མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་གསའ་ལ་བྱ་དགའ་གཉིས་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤ་ཡའི་གློག་བརྙན་གཟེངས་རྟགས་ཆེན་མོའི་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསའ་ལ་གློག་བརྙན་འཁྲབ་གཞུང་རྩེ་གྲས་དང་བརྙན་ལེན་རྩེ་གྲས་ཀྱི་བྱ་དགའ་ཐོབ་འདུག

འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོ་ཧོང་ཀོང་ཞིས་ཅིག་རིག་གནས་ཁུལ་དུ། སྐབས་བཅུ་བདུན་པའི་ཨེ་ཤ་ཡའི་གློག་བརྙན་གཟེངས་རྟགས་ཆེན་མོའི་(17 th Asian Film Awards) སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ལ་འཁྲབ་གཞུང་རྩེ་གྲས་དང་། བརྙན་ལེན་རྩེ་གྲས་ཀྱི་བྱ་དགའ་གཉིས་ཐོབ་ཡོད་ཅིང་། ཐེངས་འདིའི་གློག་བརྙན་གཟེངས་རྟགས་ཐོག་རྒྱལ་ཁབ་ ༢༤ ཡི་གློག་བརྙན་བརྩམས་ཆོས་མི་འདྲ་བ་ ༣༥  ལྷག་བདམས་ཡོད་པའི་ནང་ནས་གློག་བརྙན་བརྩམས་ཆོས་རྩེ་ཕུད་ ༡༦ ལ་བྱ་དགའ་ཐོབ་འདུག བྱ་དགའ་གནང་བའི་མཛད་སྒོའི་ཐོག་བོད་ཀྱི་གློག་བརྙན་འཁྲད་ཁྲིད་པ་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་བུ་འཇིགས་མེད་འཕྲིན་ལས་ལགས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ཀྱིས། ད་ལོའང་འདི་འདྲ་བའི་གོ་སྐབས་མང་པོ་ཐོབ་བྱུང་། ང་ཚོ་ཚང་མའི་སེམས་ཁམས་ཧ་ཅང་སྐྱོ་བོ་ངང་ནས་སྟེགས་བུའི་ཐོག་ཡོང་གི་ཡོད། ཡབ་ཆེན་གྱི་གློག་བརྙན་བརྩམས་ཆོས་གསའ་ལ་བྱ་དགའ་འཐོབ་ཐེངས་རེར། ཁོང་གིས་རང་ཉིད་ཀྱི་གློག་བརྙན་ལ་དགའ་ཞེན་བྱེད་མཁན་གྱི་མི་ཚང་མ་མཐོང་བཞིན་པ་ཡིད་ཆེས་བྱེད་བཞིན་ཡོད། ཡབ་ཆེན་ལགས་ཀྱིས་ང་ལ། ཁོང་གིས་དུས་དང་རྣམ་པ་ཀུན་དུ་ཆེས་ལྷུན་ཆགས་དང་ཆེས་སྤྲོ་སྐྱིད་ཀྱི་རྣམ་པ་གསར་རྩོམ་བྱེད་ཀྱི་ཡོད་ཟེར། དེ་ནི་ཁོང་གིས་ཡིག་ཐོག་ནས་གསར་རྩོམ་བྱས་པའི་དུས་སྐབས་ཡིན། གློག་བརྙན་དཔྱད་འདེམས་ཚོགས་ཆུང་ནས་བྱ་དགའ་འདི་གནང་བར་ཐུགས་རྗེ་ཆེ་ཞུ། ཞེས་བརྗོད་འདུག

བོད་ཀྱི་གློག་བརྙན་གསའ་ནི་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྒྱད་པ་དེ་ཆགས་འདུག་ལ། ཁོང་གིས་བརྩམས་ཆོས་དེ་ཕྱི་ལོ་ ༢༠༢༠ ལོའི་རིམས་ནད་ཀྱི་སྐབས་སུ་འབྲི་མགོ་བཙུགས་ཤིང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ པ་ནས་བཟུང་ཕབ་སྐྲུན་བྱེད་མགོ་ཚུགས་པ་ཞིག་ཡིན་འདུག་ལ། གློག་བརྙན་འདིའི་ནང་དུ་མི་དང་སྲོག་ཆགས་གཉིས་ཇི་ལྟར་མཉམ་དུ་འཚོ་སྡོད་བྱེད་པའི་སྐོར་གྱི་གཏམ་རྒྱུད་བཤད་ཡོད་པ་དང་། གློག་བརྙན་གྱི་ཕབ་སྐྲུན་བྱ་ཡུལ་ནི་རི་དྭགས་གསའ་རྒྱུན་དུ་འཚོ་སྡོད་བྱ་སའི་ཡུལ་དངོས་ཏེ། མགོ་ལོག་རྨ་སྟོད་ཀྱི་སྟོང་རི་མཚོ་རྒན་ཉེ་འདབས་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་འདུག

གློག་བརྙན་འདིའི་ནང་དུ་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་ལགས་དང་ཚེ་བརྟན་བཀྲ་ཤིས། ཞོང་ཙི་ཆིས་བཅས་ཀྱིས་གཙོ་འཁྲབ་གནང་ཡོད་པ་དང་། གཞན་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་བློ་བཟང་ཆོས་འཕེལ་དང་། དབང་ཕྱུག་མཚོ། དགེ་འདུན་ཕུན་ཚོགས། ཀུན་བདེ། འཇིགས་བྷ། དཀའ་ཐུབ་ཚེ་རིང་། བདེ་ཆེན་གཡང་འཛོམས། འཇུ་ཁྱུང་ཆེན། ཏང་ཧའོ་ཡོས་སོགས་ཀྱིས་འཁྲབ་སྟོན་ནང་དུ་མཉམ་ཞུགས་གནང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༦ ནས་ ༡༣ བར་ཧྥ་རན་སི་ཝེ་སོལ་ཨེ་ཤེ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (Vesoul International Film Festival of Asian Cinema) ཐེངས་ ༣༠ པའི་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ལ་གློག་བརྙན་རྩེ་གྲས་གྱི་བྱ་དགའ་ཐོབ་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ ནས་ ༢༢ ཉིན་བར་རྒྱ་ནག་གི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པ་བསྡུས་པའི་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ལ་གློག་བརྙན་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་གསེར་གྱི་བྱ་དགའ་ཐོབ། ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཕྱི་ལོ་ ༢༠༢༣ ལོའི་ཊོག་ཡོའི་གློག་བརྙན་དུས་སྟོན་ཐེངས་ ༣༦ པའི་ (The 36th Tokyo International Film Festival) སྟེང་གློག་བརྙན་འདི་ལ་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཨེ་ཊ་ལི་རྒྱལ་ཁབ་ཀྱི་ལི་ཌོ་(Lido) གླིང་ཕྲན་དུ། རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་མཐུན་ཚོགས་ (International Federation of Film Producers Association) ཀྱིས་གོ་སྒྲིག་བྱས་པའི་སྐབས་ ༨༠ པའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (80th  Venice International Film Festival) སྟེང་གཟིགས་འབུལ་ཞུས་ཡོད་འདུག

འདས་པོ་སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་མདོ་སྨད་ཁྲི་ཀ་ནས་སྐྱེས་ཤིང་། གློག་བརྙན་འཁྲབ་ཁྲིད་པ་དང་། རྩོམ་པ་པོ། ལོ་ཙཱ་བ་བཅས་ཡིན་ལ། ཕྱི་ལོ་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་། ད་བར་ཁོང་གིས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན། གཡང་མདའ། ཐར་ལོ་སོགས་གློག་བརྙན་རིགས་ ༡༤ ལྷག་འཁྲབ་འཁྲིད་གནང་སྟེ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཀྱང་ཐོབ་སྟེ། བོད་པ་རང་གིས་བཟོས་པའི་གློག་བརྙན་གྱིས་རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་གློག་བརྙན་ཁྲོམ་རའི་ནང་གོམ་པ་དང་པོ་སྤོས་ཡོད་པ་རེད། དེ་བཞིན་ཁོང་གི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར།  དབུགས་ལྒང་བཅས་ལ་རྒྱལ་སྤྱིའི་ཝཱ་ནེ་སི་ (Venice) དང་། ཨ་རིའི་བྷིར་ཀི་ལིན་ (Brooklyn)། ཐའེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པའི་ཚབ་མཚོན་མི་སྣ་ལྟ་བུར་གྱུར་ཡོད་ལ། ཁོང་གི་གློག་བརྙན་གྲགས་ཅན་ཐར་ལོ་ལ་རྒྱ་ནག་དང་རྒྱལ་སྤྱིའི་གཟེངས་རྟགས་མི་འདྲ་བ་ ༡༢ ཐོབ་ཡོད་འདུག ཡིད་སྐྱོ་བ་ཞིག་ལ་པདྨ་ཚེ་བརྟན་ལགས་འདས་ལོའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་གྱི་དགོང་མོར་བོད་ཀྱི་རྒྱལ་ས་ལྷ་སར་གློ་བུར་དུ་སྐུ་གྲོངས་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

སྐར་མ ༡༥ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

སྐར་མ ༣༤ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese