མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་ཐོག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ལས་འགུལ་སྤེལ་གྱིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་རྒྱལ་གྱི་ས་གནས་གྲོང་སྡེ་ལས་ཁུངས་ཁག་ཅིག་གིས་གཞུང་འབྲེལ་ཐོག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་དང་བྱེད་བཞིན་ཡོད་འདུག

ཨ་རིའི་ཁཱ་ཨེལ་སེར་རི་ཌོ་ས་གནས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས། བྱང་ཁཱ་ས་གནས་བོད་རིགས་ཚོགས་པའི་པར། ༢༠༢༤།༠༣།༦

ཁ་སང་ཕྱི་ཚེས་ ༦ ཉིན་ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨེལ་སེར་རི་ཌོ་(El Cerrito)་གྲོང་སྡེ་ལྷན་ཚོགས་ཀྱི་མདུན་དུ། ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཤིང་། མཛད་སྒོའི་ཐོག་ཨེལ་སེར་རི་ཌོ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏེ་སཱ་རུ་ཏ་ནི་ཀ་(Tessa Rudnik) ལགས་གཙོས་ས་གནས་བོད་རིགས་མི་མང་པོ་འདུ་འཛོམས་བྱུང་ཡོད་ཅིང་། སྐབས་དེར་ཨེལ་སེར་རི་ཌོ་གྲོང་ཁྱེར་སྤྱི་ཁྱབ་ཏེ་སཱ་རུ་ཏ་ནི་ཀ་ལགས་ཀྱིས། ལོ་ངོ་མང་པོའི་སྔོན་དུ་ཁོང་གི་ཨ་ཕ་དང་ཁོང་གཉིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་བའི་གོ་སྐབས་ཐོབ་ཡོད་པ་མ་ཟད། བོད་དོན་ནི་ཁོང་མོའི་ཁྱིམ་ཚང་དང་བློ་ཐག་ཉེ་བའི་གནད་དོན་ཞིག་ཏུ་ཆགས་ཡོད་པ་དང་། བོད་ཀྱི་རིག་གཞུང་གཅེས་སྐྱོང་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

དེ་བཞིན་ཨེལ་སེར་རི་ཌོ་གྲོང་ཁྱེར་སྤྱི་ཁྱབ་མཚན་ཐོག་ནས་ཐེངས་ ༦༥ བའི་གསུམ་བཅུ་དུས་དྲན་ཉིན་མོར་གསལ་བསྒྲགས་ཞིག་སྤེལ་ཡོད་པའི་ནང་། གསུམ་བཅུའི་དུས་དྲན་ཉིན་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་རྣམས་མཉམ་འཛོམས་ཐོག རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ངོ་ ༦༥ འཁོར་བ་དང་། བོད་ཀྱི་བདེན་དོན་ཆེད་ཚེ་སྲོག་ཤོར་བའི་བོད་མི་ས་ཡ་གཅིག་ལྷག་ལ་མྱ་ངན་ཞུ་ཡི་ཡོད། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ་མུ་མཐུད་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ངོ་བོ་བཅས་རྩ་བརླག་ཏུ་གཏོང་བཞིན་ཡོད་པར་རང་དབང་ལ་དགའ་བའི་མི་མང་ཡོངས་ཀྱིས་སེམས་འཁུར་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད། ཅེས་འཁོད་འདུག

ཡང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ཝོལ་ཝི་ཆི་གྲོང་སྡེ་ཚོགས་ཁང་(Woolwich Town Hall)མདུན་དུ། གྷི་རན་ཝི་ཆི་(Royal Borough of Greenwich)གྲོང་སྡེ་ལས་ཁུངས་དང་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག  བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་གྷི་རན་ཝི་ཆི་གྲོང་སྡེའི་སྤྱི་ཁྱབ་ཌོ་མི་ནི་ཁི་མ་བྷན་(Dominic Mbang) ལགས་དང་། གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཁག་ཅིག དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། དབྱིན་ཡུལ་བོད་རིགས་སྤྱི་མཐུན་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས། གྷི་རན་ཝི་ཆི་བཀྲ་ཤིས་གླིང་བོད་རིགས་ཚོགས་པའི་ཚོགས་གཙོ་གཡུ་སྒྲོན་ལྷ་མོ་ལགས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་གནང་ཡོད་ཅིང་། སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་ཌོ་མི་ནི་ཁི་མ་བྷན་ལགས་ཀྱིས། ལོ་འདི་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་༦༥ འཁོར་བའི་ལོ་རྒྱུས་རྗེས་དྲན་གྱི་དུས་ཚིགས་གལ་གནད་ཅིག་ཡིན་སྟབས། བོད་མི་རྣམས་ཀྱི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་པ་དང་སྦྲགས། བོད་མི་རྣམས་ལ་རང་དབང་གི་ཉིན་མོ་ཞིག་ཤར་ཐུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུག

ཕྱི་ལོ་ ༢༠༡༥ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབྱིན་ཡུལ་གྱི་གྷི་རན་ཝི་ཆི་ས་གནས་ནང་ཆིབས་བསྒྱུར་བསྐྱངས་ཏེ། གསུམ་བཅུ་དུས་དྲན་དང་བསྟུན་ས་གནས་དེ་གར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་འདུག དེ་བཞིན་ཨ་རིའི་མངའ་སྡེ་ནེའུ་ཇེར་སི་གྲོང་ཁྱེར་གྱི་ཨི་སི་ཊི་རུ་ཐེར་ཧྥོར་ཌི་(East Rutherford )ས་གནས་གྲོང་སྡེ་ལས་ཁུངས་ནས་གསལ་བསྒྲགས་སྤེལ་བ་ལྟར་ན།   ཟླ་འདིའི་ ཚེས་ ༩ ཉིན་གྲོང་སྡེ་ལས་ཁུངས་ཀྱི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཐེངས་དང་པོ་དེ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

སྐར་མ ༥༤ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༡ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese