མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ནས་རྒྱ་ནག་གིས་བོད་མི་མང་པོ་འཛིན་བཟུང་བྱས་པར་བློ་འཚབ་ཆེན་པོ་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་ཡ་མཆོག་གིས་རྒྱ་ནག་གིས་བོད་སྡེ་དགེ་རྫོང་གི་དབོན་པོ་སྟོད་ནས་སེར་སྐྱ་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་པར་བློ་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག

ཨ་རིའི་གཞུང་ནས་རྒྱ་ནག་གིས་སྡེ་དགེ་དབོན་པོ་སྟོད་ནས་བོད་མི་མང་པོ་འཛིན་བཟུང་བྱས་པར་བློ་འཚབ་ཆེན་པོ་གནང་གི་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛེ་ཡ་ (Uzra Zeya) མཆོག་གིས་སྤྱི་ཚོགས་དྲ་ལམ་ཨེག་སི་ (X) སྟེང་། དུས་རབས་མང་པོའི་ལོ་རྒྱུས་ལྡན་པའི་དགོན་རྙིང་དེ་དག་ནི་བོད་ཀྱི་དགེ་འདུན་པ་བརྒྱ་ཕྲག་མང་པོའི་བཞུགས་གནས་ཡིན་ཞིང་། དེའི་ནང་དུ་རྟེན་དང་བརྟེན་པའི་ཤུལ་བཞག་རིག་དངོས་རྩ་ཆེན་ཡོད་པ་རེད། ཨ་རིའི་གཞུང་གི་ངོས་ནས་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་ལུགས། བོད་མིའི་ངོ་བོ་དང་བོད་ཀྱི་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱེད་པར་རྒྱབ་སྐྱོར་ཡོད། ཅེས་གསུངས་འདུག

ད་དུང་ཁོང་མོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་དུ་ཆུ་རགས་གསར་རྒྱག་གི་ལས་གཞི་དང་། ཁུལ་དེའི་དགོན་སྡེ་ཁག་དང་གྲོང་ཚོ་ཁག་ཅིག་གནས་སྤོར་དགོས་པའི་བཙན་བཀའ་བཏང་བར་བོད་མི་མང་པོ་ཞིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གིས་བོད་མི་སེར་སྐྱ་མང་པོ་འཛིན་བཟུང་བྱས་པའི་གནད་དོན་ཐད་བློ་འཚབ་ཆེན་པོ་བྱུང་། རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་དགོས་པ་དང་། བོད་ཀྱི་གཙང་པོ་དང་ས་ཞིང་བདག་གཉེར་གྱི་སྲིད་ཇུས་ལག་བསྟར་ནང་དུ་བོད་མི་རྣམས་ངེས་པར་དུ་བཅུག་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱེད་པར་ཁ་གཡར་ཏེ། བོད་སྡེ་དགེ་རྫོང་དབོན་པོ་སྟོད་ཀྱི་དབོན་སྟོད་དགོན་དང་ཡེ་ན་དགོན་སོགས་དགོན་པ་དྲུག་དང་གྲོང་ཚོ་གཉིས་ལྷག་གནས་སྤོར་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་ལྟར། ཕྱི་ཚེས་ ༢༡ དང་ ༢༢ ཉིན་སོགས་སུ་ས་གནས་སེར་སྐྱ་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཁོང་ཚོར་གོང་རིམ་གྱི་བཀའ་བཀོད་ལ་ངོ་རྒོལ་དང་འགོག་རྐྱེན་བཟོས་པའི་ཉེས་མིང་གཡོགས་ཏེ་བཀག་ཉར་བྱས་ནས་འདྲི་བརྩད་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གཞུང་གིས་ས་གནས་སུ་འགྲོ་འོང་དང་དྲ་ལམ་སོགས་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པས་མི་ག་ཚོད་ཅིག་འཛིན་བཟུང་བྱས་ཡོད་མེད་དང་། ཁོང་ཚོའི་གནས་སྟངས་ཅི་ཆགས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཁག་པོ་ཆགས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པར་བརྟན་བཞུགས་ཕུལ། ༢༠༢༥།༠༩།༢༢ ཐད་གཏོང་གི་པར།
Mobile App

དཔལ་ས་སྐྱའི་ཆབ་འབངས་ཡོངས་ཀྱི་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
ཕྱི་ཚེས་ ༢༡ ནས་ ༢༨ བར་ཉིན་གྲངས་དགུའི་རིང་དྷ་རམ་ས་ལར་སྟོང་བཙན་རྐང་སྤོལ་རྩེད་འགྲན་འཚོག་གི་འདུག
Mobile App

སྟོང་བཙན་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་རྩེ་ཡི་འདུག

ཆུ་ཚོད་ ༡༤ སྔོན་ལ།
Front Slider

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་བཅུ་གཅིག་གིས་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༠
༧གོང་ས་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༩།༢༠ དུས་བབ་ཀྱི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༠
Mobile App

རྒྱ་ནག་གོང་མ་ཆིན་ཧྲི་ཧོང་གིས་བོད་ནང་དུ་འཆི་མེད་བདུད་རྩི་འཚོལ་ཞིབ་སླད་མི་སྣ་མངགས་གཏོང་བྱས་ཡོད་ཟེར།

༢༠༢༥/༠༩/༡༩
Mobile App

གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།

༢༠༢༥/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese