིང་ཞི་བདེ་ལེགས་འགྲུབ་ཡོང་བར་བསམ་བློ་གཏོང་དགོས་ཀྱི་འདུག དཀའ་ངལ་གྱི་འབྱུང་ཁུངས་གཅིག་ནི་ངའི་རྒྱལ་ཁབ་དང་། ངའི་ཆོས་ལུགས་ཀྱི་དབྱེ་འབྱེད་ལས་འབྱུང་གི་ཡོད། ད་ལྟའི་དུས་ལ་ང་ཚོས་འགྲོ་བ་མི་གཅིག་པ་ཡིན་པར་བསམ་བློ་གཏོང་དགོས་ཀྱི་འདུག འཛམ་གླིང་ནང་མི་གྲངས་ཐེར་འབུམ་བདུན་བརྒྱད་ཡོད་པ་ཚང་མ་གཅིག་པ་རེད། ངོས་རང་ཞོགས་པ་ཡར་ལངས་དུས་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པར་བསམ་བློ་གཏོང་གི་ཡོད། ཅེས་སོགས་བཀའ་སློབ་བསྩལ།

རྒྱ་གར་གྱི་སིག་དང་། གཅེར་བུ་བ། ཧིན་རྡུ་བཅས་ཆོས་ལུགས་ཀྱི་བླ་ཆེན་ཁག་ཅིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ། ༢༠༢༣།༥།༤ དགའ་ལྡན་ཕོ་བྲང་གི་སྐུ་པར།

རྒྱ་གར་གཅེར་བུ་བའི་བླ་ཆེན་ཨཱ་ཅཱརྱ་ལོ་ཀེཤ་མུ་ནི་ (Acharya Dr. Lokesh Muni) མཆོག་དང་། ཧིན་དྷུའི་བླ་ཆེན་མཱ་ཧཱ་མཾཌེལཥ་ཝར་མཱ་ཧནྟ་ན་ཝལ་ཀི་ཤོར་དྷས་ (Maha Mandleswar Mahant Naval Kishore Das) མཆོག སིག་གི་བླ་ཆེན་ཇཱ་ཐེ་ཌིར་ཇཱི་ནི་རཱན་ཇི་ཏི་སེངྷ་(Jathedar Giani Ranjit Singh)་མཆོག་བཅས་ཕྱི་ཟླ་ ༥ ཚེས་ ༤ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆོས་ལུགས་མཐུན་འབྲེལ་གྱི་ཚོགས་ཆེན་འཚོག་གཏན་འཁེལ་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་རེད།

ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས།༢༠༢༣།༠༦།༡༤ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཨ་རིའི་རོགས་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་གཞོན་པ་ཨི་སོ་བེལ་ཀོལ་མན་ (Isobel Coleman) ལགས་དང་། འཛིན་སྐྱོང་ལས་རོགས་མའེ་ཀལ་སི་ཧི་ཧྥར་ (Michael Schiffer) ལགས། ཨ་རིའི་རོགས་ཚོགས་ཀྱི་རྒྱ་གར་ཁུལ་གྱི་ཆེད་གཉེར་དོན་གཅོད་ལས་ཚབ་ཀ་རེན་ཀི་ལི་མུ་སི་ཀི་ (Karen Klimowski) ལགས། འཛིན་སྐྱོང་འགན་འཛིན་གཞོན་པའི་དམིགས་བསལ་ལས་རོགས་ཨི་མི་ལི་གྷི་རིན་ (Emily Green) ལགས། ལས་བྱའི་གཙོ་འཛིན་གཞོན་པ་སོ་ན་ལི་ཀོར་ཊེ་ (Sonali Korde) ལགས། འཛིན་སྐྱོང་འགན་འཛིན་གཞོན་པའི་སློབ་སྟོན་པ་རྒན་པ་སོ་ཕི་ཡ་ལ་ལ་ནི་ (Sophia Lalani)  ལགས་བཅས་ཀྱིས། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས ༡༤ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད།

༧གོང་ས་མཆོག་ནས་ཨ་རིའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་འཕྲད་གནང་།  ༢༠༢༣།༠༧།༠༩། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༩ ལ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་རཱ་ཛེ་ཡཱ་(Uzra Zeya)་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་ལྡི་ལིའི་གཞུང་ཚབ་ཆེན་མོ་ཨེ་རི་ཁི་གྷར་སེ་ཌ་ཌི་(Eric  Garcetti) ལགས་དང་། ཨ་རིའི་རོགས་དངུལ་ཐེབས་རྩ་ཁང་གི་ཨེ་ཤ་ཡའི་སྡེ་ཚན་འགན་འཛིན་ཨན་ཇཱ་ལི་ཀཱ་ལུ་ (Anjali Kaul) ལགས་སོགས་ཀྱི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད།

རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པས་༧གོང་ས་མཆོག་ལ་མཇལ་ཁ་ཞུས། ༢༠༢༣།༩།༢༢ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༢ ཉིན་གྱི་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ (Rashtriya Swayamsewak Sangh) དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Sangh) གཉིས་ཀྱི་ཚོགས་མི་ཁག་ཅིག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་ཟུར་བ་འབུམ་རམས་པ་ཧན་སི་གྷར་ཊི་པོ་ཊི་རེན་ (Dr. Hans-Gert Pottering) ལགས་སུ་མཇལ་ཁ་དང་བཀའ་སློབ་བསྩལ། ༢༠༢༣།༡༡།༢༠  དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་འབུམ་རམས་པ་ཧན་སི་གྷར་ཊི་པོ་ཊི་རེན་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། མཇལ་ཁའི་སྐབས་འབུམ་རམས་པ་ཧན་སི་གྷར་ཊི་པོ་ཊི་རེན་ (Dr. Hans-Gert Pottering) ལགས་ཀྱིས། ལོ་ངོ་བཅོ་ལྔའི་རྗེས་ནས་ང་སྐུ་ཉིད་དང་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྐུ་ཉིད་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༤ ཉིན་ཡུ་རོབ་གྲོས་ཚོགས་སུ་ཕེབས་པ་རེད། ང་ཚོར་མཇལ་བཅར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་ཞུས་པ་དང་བསྟུན། སྐུ་ཞབས་ཁོང་གི་མི་ཚེ་ལོ་རྒྱུས་འཁོད་པའི་དཔེ་དེབ་ཅིག་༧གོང་ས་མཆོག་ལ་ངོ་སྤྲོད་ཞུས་ཏེ། ང་རང་ཡུ་རོབ་གྲོས་ཚོགས་ཀྱི་སྲིད་འཛིན་ཡིན་དུས། ངེད་གཉིས་ངའི་ལས་ཁུངས་སུ་ཐུག་པ་དང་། སྐབས་དེར་སྐུ་ཉིད་ནས་ངེད་གཉིས་བློ་མཐུན་ཡིན་གསུངས་བྱུང་། ངས་ང་བློ་མཐུན་གྲོགས་ལ་དགའ་པོ་མེད། ངེད་གཉིས་གྲོགས་པོ་ཡིན་ལབ་ནས་ངེད་གཉིས་གྲོགས་སུ་གྱུར་བ་རེད། ཅེས་སོགས་ཞུས་འདུག

རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་ལགས་དང་།གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས།༢༠༢༣།༡༢།༠༦ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༦ ཉིན་གྱི་ཞོགས་པར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་(Abhishek Dudhaiya)ལགས་དང་། གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་(Jay Patel) ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་ཁོང་གཉིས་ཀྱིས་མ་འོངས་བར་རྒྱ་ནག་གཞུང་གིས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་ཇི་ལྟར་བཙན་ཁྲིད་བྱས་པའི་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་གྱི་མུ་འབྲེལ་གློག་བརྙན་(web series) ཞིག དེ་བཞིན་བོད་དང་འབྲེལ་བའི་གཏམ་རྒྱུད་གློག་བརྙན་(Feature Film) ཞིག་བཅས་བཟོ་འཆར་ཡོད་སྐོར་སྙན་སེང་ཞུས་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༩ ཉིན་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་བྱམས་པ་ཚེ་རིང་གིས་ཕྱོགས་སྒྲིག་བྱས་ཏེ་སྤེལ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese