མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩིས་ལོ་ ༢༠༢༤་་༢༠༢༥ ཡི་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་ཉིན་བཅུ་གཉིས་རིང་རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་སྔོན་རྩིས་གཏན་འབེབ་ཀྱི་གྲོས་ཚོགས་དབུ་འཛུགས་དང་འབྲེལ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བདུན་ཐོག་སྤྱི་ཡོངས་བགྲོ་གླེང་གནང་སོང་།

རྩིས་ལོ་ ༢༠༢༤་་༢༠༢༥ ཡི་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་གནང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པའི་པར། ༡༨།༠༣།༢༠༢༤

དེ་རིང་ནས་ཕྱི་ཚེས་ ༣༠ བར་ཉིན་གྲངས་བཅུ་གཉིས་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་དེ་རིང་ཕྱི་ཚེས་ ༡༨ ཉིན་གཅིག་རིང་སྤྱི་འཐུས་གཉིས་ཀྱིས་དགོངས་པ་ཞུས་པ་ལས་གཞན་ཚང་མ་འཛོམས་ཡོད་པ་དང་། ཐེངས་འདིར་གྲོས་ཚོགས་ཀྱིས་གཙོ་བོ་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༤ ་་་་ ༢༠༢༥ ལོའི་སྔོན་རྩིས་གཏན་འབེབ་དང་གལ་གནད་ཆེ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བྱ་རིམ་ཁག་ཅིག་བཅས་ཡོད་འདུག

དེ་རིང་གི་མཛད་རིམ་གྱི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་གཉིས་རིང་ཆགས་བསྡད་ཡོད། ལས་ཉིན་བཅུ་གཉིས་ནང་ཐོག་མར་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་ཁུར་ཡོད། དེའི་ཐོག་ནས་ཉེ་ཆར་བོད་ནང་གི་གནས་ཚུལ་ཛ་དྲག་བྱུང་བ་དཔེར་ན། ཁམས་སྡེ་དགེའི་གནས་སྟངས་དེ་ཚོའི་ཐོག་ཚང་མ་གསལ་པོ་བྱས་ནས་འཁོད་ཡོད་པས། སྤྱི་འཐུས་རྣམ་པ་སྤྱི་ཡོངས་ཀྱིས་དགོངས་ཚུལ་སྤུངས་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། དེ་བཞིན་གནད་དོན་གལ་ཆེ་བ་གཅིག་དེ་དཔལ་འབྱོར་ལས་དོན་ཆགས་བསྡད་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤་་་༢༠༢༥ ཡི་སྔོན་རྩིས་དེ་དེ་རིང་གཏན་འབེབ་བྱ་རྒྱུའི་དུས་ཚོད་ཆགས་བསྡད་ཡོད། ཅེས་དང་། གཙོ་བོ་ང་ཚོས་ལྷན་ཁང་ཁག་ཁྱབ་ཁོངས་དང་བཅས་པའི་སྔོན་རྩིས་གཏན་འབེབ་བྱ་དགོས་པ་དེ་ཆགས་ཀྱི་ཡོད། དེ་ཡང་བཀའ་ཤག་གི་རྒྱབ་གཉེར་འཆར་འབུལ་ཞུས་པའི་རྩིས་ཤོག་ཚང་མ་གྲོས་ཚོགས་ལ་ཕུལ། གྲོས་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་བསྐྱར་བཅོས་ཞུས་པའི་སྙན་ཐོ་ཞིག་བསླེབས་ཡོང་གི་རེད། དེ་བཞིན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤་་༢༠༢༥ སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་བསླེབས་ཡོང་གི་རེད། དེ་ཚོའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པས་རིག་པ་སྒྲིམ་ནས་ཐུགས་སྣང་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོའི་ལོ་འཁོར་ལས་བསྡོམས་ཀྱི་འབྱུང་ཁུངས་དེ་སྔོན་རྩིས་གྲོས་ཚོགས་ཆགས་ཀྱི་ཡོད། སྔོན་རྩིས་གྲོས་ཚོགས་ནང་ལས་རིམ་ག་རེ་འཁུར་ཡོད་པ་དང་དངུལ་འབོར། ས་གནས་ག་བར་ལས་འཆར་མགོ་འཛུགས་བྱེད་ཀྱི་ཡོད་མེད་སོགས་གསལ་པོ་བྱས་ནས་ཤེས་རྟོགས་ཐུབ་པའི་གནས་བབ་ཆགས་ཀྱི་ཡོད་སྟབས། དེ་ཚོའི་ཐོག་ལའང་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཡོད། ཁྲིམས་འཛིན་ལས་དོན་དེ་རྣམ་པ་ཚོ་ཚང་མས་དགོངས་པའི་མངའ་གསལ་རེད། ང་ཚོས་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་ཆེད་འཛུགས་བྱས་ནས་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་གི་སྙན་ཐོ་དང་བསྐྱར་བཅོས་འཆར་ཟིན་གྱི་སྙན་ཐོ་ཚང་མ་གྲོས་ཚོགས་ནང་བསླེབ་ཀྱི་ཡོད། གྲོས་ཚོགས་ཀྱི་ལས་རིམ་གང་འདྲ་ཞིག་ཕེབས་རུང་དེ་ལ་གོ་བསྡུར་ཞིབ་ཚགས་པོ་དང་དོན་ཕན་ལྡན་པ་ཡོང་ཐུབ་རྒྱུར་རྣམ་དཔྱོད་བཏོན་པའི་ཐོག་དགོངས་པ་བཞེས་རོགས་གནང་། ཞེས་གསུངས་སོང་།

དེ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག བོད་མི་མང་སྤྱི་འཐུས་ ༢༠ ཙམ་གྱིས་ཆ་ཤས་བཞེས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཁག དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སྐྱབས་བཅོལ་བོད་མི་ཡོངས་ནས་རང་འགན་རང་འཁྲི་དང་བོད་སྤྱི་པའི་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་གནང་གལ་ཆེ་སྐོར་སོགས་ཀྱི་ཐོག་དགོངས་འཆར་མི་འདྲ་བ་མང་པོ་གསུངས་མཚམས། སང་ཞོགས་ཆུ་ཚོད་ ༩།༣༠ བར་ཚོགས་གསེང་བཏང་སོང་།

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་་གྲོས་ཆོད་བདུན་ནི།  གཅིག  བོད་ས་ཤོར་ནས་ད་བར་རྒྱ་ནག་དམར་གཞུང་གི་བཙན་གནོན་དང་སྡུག་སྦྱོང་མནར་གཅོད་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་བཅས། ཚེ་རབས་ཀུན་ཏུ་འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་བའི་སྨོན་འདུན་དང་། ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ།

གཉིས། རྒྱ་ནག་དམར་གཞུང་གིས་འཛིན་བཟུང་བྱས་པའི་ ༧ ཀུན་གཟིགས་པཎ་ཆེན་རྗེ་བཙུན་བསྟན་འཛིན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་(དགེ་འདུན་ཆོས་ཀྱི་ཉི་མ་)མཆོག་གིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་གྲོལ་དང༌། འཛིན་བཟུང་རྗེས་འདས་གསོན་གནས་སྟངས་གསལ་ཁ་མེད་པ་དག་གི་གནས་ཚུལ་ཡང་གང་མགྱོགས་ གསལ་བཤད་བྱེད་དགོས་པ་དང་། དེ་བཞིན་རྒྱ་ནག་དམར་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱིས་གཙོས་བོད་ཀྱི་བདེན་དོན་འཐབ་རྩོད་གནང་སྟེ་ཆབ་སྲིད་ཉེས་མིང་བཏགས་པ་ཡོངས་ཀྱི་ནང་མི་ཉེ་འབྲེལ་ཀུན་ལ་གནོན་བཙིར་དང་འཇིགས་སྐུལ་མཚམས་འཇོག་བྱ་དགོས།

གསུམ། རྒྱ་དམར་གཞུང་གིས་སྐད་གཉིས་སློབ་གསོ་དང་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ། དེ་བཞིན་འགྲིམ་འགྲུལ་ཚོང་འབྲེལ་དང་བརྡ་འཕྲིན་ཚན་རྩལ་སོགས་ཀྱི་བརྒྱུད་ལམ་སྤྱད་དེ་བོད་པའི་སྐད་ཡིག་རིག་གནས་རྩ་མེད་གཏོང་བའི་ཐབས་བྱུས་དང༌། བོད་ནང་བཅའ་སྡོད་སློབ་གྲྭ་དང་རྒྱ་ནག་ནང་བོད་ལྗོངས་ནང་སའི་འཛིན་གྲྭ་ཟེར་བ་སོགས་བཙུགས་ཏེ། བོད་མི་རིགས་རྒྱ་བསྒྱུར་དང་མི་རབས་གསར་པའི་ཀླད་པ་བཀྲུ་བའི་ཐབས་བྱུས་ཡོངས་འཕྲལ་དུ་མཚམས་འཇོག་བྱེད་དགོས།

བཞི། རྒྱ་ནག་དམར་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་ཟེར་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་ཟེར་བ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ལ་ཐེ་ཇུས་དང་། འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་པ། བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་དང་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱ་དགོས།

ལྔ། སྡེ་དགེ་དབོན་པོ་སྟོད་དུ་གློག་ཁང་ཆུ་རགས་འཛུགས་སྐྲུན་ལས་འཆར་འོག་མི་མང་སྟོང་ཕྲག་མང་པོར་བརྡབ་གསིག་གཏོང་བཞིན་པ་གཙོས་བོད་ནང་གཏེར་ཁ་སྔོག་འདོན་དང་ཆུ་རགས་གསར་རྒྱག རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་བོད་ཀྱི་ཁོར་ཡུག་གཏོར་བཅོམ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཙམ་མ་ཟད། རྒྱལ་མཚམས་ལས་བརྒལ་ཏེ་བོད་ཀྱི་ཕྱི་ལོགས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོར་ཡང་སྡིགས་བསྐུལ་བསུན་གཙེར་བཟོ་བ་དང་། དེང་གི་ཁ་པར་དང་བརྡ་འཕྲིན་བརྒྱུད་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་བྱ་ར་བྱེད་པ་སོགས་མཚམས་འཇོག་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེ་དག་འགོག་ཐབས་བྱ་དགོས་པའི་སྐུལ་འདེབས་ཞུ་རྒྱུ་ཡིན།

དྲུག བོད་དེ་ལོ་རྒྱུས་ཐོག་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་ལ། བོད་དེ་རྒྱ་ནག་དམར་གཞུང་གིས་འདས་ལོ་དྲུག་ཅུ་ལྷག་རིང་ཁྲིམས་འགལ་གྱིས་ཧམ་བཟུང་འོག་ཚུད་པ་ཞིག་ཡིན། རྒྱ་ནག་དམར་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་ཁུལ་དང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ཁས་ལེན་དགོས་པའི་མགོ་སྐོར་བཏང་དང་གཏོང་བཞིན་ཡོད་ཀྱང་། དུས་རབས་ཉེར་གཅིག་པའི་འཛམ་གླིང་མི་མང་རྣམས་བསླུ་བྲིད་བྱ་སྤྱོད་དེའི་འོག་ཚུད་ཐབས་མེད་པ་རྒྱ་ནག་གི་དཔོན་རིགས་ཚོས་ངེས་པར་དུ་ཤེས་དགོས། བོད་མིའི་སྒྲིག་འཛུགས་ཀྱིས་འདས་པའི་མི་ལོ་བཅུ་ཕྲག་འགའ་རིང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་བསྟེན་ཡོད་པ་མ་ཟད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཡང་རྒྱ་གཞུང་ལ་སྤྲད་ཟིན་ཡང་རྒྱ་གཞུང་ནས་ད་བར་འགན་ཁུར་ཇི་བཞིན་མ་བླངས་པའི་ཉེར་ལེན་ལས་ལག་པ་གཅིག་གིས་ཟློག་པ་མི་ཐེབས་པའི་དཔེ་བཞིན་རྒྱ་གཞུང་གི་དཔོན་རིགས་ཚོའི་བྱེད་བབ་ལ་རག་ལས་ཡོད།

བདུན། རྒྱ་ནག་དམར་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང༌། བྱེས་བཞུགས་བོད་མི་ཚོས་ཀྱང་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་བོད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བཅས་ལ་ཕྱར་གྲུ་མཉམ་འདེགས་གནང་དགོས་ཞེས་པ་བཅས་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༤ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese