མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་རྩ་ཁྲིམས་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བསྐྱར་བཅོས་ཤིག་བཏང་།

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ།

 ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༤ ཉིན་ཧྥ་རན་སིའི་རྩ་ཁྲིམས་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བསྐྱར་བཅོས་ཤིག་བཏང་ཡོད་པ་རེད། ཧྥ་རན་སིའི་ཁྲིམས་ཡིག་ནང་སྔོན་མ་ནས་ཡོད་བཞིན་པའི་བུད་མེད་རྣམས་ཀྱི་ཕྲུ་གུ་བཙའ་འདོད་ཡོད་མེད་རང་མོས་ཐོབ་ཐང་དེ་རྩ་ཁྲིམས་ཀྱི་ངོ་བོར་བསྒྱུར་ཏེ་རྩ་ཁྲིམས་ཀྱི་དེབ་ནང་དུ་འགོད་ཐུབ་པ་བྱུང་ཡོད་པ་རེད། ཁ་སང་ཕྱི་ཟླ་ ༣ ཚེས་ ༤ ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ཚང་འཛོམས་ཚོགས་ཆེན་ Congrès de Versailles ལ་བསྡུས་ཏེ། གྲོས་ཚོགས་འཐུས་མི་ ༧༨༠ ཡིས་གོང་སྨོས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བགྱིས་ཡོད། གྲོས་ཚོགས་འཐུས་མི་ ༧༢ ཙམ་གྱིས་རྩ་ཁྲིམས་བསྐྱར་བཅོས་ལ་འགག་པ་བརྒྱབས་ཡོད་འདུག རྩ་ཁྲིམས་བསྐྱར་བཅོས་བྱས་རྗེས་ཧྥ་རན་སིའི་བུད་མེད་རྣམས་ཀྱི་རང་མོས་ཕྲུ་གུ་སྐྱེས་འདོད་ཡོད་མེད་ཀྱི་ཐོབ་ཐང་དེ་ནི་རྩ་ཁྲིམས་ཀྱི་དོན་ཚན་ ༣༤ ནང་དུ་བཀོད་ཡོད་འདུག

ད་ནས་བཟུང་སྟེ་ཧྥ་རན་སིར་གནས་སྡོད་བུད་མེད་ཡོངས་ཀྱི་ཕྲུ་གུ་སྐྱེས་འདོད་ཡོད་མེད་ཀྱི་རང་དབང་དེ་རྩ་ཁྲིམས་རང་བཞིན་གྱི་རྩ་འཛིན་དང་ཐོབ་ཐང་ཞིག་ཏུ་གྱུར་ཡོད་འདུག་ལ།  ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་གི་ལྟ་གྲུབ་ཡོད་མཁན་ཚོ་དང་ཐོབ་ཐང་དེར་ནམ་རྒྱུན་དོ་སྣང་དང་འཐབ་རྩོད་གནང་མཁན་ཚང་མར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་དང་འབྱུང་མུས་རེད་འདུག རྒྱུ་མཚན་ཅིའི་ཕྱིར་བུད་མེད་ཀྱི་གཞི་རྩའི་ཐོབ་ཐང་བྱེ་བྲག་པ་ཞིག་རྩ་ཁྲིམས་ནང་འཁོད་དགོས་པ་བྱུང་ངམ་ཞེ་ན། འདས་པའི་ལོ་ཤས་ནས་བཟུང་སྟེ་ཨ་མི་རི་ཀ་གཙོས་པའི་རྒྱལ་ཁབ་མང་བོའི་ནང་དུ་གཡས་ཐལ་བའི་ཆབ་སྲིད་ཀྱི་ལྟ་གྲུབ་ཡུལ་ལུང་མང་པོའི་ནང་ཁྱབ་སྤེལ་བྱུང་ནས་ཕོ་མོ་འདྲ་མཉམ་གྱི་ཆེ་མཐོང་དང་ཐོབ་ཐང་ཁག་ལ་དོ་ཕོག་གང་འཚམ་བཏང་དང་གཏོང་བཞིན་པ་སྟེ། དཔེར་ན་ཨ་མི་རི་ཀའི་ Dakota མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་ཞིག་གིས། ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ནང་བཅད་ཁྲ་ཞིག་བརྒྱུད་ནས་བུད་མེད་རྣམས་ཀྱིས་མངལ་འགོག་སྨན་རྫས་བསྟེན་མི་ཆོག་པ་བཟོས་ཡོད།

དེ་ནས་བཟུང་ཨ་རིའི་མངའ་སྡེ་མང་བོའི་ནང་ཁྲིམས་ཀྱིས་གཏན་འབེབས་བགྱིས་པའི་ཐོབ་ཐང་ངམ་རང་དབང་དེ་མངའ་སྡེ་སོ་སོའི་རྩ་ཁྲིམས་ནང་དུའང་འགོད་ཐབས་བྱས་དང་བྱེད་མུས་ཡིན་འདུག ཧྥ་རན་སིའི་སྲིད་འཛིན་མ་ཥི་ཝོན་མཆོག་ནས་གསར་ཁང་ཁག་ལ་གསུངས་དོན་ལ་གཞིག་ན། ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཀྱི་ཐོབ་ཐོང་གི་ཉིན་མོར་འཁེལ་བ་དང་སྟབས་བསྟུན་ཏེ། གོང་སྨོས་ཀྱི་བུད་མེད་ཚོའི་ཕྲུ་གུ་བཙའ་འདོད་ཡོད་མེད་རང་མོས་ཐོབ་ཐང་དེ་རྩ་ཁྲིམས་ནང་འཇུག་ཐུབ་པ་བྱུང་བར་གཞུང་འབྲེལ་མཛད་སྒོ་ཞིག་གོ་སྒྲིག་གནང་རྒྱུ་ཡིན་པ་དང་། ཉིན་མོ་དེར་དམིགས་བསལ་གྱིས་བུད་མེད་ཀྱི་གཞི་རྩའི་ཐོབ་ཐང་དེ་རྩ་ཁྲིམས་ནང་འཇུག་བྱས་ཚར་བའི་སྒོ་ལྕགས་བརྒྱབ་པའི་གསལ་བསྒྲགས་ཀྱི་སྟོན་མོ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༡༩ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

མཆན། 1

  1. བསྟན་བཟང་། says:
    ལོ་ 2 སྔོན།

    མ་ཥི་ཝོན་ཟེར་ན་སུ་རེད། ཧྥ་རན་སིའི་སྲིད་འཛིན་གྱི་མཚན་ལ་Emmanuel Macron ཨིམཱ་ནུཨལ། མཱ་ཁོང་། ཟེར་བ་མ་རེད་པས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese