མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ལས་རིམ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྐབས་ ༡༧ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་མཇུག་སྐྱོང་ལས་རིམ་དབུ་འཛུགས་དང་འབྲེལ་སྤྱི་འཐུས་སྒེར་བ་ཞིག་གི་གནད་དོན་ཐོག་བདེ་སྲུང་ལས་ཁུངས་ཀྱི་རྩད་ཞིབ་བྱས་འབྲས་སྙན་སྒྲོན་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ ༤ པའི་སྟེང་ལས་རིམ་དང་འབྲེལ་བའི་གསུང་བཤད་གནང་བཞིན་པ། ༢༠༢༣།༣།༡༣ བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་ནས་པར་བླངས།

དེ་རིང་ནས་ཕྱི་ཚེས་ ༡༦ བར་ཉིན་གྲངས་བཞིའི་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་འཕྲོ་སྐྱོང་ལས་དོན་དངོས་སུ་མགོ་འཛུགས་གནང་སོང་བ་དང་། ལས་རིམ་གྱི་ཐོག་མར་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་གསུང་བཤད་གནང་ཞིང་། ཚོགས་དུས་དྲུག་པའི་ལས་ཉིན་ ༤ པའི་ཚོགས་ཐུན་ ༡ པོའི་སྟེང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གསུམ་བཏོན་གནང་འདུག་པ་དང་། མཇུག་སྐྱོང་གྲོས་ཚོགས་འདིའི་རིང་སྤྱི་འཐུས་ ༤ དགོངས་པ་ཞུས་ཡོད་པ་ལས། སྤྱི་འཐུས་གཉིས་ཀྱིས་ལས་ཉིན་བཞིའི་རིང་དང་། སྤྱི་འཐུས་གཅིག་གིས་ཉིན་གཅིག་དང་གཞན་ཞིག་གིས་ཉིན་གཅིག་དང་ཕྱེད་ཀའི་རིང་དགོངས་པ་ཞུས་ཡོད་འདུག

དེ་རིང་གི་ཞོགས་པའི་ཚོགས་ཐུན་དང་པོའི་སྟེང་། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་གྱི་ཕྱི་དྲོར་འདས་གྲོངས་སུ་གྱུར་བའི་བོད་མི་མང་སྤྱི་འཐུས་ཟུར་པ་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་དང་། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་འདས་གྲོངས་སུ་གྱུར་བའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག འདས་ལོའི་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་འདས་གྲོངས་སུ་ཕྱིན་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཡུན་རིང་གནང་མཁན་ལྕམ་སྐུ་ཌཡེ་ནེ་ཕ་ཧེན་སི་ཊིན་ (Dianne Feinstein) མཆོག་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་གཞི་གྲོས་འཆར་ ༣ བཏོན་ཏེ། དམ་པ་དེ་དག་གི་འབྲེལ་ཡོད་ནང་མི་ལྟོས་བཅས་ལ་གཞུང་འབྲེལ་མྱ་ངན་དང་ཐུགས་གསོ་གནང་སོང་།

དེ་རིང་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་དང་འབྲེལ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། འདས་ལོར་སྤྱི་འཐུས་སྒེར་བ་ཞིག་དང་འབྲེལ་ནས་གྲོས་ཚོགས་ཚོགས་དུས་དྲུག་པ་ཚོགས་མཚམས་བཞག་ཅིང་། ཚོགས་དྲུང་ལས་ཁུངས་བརྒྱུད་ཚོགས་གཙོ་གཞོན་དང་བཀའ་ཤག་བར་བཀལ་མོལ་བྱུང་བའི་བརྒྱུད་རིམ་སོགས་ངོ་སྤྲོད་གྲུབ་མཚམས།  སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་འབྲེལ་བའི་བདེ་སྲུང་ལས་ཁུངས་ཀྱི་སྙན་ཐོ་སྒྲོག་སྦྱངས་གནང་བ་དང་བསྟུན།  འདས་ལོའི་སྤྱི་ཟླ་ ༩ པའི་ཚོགས་དུས་དྲུག་པའི་ལས་ཉིན་དང་པོ་དང་འབྲེལ་བའི་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་གཉིས་བར་གྱི་ལས་རིམ་བཏོན་པ་དང་འབྲེལ་བའི་ཕན་ཚུན་ཚིག་རྩུབ་དང་། ཟུར་ཟ། དམའ་འབེབས། སྐྱོན་འཛུགས་བྱས་པ་ཆ་ཚང་གྲོས་ཚོགས་ནས་ཕྱིར་འཐེན་བྱས་པའི་ཐག་གཅོད་བྱུང་བ་ཡིན། དེ་རིང་ནས་གནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཆགས་པ་ཡིན། ཞེས་གསུངས་སོང་།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་འབྲེལ་བའི་བདེ་སྲུང་ལས་ཁུངས་ཀྱི་གསལ་བཤད་ཡི་གེ་དེའི་ནང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་རྒྱ་ནག་གཞུང་ཚབ་ཁྲིན་ཧྲི་མིན་གཉིས་སི་ལི་གུ་རིར་ཐུག་འཕྲད་བྱུང་ཡོད་མེད་སྐོར་གྲོས་ཚོགས་ནང་གླེང་སློང་གིས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་འདི་ལས་ནས་ཁ་གསལ་བཟོ་དགོས་པའི་ལམ་སྟོན་ཕེབས་པ་དགོངས་མངའ་ལྟར། འདི་ལས་ནས་གནས་ཚུལ་ཡོང་ཁུངས་དང་། འབྲེལ་ཡོད་ཁག་བརྒྱུད་རྩད་ཞིབ་མཐིལ་ཕྱིན་ཞུ་འབྲས་ཀྱི་གནད་དོན་སྙན་གསན་ཞུ་རྒྱུ་ཁག་གཤམ་གསལ་ལྟར། དང་པོ། རྒྱ་ནག་གཞུང་ཚབ་ལས་བྱེད་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ཉིན་གྱི་ཉིན་གུང་སི་ལི་གུ་རིར་ (Mayfair Tea Resort) ཌིའི་མགྲོན་ཁང་དེ་འབྱོར་ནས་ཞགས་སྡོད་བྱས་ཡོད་འདུག གཉིས་པ། གོང་ཚེས་ཀྱི་དུས་ཚོད་དེ་རང་ལ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་རོགས་པ་གཅིག་བཅས་མགྲོན་ཁང་དེ་རང་ལ་ཕེབས་ཡོད་པ་རེད་འདུག གསུམ་པ། མགྲོན་ཁང་དེའི་ནང་དོ་བདག་གཉིས་ཐུག་འཕྲད་བྱས་ཡོད་པའི་དངོས་དཔང་ར་འཕྲོད་པ་ཐུབ་པ་མི་འདུག ཅེས་གསལ་འདུག

དེ་རྗེས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་ལས་རིམ་རྣམ་གཞག་བཏོན་ཏེ། ངའི་ལས་རིམ་རྣམ་གཞག་དེ་གནས་ཚུལ་དང་པོ་དེའི་ཐོག་ལ་ཡིན། རྒྱུ་མཚན་ནི་ཚོགས་གཙོས་ཐག་གཅོད་གནང་སོང་སྟེ། གནས་ཚུལ་དང་པོ་འབྱུང་ས་དང་གཞི་མེད་སྐྱོན་བརྗོད་བྱེད་མཁན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་སྐྱོན་འཛུགས་བྱས་པ་དེ་གཞི་མེད་སྐྱོན་བརྗོད་ཡིན་པ་གསལ་པོ་ཆགས་ཀྱི་འདུག དེར་བརྟེན་དོ་བདག་སྤྱི་འཐུས་སྐྱོན་འཛུགས་བྱེད་མཁན་གྱིས་དགོངས་སེལ་ཞུས་ན་ཡག་པོ་ཡོད་རེད་བསམ་གྱི་འདུག སྤྱིར་བཏང་ཡིག་ཆའི་ཐོག་ནས་ཚོགས་གཙོས་ཐག་གཅོད་གནང་སྟེ་ཕྱིར་འཐེན་བྱེད་ཀྱི་ཡིན་གསུངས་སོང་སྟེ། དོ་བདག་སྤྱི་འཐུས་ཀྱིས་གཞི་མེད་སྐྱོན་བརྗོད་དེ་གསལ་བོ་ཆགས་དུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་དགོངས་སེལ་ཞིག་ཞུས་ན་ཡག་པོ་ཡོད་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

སྐབས་དེར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ཁ་ཁུ་སིམ་པོར་འདུག་དགོས་བསམ་སོང་། ཚོགས་གཙོའི་ཐག་གཅོད་ཟིན་ནའང་ད་དུང་འཁྲུག་པ་རྒྱག་རྒྱུའི་གོམས་གཤིས་ཡོད་མཁན་འདིས་འཁྲུག་པ་མུ་མཐུད་དུ་སློང་དུས། ཚོགས་གཙོས་འཁྲུག་པ་བསླང་བཅུག་གི་འདུག ཐག་གཅོད་སྒང་ལ་ཐག་བཅད་ནས་སྡོད་དགོས་རེད། འོན་ཀྱང་། དེ་འདྲ་བྱས་ནས་མ་བསྡད་སྟབས་རྙོག་དྲ་མུ་མཐུད་དུ་ཡོང་གི་རེད། གང་ཟག་སྤྱི་འཐུས་འདིའི་ཁེ་ལས་དེ་ག་རང་རེད། བྱས་ཙང་དེ་འདྲ་བསླང་བསྡད་ན་ཕན་ཐོགས་ག་རེ་ཡོད་དམ། ངས་གནད་དོན་ཚར་བ་ཞིག་ལ་ཁུ་སིམ་མར་འདུག་དགོས་བསམ་སོང་། ཡང་ཡར་སློང་གི་འདུག་ག དེར་བརྟེན་དེ་ཚོའི་ཐོག་ལ་སྟངས་འཛིན་མ་གནང་ན། ད་ལྟ་ཡོང་བའི་གནས་ཚུལ་ཚང་མ་དེ་འདྲ་བྱས་ནས་ཡོང་གི་ཡོད་རེད་གདའ། དེ་མིན་པའི་གནད་དོན་ཞུ་རྒྱུ་མང་པོ་ཡོད་ཀྱང་ཞུ་མི་དགོས་པའི་གཙོ་འདོན་བྱས་ཏེ། ཡག་ས་ཞིག་ལ་འགྲོ་ཐུབ་ན་བསམ་པའི་ཀུན་སློང་ཡོད། ད་དུང་ཡང་ཆ་ཤས་ལེན་དགོས་པ་དང་ག་རེ་ཞུ་དགོས་བྱུང་ནའང་ཞུ་རྒྱུ་ཡིན། དགོངས་སེལ་ཞུ་དགོས་པའི་གནད་དོན་ཁྱོན་ནས་མེད། ད་བར་དགོངས་སེལ་ཞུ་རྒྱུའི་ལམ་ལུགས་མེད་པ་ལ་ངས་དགོངས་སེལ་ག་རེ་བྱས་ནས་ཞུ་དགོས་རེད། ཅེས་ལན་འདེབས་གནང་སོང་།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྒྱ་ནག་གི་ལས་བྱེད་ཅིག་དང་ཐུག་འཕྲད་བྱས་པའི་གནད་དོན་དེ་གཙང་སེལ་བྱུང་བ་དང་འབྲེལ་ནས་འདི་གའི་གསར་འགོད་པར། ཁ་སང་སྔོན་མའི་གྲོས་ཚོགས་སྐབས་ང་ལ་སྐྱོན་འཛུགས་ཀྱི་གནས་སྟངས་ལས་འཕྲོས་ནས་ད་ལྟ་བར་གྲོས་ཚོགས་འགག་པའི་གནས་སྟངས་འདི་བྱུང་བ་རེད། དེ་ཚང་མས་མཁྱེན་གསལ་རེད། ང་རང་ལ་ཆ་མཚོན་ན་ང་རང་གི་གནས་སྟངས་དེ་གང་འདྲ་ཆགས་ཡོད་པ་དང་། ངའི་ད་ལྟ་བར་གྱི་ཆབ་སྲིད་ཀྱི་གནས་སྟངས་ལངས་ཕྱོགས། ལྟ་བ་ཁུར་སྟངས། བོད་ཀྱི་བསྟན་པ་ཆབ་སྲིད། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་སོགས་གང་གི་ཐོག་ནས་ཡིན་ན་ཡང་། བསྟན་དགྲ་རྒྱ་མི་དམར་པོ་དང་དུས་ནམ་ཡང་འབྲེལ་བ་མེད་པ་དེ་གསལ་པོ་ཡིན་པ་ང་རང་གིས་ཤེས་ཀྱི་ཡོད། ཡིན་ན་ཡང་། གྲོས་ཚོགས་ནང་ལ་གླེང་སློང་བྱུང་། བདེ་སྲུང་ལས་ཁུངས་བརྒྱུད་ནས་འདྲི་རྩད་ཅིག་བྱུང་བས། ང་རང་ཚོའི་སྤྱི་ཚོགས་ནང་ལ་ཟང་ཟིང་མང་པོ་ཞིག་ཡོང་དུས། དེ་དག་བེད་སྤྱོད་བཏང་ནས་སྤྱི་ཚོགས་ཐོག་ལ་མང་པོ་ཞིག་ཡོང་གི་འདུག དེ་འདྲ་གནས་སྟངས་ཤིག་མི་ཡོང་བའི་ཆེད་དུ་དམ་པོ་ཞིག་བྱ་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད། དེ་ལ་བརྟེན་ནས་བཀའ་ཤག་ཡིན་ནའང་འདྲ། བདེ་སྲུང་ལས་ཁུངས་ཡིན་ནའང་འདྲ། དེ་དག་གིས་གང་ཐུབ་ཐུབ་ཀྱིས་འབད་བརྩོན་གནང་ཡོད། ཅེས་དང་། ད་ལན་གྱི་ཞིབ་འཇུག་གི་བརྒྱུད་རིམ་དེའི་ནང་། རྒྱ་གར་གཞུང་གི་གསང་བའི་ལས་ཁུངས་ཚད་ལྡན་ཁག་གིས་དེ་འདྲ་ཞིག་(རྒྱ་ནག་གི་ལས་བྱེད་དང་ཐུག་པ) བྱས་མེད་པ་གསལ་པོ་གསལ་རྐྱང་རེད། གནས་ཚུལ་དེ་བདེ་སྲུང་ལས་ཁུངས་ནས་བཀའ་ཤག་ལ་ཕུལ། དེ་ནས་གྲོས་ཚོགས་ཚོགས་གཙོའི་ཡི་གེ་སྙན་སྒྲོན་ཞུས་པ་ནང་བཞིན། གནས་སྟངས་དེ་གསལ་པོ་གསལ་རྐྱང་ཆགས་ཡོད། ཅེས་གསུངས་སོང་།

གནད་དོན་དེ་དག་ལ་འབྲེལ་ནས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ང་ལ་དམིགས་བསལ་བརྡ་ལན་ཞུ་ཡ་གང་ཡང་མེད། ཚོགས་གཙོ་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་བཀའ་ཡིག་རྣམས་ལྗགས་ཀློག་གནང་བ་རེད། གསལ་བཤད་བྱས་པ་རེད། གྲོས་ཚོགས་འཐུས་མི་ཚང་མས་དེ་ག་རང་གི་སྒང་ལ་ངོས་ལེན་གནང་ནས་འགྲོ་བཞིན་པ་རེད། ཚོགས་གཙོས་ད་བར་གྱི་བྱུང་རིམ་ཚང་མ་ཕྱིར་འཐེན་ཡིན། ཚང་མ་གྲོས་ཚོགས་དེབ་ཐེར་ནས་མར་བཏོན་གྱི་ཡིན་ཞེས་བཀའ་གནང་བ་དང་། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་གསུངས་པ་རེད། ཚོགས་གཙོས་གྲོས་ཚོགས་ནང་ལ་བཀའ་འདི་གནང་ནས་གྲོས་ཚོགས་ཞི་འཇམ་པོའི་ཐོག་ནས་འགྲོ་ཡི་ཡོད་པ་དེ་དེ་བཞན་འགྲོ་ཡ་རེད་མ་གཏོགས། དེ་ལས་འཕྲོས་ནས་ཞུ་རྒྱུ་གང་ཡང་མེད། ཅེས་གསུངས་སོང་།

སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་མཚམས། ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དབུ་འཛུགས་ཞུས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། དཔལ་ལྡན། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese