མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ལོ་ ༢༡༥༠ ལོར་བསྩལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༢༤/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ལོ་ ༢༡༥༠ ལོར་བསྩལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན།

༧གོང་ས་མཆོག་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་པར་གསུང་འཕྲིན་བསྩལ། ༢༠༢༣།༣།༡༣ པར་དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་པེ་ཊར་པཱ་ཝེལ་ (Petr Pavel)ལགས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། ཕྱི་ལོ་ ༡༩༩༠ ཟླ་གསུམ་པའི་མགོ་སྟོད་ལ་༧ངོས་རང་སྲིད་འཛིན་ཝཱ་ཁི་ལེ་ཝ་མཆོག་གིས་དམར་ཤོག་རིང་ལུགས་མཇུག་སྒྲིལ་བའི་སྐབས་སུ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་དུ་བསྐྱོད་རྒྱུ་བྱུང་བ་དྲན་གྱི་འདུག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེ་བའི་ལོ་རྒྱུས་ཁྲོད་ཀྱི་ཝེལ་ཝེ་ཌི་གསར་བརྗེའི་སྐབས་སུ། ཅེག་མི་མང་གིས་འཛམ་གླིང་ཡོངས་སུ་འཚེ་མེད་ཞི་བདེ་དང་། རང་དབང་། དམངས་གཙོ་བཅས་ཀྱི་རིན་ཐང་གི་མིག་དཔེ་བསྟན་ཡོད་ཅིང་། དེ་ནི་༧ངོས་རང་ཁྱེད་ཀྱི་རྒྱལ་ཁབ་ཏུ་ཐེངས་མང་བསྐྱོད་པའི་གཟི་བརྗིད་ཅིག་ཡིན། ངོས་ལ་ཅེག་རྒྱལ་ཁབ་ཀྱི་རྒན་གཞོན་ཚང་མས་འགྲོ་བ་མི་གཅིག་ཡིན་པའི་འདུ་ཤེས་དང་། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་བྱེད་པའི་གལ་ཆེན་གྱི་རིན་ཐང་ལ་འབད་པ་བྱེད་དགོས་པའི་སེམས་ཚོར་གཏིང་ཟབ་བསྟན་བྱུང་། འཛམ་གླིང་ཡོངས་གཉན་འཕྲང་ཅན་གྱི་དུས་ཚོད་དང་འཕྲད་བཞིན་པའི་སྐབས་འདིར། སྐུ་ཉིད་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རེ་བ་དང་མངོན་འདོད་བསྒྲུབ་པར་འདོད་པའི་དཀའ་ངལ་ཡོངས་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཡོད། ཅེས་གསུངས་འདུག

His Holiness the Dalai Lama and Prince Charles walking on the grounds of Clarence House in London, UK, on June 21, 2012.

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས ༦ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ། རྒྱལ་པོ་ཆཱར་ལེ་སི་གསུམ་པའི་རྒྱལ་ཁྲི་མངའ་གསོལ་གྱི་མཛད་སྒོ་འཚོགས་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྲིད་ཁྲི་འདོན་མཛད་སྒོར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ལོ་མང་རིང་སྐུ་ཉིད་དང་ལྷན་དུ་གྲོགས་པོའི་མཛའ་བརྩེར་རོལ་བའི་སྐལ་བ་ལྡན་བྱུང་བས། ཁྱེད་ཀྱིས་མུ་མཐུད་འོས་འགན་འདི་སེམས་བཟང་བརྩེ་སེམས་དང་བཅས་ཏེ་གཞན་ཕན་གྱི་ལས་ལ་བརྩོན་པར་ངོས་ལ་གདེང་ཚོད་ཡོད། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་འདི་དཀའ་ཁག་ཆེ་བའི་དུས་སྐབས་ཤིག་ན་ཡོད། ང་ཚོས་ངེས་པར་དུ་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས། བྱམས་སྙིང་རྗེ་དང་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་ཐུབ་དགོས། དེ་ཡང་དཔེར་ན་དབུལ་ཕྱུག་གི་དཀའ་ངལ་སེལ་རྒྱུ་དང་། འགྲོ་བ་མི་གཅིག་གྱུར་གྱི་བསམ་བློའི་ཐོག་ནས་ང་ཚོའི་གཞིས་ཁྱིམ་ཁོ་ནར་གྱུར་བའི་སའི་གོ་ལ་འདི་སྲུང་སྐྱོབ་བྱེད་དགོས། ཞེས་སོགས་གསུངས་འདུག

His Holiness the Dalai Lama with Karnataka Chief Minister Siddaramaiah during His Holiness’s 78th birthday celebrations at Sera Je Monastery in Bylakuppe, Karnataka, India on July 6, 2013. Photo by Tenzin Choejor

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་སི་དྷ་རཱ་མི་ཡ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་ཡོད་པའི་ནང་། ཀར་ན་ཊ་ཀ་མངའ་གཞུང་གིས་བོད་མིའི་གཞིས་ཆགས་ལྔ་གསར་སྐྲུན་བྱེད་དུ་བཅུག་པའི་ཐོག ང་ཚོའི་ནང་པའི་དགོན་སྡེ་ཆེ་ཤོས་ཀྱི་གྲས་མང་པོ་ཞིག་བསྐྱར་གསོ་བྱེད་དུ་བཅུག་པར་དགའ་སྤོབས་བྱུང་། དགོན་སྡེ་དེ་དག་ནང་དཔལ་ནཱ་ལནྡཱའི་རིག་གཞུང་གཞིར་བཞག་སྟེ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སོགས་རྒྱ་གར་གྱི་གནའ་བོའི་ཤེས་རིག་ད་ལྟའང་སློབ་གཉེར་བྱས་དང་བྱེད་མུས་ཡིན། དེར་བརྟེན། ཀར་ན་ཊ་ཀའི་གཞུང་མང་གིས་བོད་མི་རྣམས་ལ་དཀའ་ཁག་ཆེ་བའི་དུས་སྐབས་འདིར་རྒྱབ་སྐྱོར་ལྷད་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག

༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན།  ༢༠༢༣།༥།༢༩ པར་དུས་བབ་ཀྱིས་བསྒྲིགས།

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་རཱི་སཱིབ་ཊའེ་ཡིབ་ཨེར་ཌོ་གྷན་ (Recep Tayyip Erdogan) ལགས་ལ་ཏུར་ཀི་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུའི་ཁྲོད་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པའི་ནང་། དེང་གི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ཏུར་ཀིའི་རྒྱལ་ཁབ་མུ་མཐུད་དུ་ཡར་རྒྱས་གོང་འཕེལ་དུ་འགྲོ་ཡི་ཡོད་པ་དང་། ང་ཚོ་གཅིག་ལ་གཅིག་རྟེན་གྱི་འཛམ་གླིང་འདི་ཞི་བདེ་དང་སྲ་བརྟན་ཡོང་བར་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་རེ་བ་ཡོད། ཅེས་སོགས་གསུངས་འདུག ཏུར་ཀིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད། སྲིད་འཛིན་ལས་ཐོག་སྐུ་ཞབས་རི་སིབ་ཊའེ་ཡིབ་ཨེར་ཌོ་གྷན་ (Recep Tayyip Erdogan) ལགས་ལ་འོས་གྲངས་བརྒྱ་ཆ་ ༥༢།༡ ཐོབ་སྟེ་ཁོང་ཡང་བསྐྱར་སྲིད་འཛིན་དུ་བདམས་ཡོད་འདུག ད་ལན་ནི་སྐུ་ཞབས་ཨེར་ཌོ་གྷན་ལགས་སུ་ཡུལ་དེའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་ཐེངས་གསུམ་པ་དེ་ཡིན་འདུག

༧གོང་ས་མཆོག་ནས་ལཱ་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད། ༢༠༢༣།༦།༡ དུས་བབ་ཀྱིས་པར་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལཱ་ཌི་ཝི་ཡའི(Latvia)སྲིད་འཛིན་གསར་པ་སྐུ་ཞབས་ཨེ་གྷར་སི་རིན་ཁེ་ཝེ་སི་ (Edgars Rinkevics) ལགས་སུ་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། ཕྱི་ལོ་ ༡༩༩༡ ནས་བཟུང་ངོས་རང་ཁྱེད་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ནང་དུ་ཐེངས་ཁ་ཤས་བསྐྱོད་རྒྱུའི་སྐལ་བ་བཟང་པོ་བྱུང་ཞིང་། སྐབས་དེ་དུས་ངོས་ཀྱིས་འགྲོ་བ་མིའི་བཟང་སྤྱོད་དང་། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་བཞིན་པའི་ཐོག་ལཱ་ཌི་ཝི་ཡ་རྒྱལ་ཁབ་ཀྱི་མི་མང་རྒན་གཞོན་དབྱེ་བ་མེད་པར་ཚང་མས་དགའ་མོས་ཆེས་ཆེར་གནང་སྟབས་ངོས་རང་ཧ་ཅང་སེམས་འགུལ་ཐེབས་བྱུང་། ཞེས་དང་།  ལཱ་ཌི་ཝི་ཡ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་དུ་ཁྱིམ་མཚེས་རྒྱལ་ཁབ་ཨེ་སི་ཌོ་ནི་ཡ་དང་། ལི་ཐུ་ཡ་ནི་ཡའི་རྒྱལ་ཁབ་ཀྱི་མི་མང་ལ་འཛམ་གླིང་གི་འཚེ་བ་མེད་པ་དང་། རང་དབང་། དམངས་གཙོ་བཅས་ཀྱི་རིན་ཐང་གསལ་སྟོན་བྱས་ཡོད། ད་ལྟའི་ཆར་འཛམ་གླིང་ཡོངས་གཉན་འཕྲང་ཅན་གྱི་དུས་ཚོད་དང་འཕྲད་བཞིན་ཡོད་པའི་སྐབས་འདིར། སྐུ་ཉིད་ཀྱིས་དུས་ཡུན་རིང་པོར་སྤྱི་ཚོགས་ནང་དུ་ཞབས་ཞུ་བསྒྲུབ་པའི་ཉམས་མྱོང་ལ་གཞིགས་ནས། ཁྱེད་ཀྱི་སྲིད་འཛིན་ལས་འགན་གྱི་དུས་ཡུན་ནང་དུ་སྲི་ཞུ་ཡག་པོ་བསྒྲུབ་དགོས། སྐུ་ཉིད་ཀྱིས་ལཱ་ཌི་ཝི་ཡ་རྒྱལ་ཁབ་ཀྱི་མི་མང་གི་རེ་བ་དང་མངོན་འདོད་རྣམས་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

༧གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།༢༠༢༣།༦།༢༣ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༠ ཉིན་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་(Shrimati Droupadi Murmu) མཆོག་གི་འཁྲུངས་སྐར་ཡིན་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་སྐུ་ཁོང་དགུང་ལོ་ ༦༥ ཕེབས་པའི་སྐྱེས་སྐར་ལ་འཚམས་འདྲི་མཛད་པ་དང་སྦྲགས། ཁོང་མོས་རྒྱ་གར་རྒྱལ་ཁབ་ཀྱི་སྣེ་ཁྲིད་པའི་ཕྱག་ལས་ཐམས་ཅད་ལམ་ལྷོངས་དང་སྐུ་གཟུགས་བདེ་ཐང་ཡོང་བའི་ཐུགས་སྨོན་མཛད་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྩལ་བའི་འཚམས་འདྲིའི་ནང་།འདི་ལོ་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༤ འཁོར་གྱི་ཡོད་པས། ད་བར་རྒྱ་གར་གཞུང་མང་གཉིས་ནས་ང་ཚོ་བོད་མི་ཚོར་བྱམས་སྐྱོང་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ད་ལྟ་རྒྱལ་སྤྱིའི་མི་མང་གིས་རྒྱ་གར་ནི་འཛམ་གླིང་གི་མང་གཙོ་ཆེ་ཤོས་ཡིན་པ་ཙམ་དུ་མ་ཟད། མི་འབོར་མང་ཤོས་ཀྱང་ཡིན་པའི་གནས་བབ་ཤེས་རྟོགས་བྱུང་ཡོད་སྟབས། ང་ཚོས་རྒྱ་གར་གྱི་སྟོབས་ཤུགས་དང་འཛམ་གླིང་གི་མགོ་ཁྲིད་ཁྲོད་འབུར་དུ་ཐོན་བཞིན་པར་དགའ་སྤོབས་བྱེད་ཀྱི་ཡོད། ངོས་ནས་རྒྱ་གར་གྱིས་འཛམ་གླིང་སྔར་ལས་ལྷག་པའི་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཏུ་བསྐྲུན་པར་ཞབས་འདེགས་རླབས་ཆེ་སྒྲུབ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། ཅེས་སོགས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཧྥིན་ལེན་ཌིའི་སྲིད་བློན་གསར་པ། ༢༠༢༣།༦།༢༣ བོད་ཀྱི་དུས་བབ་ཀྱིས་བསྒྲིགས།

ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་པི་ཌར་རི་ཨོར་པོ་(Petteri Orpo) ལགས་ཧྥིན་ལེན་ཌིའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་། འདས་པའི་ལོ་ཤས་རིང་ངོས་རང་ཁྱེད་ཀྱི་རྒྱལ་ཁབ་ཏུ་ཐེངས་འགར་བསྐྱོད་རྒྱུའི་གོ་སྐབས་བྱུང་ལ། ཧྥིན་ལེན་ཌིའི་རྒན་གཞོན་གཙོས་མི་མང་རྣམས་ཀྱིས་ངོས་རང་གིས་བྱམས་བརྩེ་གོང་མཐོར་དང་། འཛམ་གླིང་གཅིག་འགྱུར། ཆོས་ལུགས་མཐུན་འབྲེལ་གྱི་ཐད་ལ་འཆད་ཀྱིན་པར་དོ་དབྱིངས་བྱས་པར་ངོས་རང་ལའང་བློ་སྤོབས་བྱིན་སོང་། ཞེས་དང་། དེང་གི་འཛམ་གླིང་འདིར་དཀའ་ངལ་ཆེས་མང་བ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་དྲག་སྤྱོད་སོགས་ལ་བརྟེན་ནས་མི་མང་དཀྱུས་མ་རྣམས་ལ་དཀའ་ངལ་ཞིག་འབྱུང་མུས་ཡིན་པ་ནི་ཞེ་སྨྲེང་བའི་གནད་དོན་ཞིག་ཡིན་པས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཞི་བདེའི་ཐོག་ནས་རྩོད་རྙོག་དེ་དག་ཞི་འགྲིག་བྱ་དགོས་ཤིང་། གྲོས་མོལ་གྱི་ལམ་ནས་ཞི་འགྲིག་བཟོ་དགོས་པ་ནི་གོ་མཚོན་གྱི་འཇིག་པ་ལས་བྲལ་ནས་རང་དབང་ལྡན་པའི་འཇིག་རྟེན་ཞིག་བསྐྲུན་རྒྱུའི་ལམ་བུ་ཁོ་ན་ཡིན། ཞེས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་འཕུར་གྲུ་ཅན་དྷ་ར་ཡན་གསུམ་པ་ཟླ་བའི་གོ་ལའི་ཐོག་བབས་པར་འཚམས་འདྲི་མཛད།  ༢༠༢༣།༨།༢༣ བོད་ཀྱི་དུས་བབ་ཀྱིས་བསྒྲིགས།

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༤ ཉིན་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་འཕུར་གྲུ་ཅན་དྷ་ར་ཡན་གསུམ་པ་(Chandrayaan-3) ཟླ་བའི་ལྷོ་སྣེ་རུ་བདེ་ལེགས་ངང་བབས་ཏེ་ཟིན་ཐོ་གསར་པ་ཞིག་བསྐྲུན་པར་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། རྒྱ་གར་ནང་གནས་སྡོད་རྒྱུན་རིང་ཤོས་བྱེད་མཁན་གྱི་མགྲོན་པོ་ཞིག་ཡིན་པའི་ཆ་ནས། ངོས་ནས་རླབས་ཆེ་བའི་གྲུབ་འབྲས་འདི་ལ་དགའ་པོ་བྱེད་ཀྱི་ཡོད། རྒྱ་གར་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་མ་འོངས་པར་ཚན་རིག་གི་བྱ་བཞག་ཐོག་སྣེ་ཁྲིད་ཐུབ་པའི་སྟོབས་ཤུགས་རྒྱུན་སྐྱོང་ཐུབ་པར་ཡིད་ཆེས་ཡོད། ཅེས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཚན་རིག་པ་ཀཱ་ཊ་ལིན་ཀཱ་རི་ཀོ་(Katalin Karikó)། ཌི་རེའོ་ཝི་སི་མན་ (Drew Weissman)། པར་དུས་བབ་ཀྱིས་བསྒྲིགས།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༢༣ ལོའི་དངོས་ཁམས་རིག་པ་དང་སྨན་གྱི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་ཧང་གྷ་རིའི་ཚན་རིག་པ་ཀཱ་ཊ་ལིན་ཀཱ་རི་ཀོ་ལགས་དང་། ཨ་རིའི་ཌི་རེའོ་ཝི་སི་མན་ལགས་གཉིས་ལ་འཚམས་འདྲི་མཛད་པའི་ནང་།ཁྱེད་གཉིས་ཀྱིས་འཕྲུལ་རིག་གི་ཡར་རྒྱས་ལས་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་གསར་གཏོད་བྱུང་ཡོད་ཅིང་། ཕྱག་ལས་དེ་ནི་ཚན་རིག་ཞིབ་འཇུག་གིས་དོན་དངོས་ཐོག་མིའི་རིགས་ཀྱི་བདེ་སྐྱིད་ཆེད་དུ་བྱས་རྗེས་འཇོག་པའི་དཔེ་མཚོན་བསྟན་ཡོད། ཏོག་དབྱིབས་གཉན་རིམས་མ་ཁྱབ་པའི་སྔོན་ནས་ཁྱེད་གཉིས་ཀྱིས་ཞིབ་འཇུག་བྱས་ཡོད་ལ། འཛམ་གླིང་དུ་ཚེ་སྲོག་འབོར་ཆེན་སྐྱོབ་ཐུབ་པ་བྱུང་ཡོད། ངོས་ཀྱིས་ཁྱེད་གཉིས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་དང་། གཞན་ཕན་གྱི་མི་ཚེ་དོན་དང་ལྡན་པ་བྱུང་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེང་སྐབས་ང་ཚོར་ཉིན་ལྟར་འཛམ་བུ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་རྟེན་ཆགས་ཡོད་པ་དང་། ཚན་རིག་ལས་རིགས་ཀྱི་གལ་ཆེན་རང་བཞིན་གྱིས་ང་ཚོ་ཚང་མ་སྔར་ལས་ལྷག་པའི་ཞི་འཇགས་ཀྱི་གནས་ཤིག་བསྐྲུན་ཐུབ་པའི་དྲན་སྐུལ་བྱེད་བཞིན་ཡོད། ཅེས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་ལགས། ༢༠༢༣།༡༠།༩ པར་བོད་ཀྱི་དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༦ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ། ད་ལྟ་བཙོན་ཁང་དུ་ཡོད་པའི་ཨི་རན་གྱི་རང་དབང་འཐབ་རྩོད་པ་དང་བུད་མེད་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་ནཱར་གྷེ་སི་མོ་ཧན་མཱ་དཱི་( Narges Mohammadi) ལགས་སུ་དབུལ་གཏན་འཁེལ་བ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་མོའི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། དེང་གི་ཆར་འཛམ་གླིང་འདིའི་དཀའ་རྙོག་དེ་དག་གྲོས་མོལ་དང་འཚེ་མེད་ཞི་བའི་ལམ་ནས་སེལ་ཏེ། འཛམ་གླིང་ལ་འགྱུར་བ་གཏང་རྒྱུར་འདོད་མོས་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་ཞིང་། དེ་ནི་གཞན་ཕན་དང་། བྱམས་བརྩེ། འགྲོ་བ་མིའི་འགན་ཁུར་གྱི་འདུ་ཤེས་བཅས་ཀྱི་གཞི་རྟེན་བྱས་ཡོད།  ངོས་རང་གིས་ཤེས་ཡོན་གྱི་ལམ་ནས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་བཏང་ནས་དམིགས་ཡུལ་དེ་འགྲུབ་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོ་གཅིག་ལ་གཅིག་རྟེན་བྱས་ཡོད་ཅིང་། དེ་ནི་འཚོ་བའི་ཆོས་ཉིད་དུ་གྲུབ་ཡོད། ཅེས་སོགས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ནེའུ་ཛི་ལེན་ཌིའི་སྲིད་བློན་གསར་པ་ཁི་རི་སི་ལུ་ཞོན་ལགས། ༢༠༢༣།༡༠།༡༦ པར་དུས་བབ་ཀྱིས་བསྒྲིགས།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༥  ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ཁི་རི་སི་ལུ་ཞོན་(Chris Luxon) ལགས་ཀྱི་མཚན་ཐོག་ཏུ། ཁོང་ཉིད་ནེའུ་ཛི་ལེན་ཌིའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པར་འཚམས་འདྲི་མཛད་པ་དང་སྦྲགས། འཛམ་གླིང་འདི་རང་དབང་ལྡན་པ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏང་རྒྱུ་གལ་ཆེན་ཡིན་པའི་སྐོར་བཀའ་སློབ་བསྩལ་འདུག གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེང་གི་ཆར་འཛམ་གླིང་འདིར་རང་དབང་ལྡན་པ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་འགྲོ་མུས་ཡིན་པ་རེད། ངོས་རང་གིས་མི་རྣམས་ཀྱི་མཉམ་རུབ་ཀྱི་ནུས་པ་དེས་འཛམ་གླིང་ལ་འགྱུར་བ་གཏོང་ཐུབ་པའི་རེ་བ་འཆང་གི་ཡོད། ཁྱེད་ཀྱི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བདེ་འཇགས་དང་ཞི་བདེ་གོང་མཐོར་གཏོང་བར་ལས་དོན་རྒྱ་ཆེན་གཉེར་མུས་ཡིན་པ་རེད། དེ་བཞིན་ཁྱེད་རང་གིས་ནེའུ་ཛི་ལེན་ཌིའི་རྒྱལ་ཁབ་ཏུ་རྡུལ་ཕྲན་བེད་སྤྱོད་མི་གཏང་རྒྱུ་ཁས་ལེན་བྱས་པ་དེ་རྒྱལ་ཁབ་གཞན་རྣམས་ཀྱིས་ལྟ་ཉན་དང་ལག་བསྟར་བྱ་དགོས་པ་ཞིག་རེད། གོ་མཚོན་མེད་པར་བཟོ་རྒྱུ་ནི་ང་ཚོའི་ཆེད་དུ་འཛམ་གླིང་སྔར་ལས་ལྷག་པ་ཞིག་བསྐྲུན་པའི་ལམ་བུ་ཞིག་ཡིན་པ་རེད། ཅེས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མེག་ཇོན་སོན་མཆོག པར་དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་༢༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་མེག་ཇོན་སོན་(Mike Johnson) མཆོག་གི་མཚན་ཐོག་ཏུ། ཨ་རི་ནི་འཛམ་གླིང་གི་སྣེ་འཁྲིད་རྒྱལ་ཁབ་ཅིག་ཡིན་ལ། ངོས་རང་གིས་ཁྱེད་ཀྱི་རྒྱལ་ཁབ་ཀྱིས་ཆོས་དད་རང་དབང་ཚུད་པའི་དམངས་གཙོ་དང་། རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་ཆེ་མཐོང་གནང་བར་ཡིད་སྨོན་སྐྱེ་ཡི་ཡོད། ཕྱི་ལོ་ ༡༩༧༩ ཙམ་ནས་ངོས་རང་ཨ་རིར་ལན་མང་བསྐྱོད་རྒྱུའི་གོ་སྐབས་བྱུང་ལ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་རྣམས་ཚུད་པའི་མི་མང་ལ་མགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གི་ཐད་ནས་གོ་བསྡུར་ཡང་བྱས་མྱོང་། ལྷག་པར་དུ་ངོས་རང་གིས་ཨ་རིའི་གཞུང་ནས་བོད་ཀྱི་རིག་གཞུང་དང་། སྐད་ཡིག གོམས་གཤིས་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རོགས་འདེགས་གནང་བར་བསྔགས་བརྗོད་བྱ་རྒྱུའི་གོ་སྐབས་བྱུང་། ཨ་རིའི་གཞུང་གིས་ངོས་དང་བོད་མིར་ཞི་བདེ་དང་། འཚེ་མེད་ཞི་བ། བྱམས་བརྩེ་སོགས་ཀྱི་གཞི་རྟེན་བྱས་པའི་བོད་བརྒྱུད་ནང་བསྟན་ཚུད་པའི་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་མུ་མཐུད་ནས་གནང་བར་བཀའ་དྲིན་ཆེན་པོ་ཡིན་ལ། ངོས་རང་གིས་ཀྱང་བོད་ཀྱི་ཆོས་རིག་དེ་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཡོང་ཐུབ་པའི་རེ་བ་འཆང་གི་ཡོད། ཅེས་དང་། དེང་གི་འཛམ་གླིང་དེ་ཧ་ཅང་གཉན་ཕྲང་ཆེ་བའི་ལམ་བུ་རུ་སྐྱོད་མུས་ཡིན་ཡང་། འཛམ་གླིང་འདིར་རང་དབང་དང་། གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་དུ་འགྲོ་མུས་ཡིན་པས། ངོས་རང་གིས་མ་འོངས་པར་འགྱུར་བ་བཟང་ཕྱོགས་ནས་ཐེབས་པའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་གསར་བསྐོས་མཁན་པོ་བླ་མ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག ༢༠༢༣།༡༡།༧ བོད་ཀྱི་དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་གསར་བསྐོས་མཁན་པོ་བླ་མ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་།  ནང་ཆོས་ནི་འཚེ་བ་མེད་པ་དང་སྙིང་རྗེའི་རྩ་བ་ཡིན་པར་བརྟེན། འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་ཕན་ཐོགས་པའི་ནུས་པ་ལྡན་གྱི་ཡོད། འོན་ཀྱང་། ང་ཚོ་ཆོས་ཀྱི་ཐོག་ལ་སློབ་གཉེར་དང་ཉམས་ལེན་བྱེད་པའི་གོ་སྐབས་ཡོད་མཁན་ཁོ་ནར་དེ་ལྟར་ཡོང་རྒྱུ་ཡིན་པ་རེད། ནང་ཆོས་འཆད་འཁྲིད་གནང་སྐབས། ཆོས་ཞུ་ཡུལ་གྱི་རྒྱུད་ཚོད་དང་མོས་པ་སེམས་སུ་ངེས་པར་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་འདུག མཁན་པོ་གསར་པ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༨༠ ལོར་སོག་པོའི་མངའ་སྡེ་སུག་པ་ཐར་ (Sükhbaatar) ནང་སྐུ་འཁྲུངས་ཤིང་།ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ། ༢༠༡༧ ལོར་དགེ་བཤེས་ལྷ་རམས་ཨང་དང་པོ་ཐོབ་འདུག ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ ཚེས་ ༡ ཉིན་སོག་པོ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཁན་པོ་བླ་མར་བསྐོ་བཞག་གནང་ཡོད་འདུག

༧གོང་ས་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་ཉིན་མོར་གསུང་འཕྲིན་བསྩལ། བོད་ཀྱི་དུས་བབ་ཀྱི་སྒྲིག་བཟོ་བྱས།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་ལ་ཉེ་བ་དང་བསྟུན་གསུང་འཕྲིན་ཞིག་སྩལ་བའི་ནང་། ཉིན་མོ་དེ་ནི་འཛམ་གླིང་གི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་གི་དྲན་སྐུལ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དེ་བརྒྱུད་ནས་འགྲོ་བ་མི་ཡོངས་ལ་འཇིགས་སྣང་དང་འདོད་རྔམ་ལས་གྲོལ་བའི་རང་དབང་བསྒྲུབས་ཡོད། འགྲོ་བ་མིའི་ཐོབ་ཐང་འདི་དག་ཡོངས་འདུས་དང་ཕན་ཚུན་གཅིག་ལ་གཅིག་རྟེན། དེ་བཞིན་ཡོངས་ཁྱབ་ཡིན་ཞེས་བཀའ་བསྩལ་ནས་འཛམ་གླིང་གང་སར་ཡོད་པའི་མི་མང་རྣམས་ཀྱིས་འགྲོ་བ་མིའི་ཐོང་ཐང་གི་གཞི་རྩའི་རིན་ཐང་རྣམས་ཤེས་རྟོགས་འབྱུང་བཞིན་ཡོད་པའི་ཐུགས་རེ་གནང་གི་ཡོད། ཅེས་གསུངས་འདུག

His Holiness the Dalai Lama with Prime Minister of Poland Donald Tusk before the 13th World Summit of Nobel Peace Laureates in Warsaw, Poland on October 23, 2013. Photo by Rady Ministrow

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་པོ་ལན་ཌིའི་སྲིད་བློན་གསར་པ་ཌོ་ནཱལ་ཌི་ཊུ་སི་ཁི་ (Donald Tusk) ལགས་སུ་འཚམས་འདྲི་མཛད་དེ། པོ་ལན་ཌི་རྒྱལ་ཁབ་ལ་འཛམ་གླིང་ཞི་བདེ་དང་བདེ་འཇགས་ཀྱི་ལས་དོན་གོང་སྤེལ་གཏོང་བའི་ནུས་པ་ཤུགས་ཆེན་ཡོད་ཅིང་།སྐུ་ཉིད་པོ་ལན་ཌིའི་སྲིད་བློན་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་གྱི་ཕྱག་ལས་གནང་བའི་ཉམས་མྱོང་ཡོད་པས། ངོས་རང་ཁྱེད་ཀྱིས་མ་འོངས་པར་འཛམ་གླིང་དུ་དམག་འཁྲུག་དང་གོ་མཚོན་མེད་པའི་ཞི་བདེའི་གནས་མཆོག་ཅིག་བསྐྲུན་ཐུབ་པའི་བློ་སྤོབས་ཡོད། ཅེས་གསུངས་འདུག

༸གོང་ས་རྒྱལ་བ་རིན་པོ་མཆོག་ནས་འབྲུག་ཡུལ་གྱི་བདམས་ཐོན་སྲིད་བློན་ཚེ་རིང་སྟོབས་རྒྱས་ལགས་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།  ༢༠༢༣།༠༡།༡༢  བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༡༢ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འབྲུག་ཡུལ་གྱི་བདམས་ཐོན་སྲིད་བློན་ཚེ་རིང་སྟོབས་རྒྱས་ལགས་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་ང་ཚོ་དང་འབྲུག་པའི་མི་མང་དབར་ལ་ལོ་རྒྱུས་ཀྱི་འབྲེལ་བ་ཡོད། དམངས་གཙོའི་རིན་ཐང་ལ་ཆོད་སེམས་བརྟན་པོ་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས། འདས་པའི་ལོ་འགའི་རིང་ལ་འབྲུག་རྒྱལ་པོའི་ཕུགས་རྒྱང་རིང་པོའི་དབུ་ཁྲིད་འོག་ནས་སྐུ་ཉིད་ཀྱི་རྒྱལ་ཁབ་ཀྱིས་དམངས་གཙོའི་རིན་ཐང་ལྡན་པའི་ཐོག་ནས་རྒྱལ་ཁབ་ཡར་རྒྱས་གཏོང་བཞིན་པར་ངོས་ཀྱིས་དོ་སྣང་བྱེད་བཞིན་ཡོད། ད་ལྟའི་ཆར་འབྲུག་ཡུལ་དེང་རབས་ཀྱི་ལམ་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ནའང་། སྲོལ་རྒྱུན་གྱི་ཆོས་དང་རིག་གཞུང་རྣམས་ད་དུང་ཡང་རྒྱུན་འཛིན་བྱས་ཡོད། ཁྱེད་ཀྱི་སྐུ་དུས་སུ་འབྲུག་ཡུལ་མུ་མཐུད་ཡར་རྒྱས་འགྲོ་ངེས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོ་ཕྱོགས་གཉིས་ཀས་བོད་བརྒྱུད་ནང་བསྟན་ཐུན་མོང་དུ་ཉམས་ལེན་བྱེད་བཞིན་ཡོད་པ་རེད། ཅེས་དང་། བཀའ་བསྟན་རྣམས་ནི་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ཤིན་ཏུ་གལ་ཆེན་ཆགས་ཡོད་སྐོར་གསུངས་འདུག

༧གོང་ས་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིན་ཏི་ལགས་ལ་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས།

ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་སྐུ་ཞབས་ལེ་ཆིན་ཏི་ལགས་ལ་འཚམས་འཕྲིན་བསྩལ་བའི་ནང་། ད་ལྟའི་ཆར་ཐའེ་ཝན་ནང་དམངས་གཙོའི་ལམ་ལུགས་ཉམས་ལེན་བྱེད་བཞིན་པ་མཐོང་དུས། རང་དབང་དང་ཆེ་མཐོང་གི་རྗེས་སུ་སྙེག་བཞིན་པ་རྣམས་ལ་བློ་སྤོབས་སྐྱེད་པའི་འབྱུང་ཁུངས་དོན་དམ་པ་ཞིག་རེད་ཅེས་དང་། ཐའེ་ཝན་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལེགས་པོ་བསྐྲུན་རྒྱུ་གལ་ཆེ་ཤོས་ཡིན་པ་དང་། ས་གནས་དང་རྒྱལ་ཁབ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གྲོས་མོལ་གྱི་ལམ་ནས་རྩོད་རྙོག་ཞི་འགྲིག་ཡོང་རྒྱུར་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༠ ཉིན་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་བྱམས་པ་ཚེ་རིང་གིས་ཕྱོགས་སྒྲིག་བྱས་ཏེ་སྤེལ།

འབྲེལ་ཡོད་གསར་འགྱུར།

Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༡༧ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

༢༠༢༥/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese