མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་སྒྱུ་རྩལ་བ་བདེ་ཆེན་ཤག་ཟེར་བས་རྒྱ་གཞུང་ལ་ཐུགས་རྗེ་ཆེ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་སྒྱུ་རྩལ་བ་བདེ་ཆེན་ཤག་ཟེར་བས། རྒྱ་གཞུང་གིས་བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ལྷག་ལ་ཚད་ལྡན་གྱི་སློབ་སྦྱོང་སྤྲད་དེ་དམིགས་བསལ་གོ་སྐབས་སྤྲོད་བཞིན་ཡོད་ཚུལ་བརྗོད་ནས་རྒྱ་གཞུང་ལ་ཐུགས་རྗེ་ཆེ་ཞུས་འདུག

Musician Dechen Shak-Dagsay speaks at the seminar. From X.

ཉེ་ལམ་སྤྱི་ཚོགས་སུ་བོད་རིགས་སྒྱུ་རྩལ་བ་བདེ་ཆེན་ཤག་ཟེར་བ་ཞིག་གིས། སུད་སུ་ཇི་ནི་ཝ་ཡི་ལྷན་ཚོགས་ཤིག་གི་ཐོག བོད་ནང་རྒྱ་ནག་གཞུང་གིས་གཉེར་མུས་ཡིན་པའི་བཅའ་སྡོད་སློབ་གྲྭའི་དགེ་མཚན་ཟེར་བ་དང་། དེས་ཕན་འབྲས་འཐོན་གྱི་ཡོད་རབས་བཤད་ཡོད་པར། ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་བྱས་ཡོད་སྟབས། ཁ་སང་དགོང་མོར་མོས་གསལ་བཤད་ཀྱི་བརྙན་ཐུང་ཞིག་སྤེལ་ནས། རྒྱ་ནག་གཞུང་དང་འབྲེལ་བ་མེད་པའི་ཁར་སོ་ཉུལ་བ་གཏན་ནས་མིན་སྐོར་བཤད་འདུག

ཁ་སང་ཕྱི་ཚེས་ ༢༡ གི་དགོང་མོར་བདེ་ཆེན་ཤག་གིས་གསལ་བཤད་བརྙན་ཐུང་ཞིག་སྤེལ་བའི་ནང་། ཁོང་མོས་བོད་ཕྱི་ནང་གཉིས་ཀྱི་བོད་མི་བར་ལ་གླུ་དབྱངས་བརྒྱུད་ནས་འབྲེལ་ལམ་འཛུགས་ཐབས་བྱེད་ཀྱི་ཡོད་ཅིང་། ཉེ་ལམ་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་བོད་ཕྲུག་རྣམས་ལ་ཤེས་ཡོན་སྤྲོད་པའི་གོ་སྐབས་ཤིག་ཐོབ་ཡོད་སྟབས། དེའི་ཐད་བཙན་བྱོལ་བོད་མི་རྣམས་ཀྱིས་དགག་པ་བྱ་རྒྱུ་མེད་པའི་ཁར། བཅའ་སྡོད་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་ཡག་པོ་སློབ་ཀྱིན་ཡོད་པ་མ་ཟད། བོད་ནང་གི་བོད་ཕྲུག་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ལ་སློབ་སྦྱོང་ཡག་པོ་སྤྲོད་ཀྱིན་འདུག་པས། དེར་དགག་པ་བྱ་རྒྱུ་མེད་སྐོར་བཤད་འདུག་ཀྱང་། ཁོང་མོ་རྒྱ་ནག་གཞུང་དང་འབྲེལ་བ་མེད་པའི་ཁར་སོ་ཉུལ་བ་གཏན་ནས་མིན་སྐོར། བོད་མི་ཚོས་བོད་ཕྱི་ནང་གཉིས་ཀྱི་ན་གཞོན་ཚོར་བསམ་བློ་བཏང་ནས་ལས་དོན་གཉེར་དགོས་པའི་རེ་སྐུལ་ཡང་བྱས་འདུག

ཟླ་འདིའི་ཕྱི་ཚེས ༡༨ ཀྱི་དགོང་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཤིག་གི་སྟེང་བདེ་ཆེན་ཤག་ཟེར་བ་ཞིག་གིས་སྐར་མ་བཅུ་དང་སྐར་ཆ་༥༧ (https://www.youtube.com/watch?v=5PtqUdQVN18) རིང་བོད་ནང་གི་བཅའ་སྡོད་སློབ་གྲྭ་སོགས་ཀྱི་སྐོར་ལ།  འདས་ལོར་ལྷ་སའི་གཞུང་ཟེར་བ་ཞིག་གིས་བོད་ནང་དུ་རིག་གཞུང་འཁྲབ་སྟོན་བྱེད་དགོས་པའི་མགྲོན་ཤོག་ཅིག་འབྱོར་བྱུང་ལ། ང་རང་ལོ་གསུམ་ཙམ་ནས་སུད་སིར་འཚར་ལོངས་བྱུང་ཡང་། མི་ལོ ༦༤ ཡི་རྗེས་ལྷ་སར་བསྐྱོད་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། བོད་ནང་གི་ས་གནས་གང་ས་གང་དུ་བོད་སྐད་འཆད་ཀྱིན་པ་ཆེས་ཐོག་མ་གོ་བྱུང་བས། རང་ཁྱིམ་དུ་ལོག་པའི་ཚོར་སྣང་བྱུང་། ཅེས། རྒྱ་ནག་གཞུང་གིས་ཁོ་མོ་ལྷ་སར་སྐད་བཏང་ནས་རིག་གཞུང་འཁྲབ་སྟོན་བྱེད་དུ་བཅུག་པར་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་བཤད་འདུག

ཡང་མོས། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ཡ་ས་གཅིག་ཙམ་ལ་ཚད་ལྡན་གྱི་སློབ་སྦྱོང་སྤྲད་ཡོད་པས། ངས་བོད་ནང་གི་གཞོན་སྐྱེས་ཚོའི་ཚབ་བྱས་ནས་ཁོང་ཚོར་དམིགས་བསལ་གྱི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ།  རྒྱ་ནག་གཞུང་གིས་ ༢༠༡༩ བར་བོད་རང་སྐྱོང་ལྗོངས་ཀྱི་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ལྷག་དབུལ་གྲོལ་ཟེར་བ་བྱས་པར་བསྔགས་བརྗོད་འོས་པ་ཞིག་རེད། ཁམས་པའི་བརྙན་འཕྲིན་(Khamba TV) བརྒྱུད་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་ལ་རྒྱུས་ལོན་བྱུང་བ་བརྒྱུད། བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་དང་། བོད་ཕྲུག་ཚོས་བོད་ཡིག་འབྲི་ཀློག་ཐུབ་ཀྱི་འདུག ཅེས་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ཀྱི་སྐད་ཡིག་བདག་ཉར་ཚད་ལྡན་ཞིག་བྱེད་ཐུབ་ཀྱི་མེད་པས། བོད་ནང་གི་གཞོན་སྐྱེས་ཚོས་བདག་ཉར་བྱས་ནས་མི་རབས་རྗེས་མར་བརྩི་སྤྲོད་བྱེད་དགོས་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་སྤེལ་མུས་ཡིན་པའི་བཅའ་སྡོད་སློབ་གྲྭའི་ལས་གཞི་དེ་ལམ་ལྷོང་དང་དོན་འཁྱོངས་ཡོང་བའི་རེ་སྨོན་བྱེད་ཀྱི་ཡོད་ལུགས་བཤད་འདུག

དེ་བཞིན་རྒྱ་གར་ནང་གི་བོད་དོན་དང་བླངས་ཞུ་གཏུག་ཚན་པས་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བདེ་ཆེན་ཤག་གིས་བོད་ཀྱི་ཚབ་ཏུ་ཤི་ཙང་ཟེར་བ་དང་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་མང་བཙན་གྱིས་བཅའ་སྡོད་སློབ་གྲྭ་ཁག་མངག་གཏོང་བྱེད་ཀྱིན་ཡོད་པར་འཁྱོག་བརྗོད་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོར་མོའི་དོན་དང་ལྡན་པའི་གསལ་བཤད་དགོས་ལ། ལྷག་པར་མོའི་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལྟ་ཚུལ་དང་འབྲེལ་བའི་ཐད་ལ་གསལ་བཤད་ནན་མོ་དགོས། ཞེས་གསལ་འདུག

རྒྱ་ནག་ཉིན་རེའི་གསར་ཁང་(China Daily) གི་ཡུ་རོབ་ཁུལ་གྱི་འགན་འཛིན་ཁྲིན་ཝེ་ཧྥ་(Chen Weihua) ཟེར་བ་ཞིག་གིས་ཨེག་སི་(X) སྤྱི་ཚོགས་དྲ་ལམ་དུ། བོད་རིགས་སྒྱུ་རྩལ་བ་བདེ་ཆེན་ཤག་ཟེར་བ་ཞིག་གིས་སུད་སི་ཇེ་ནི་ཝ་རུ་ཚོགས་པའི་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གཞུང་གིས་བོད་ནང་སྤེལ་མུས་ཡིན་པའི་བཅའ་སྡོད་སློབ་གྲྭའི་ལས་གཞི་དེ་ལམ་ལྷོང་དང་དོན་འཁྱོངས་ཡོང་བའི་རེ་སྨོན་དང་། དེ་སྔོན་མོ་རང་བོད་ཀྱི་རྒྱལ་ས་ལྷ་སར་རིག་གཞུང་འཁྲབ་སྟོན་དུ་སྐྱོད་སྐབས། ཚང་མས་ས་གནས་གང་སར་བོད་སྐད་བཤད་ཀྱི་ཡོད་པས་དགའ་ཚོར་བྱུང་ཡོད་ལུགས་བཤད་ཡོད་སྐོར་དྲིལ་བསྒྲགས་བྱས་འདུག

འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ལྷག་དང་། བོད་པའི་སློབ་མ་བཞིའི་ནང་གི་སློབ་མ་གསུམ་བཙན་གྱིས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཅུག་ནས།  ད་སྔ་བར་ལོ་ ༦ ནས་ ༡༨ བར་ཡིན་པའི་བོད་པའི་སློབ་མ་ཁྱོན་འབུམ་ ༨ ནས་ ༩ བར་དབང་སྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་མུས་ཡིན་པ་དང་། བྱིས་པ་ལོ་བཞི་དང་ལྔ་ཅན་ཡང་སློབ་གྲྭ་དེ་དག་གི་ནང་བཙན་གྱིས་འཇུག་གི་ཡོད་པ་རེད།

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་བཅའ་སྡོད་སློབ་གྲྭ་བཙུགས་ནས་བོད་ཕྲུག་རྣམས་བཙན་གྱིས་མངག་གཏོང་བྱས་པར། རྒྱལ་སྤྱི་ཁྱོན་ཡོངས་ནས་གནོན་ཤུགས་དང་གླེང་སློང་ཤུགས་ཆེན་བྱས་སྟབས། འདས་ལོར་རྒྱ་ནག་གོ་ལའི་དུས་བབ་ཀྱིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་གི་སྐོར་ལ་ཡིག་བརྙན་གཉིས་ཀྱི་ཐོག་ནས་གནས་ཚུལ་སྤེལ་ནས་དཀར་འདོན་བྱེད་ཐབས་དང་། འབུམ་རམས་པ་རྒན་རྒྱལ་ལོ་མཆོག་ཚུད་པའི་ཚོགས་པ་མང་དག་ཅིག་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་ལ་འཁྱོག་བརྗོད་བྱེད་ཀྱི་ཡོད་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད།

གསར་འགོད་པ། དོན་གྲུབ་བཀྲ་ཤིས། དཔལ་ལྡན། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese