མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བདུན་པ་མཇུག་བསྒྲིལ།

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༤་་་༢༥ ལོའི་དགོས་དངུལ་བཀའ་འཁྲོལ་ཐོབ་པའི་ཕྱོགས་བསྡོམས་ཧིན་སྒོར་ ༣,༣༣༡,༠༢༢,༢༣༤ རེད་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་བཞིན་པ། བོད་མིའི་རང་དབང་གི་པར། ༢༠༢༤།༣།༢༩

དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ ༡༡ པའམ་མཐའ་མར་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་རྩིས་ལོ་ ༢༠༢༣་་་༢༤ དང་ ༢༠༢༤ ་་་ ༢༥ ཡི་གཏོང་ལེན་ཁྲིམས་ཡིག་སྒྲོག་སྦྱངས་གནང་བར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་ཕན་བདེ་ལགས་ཀྱི་རྒྱབ་སྐྱོར་འོག བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤་་་༢༥ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་ཐོབ་པ། རྩིས་ལོའི་ནང་སྔོན་རྩིས་མ་དངུལ་ནས་རྒྱུན་གྲོན་དང་དམིགས་བསལ་འགྲོ་འཆར་སྒོར་ ༡,༠༢༡,༠༥༧,༣༠༧ དང་། རྩིས་ལོའི་ནང་ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་སྒོར་  ༢,༣༠༩,༩༦༤,༩༢༧ བཅས་ཁྱོན་བསྡོམས་སྒོར་ ༣,༣༣༡,༠༢༢,༢༣༤ ཆགས་ཀྱི་འདུག་ལ། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་ཐོབ་པ་རྩིས་ལོའི་ནང་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་བདུན་གྱི་སྔོན་རྩིས་འགྲོ་འཆར་སྒོར་  ༤༨,༢༧༠,༢༥༡ དང་། རྩིས་ལོའི་ནང་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་ ༣ བཅས་ནས་སྔོན་རྩིས་འགྲོ་འཆར་སྒོར་  ༩,༧༡༥,༥༣༠ བཅས་ཁྱོན་བསྡོམས་སྒོར་ ༥༧.༩༨༥,༧༨༡ བྱེད་ཀྱི་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། དེ་རིང་གི་ལས་རིམ་བྱུང་བའི་ནང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་འཁུར་ཡོད་རེད། ལ་དྭགས་བླ་མ་བློ་བཟང་ལ་སྐུ་གཤེགས་ནས་ཁོང་གི་རྗེས་དྲན་གྱི་མྱ་ངན་གུས་འདུད་ཅིག་འཁུར་རེད། ང་ཚོའི་གྲོས་ཆོད་ནང་གསལ་བ་གཞིར་བཟུང་རེད། བོད་པ་བཙན་བྱོལ་དུ་དང་པོ་འབྱོར་བ་ནས་བཟུང་ཁོང་གི་ངོས་ནས་ནུས་པ་གང་ཡོད་ཀྱིས་བོད་མི་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེས། དེ་བཞིན་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་རོགས་འདེགས་རྒྱུན་མི་ཆད་པ་གནང་གི་ཡོད་པ་རེད། དེར་བརྟེན་དེ་རིང་ང་ཚོ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཞུ་རྒྱུ་དེ་ཡག་པོ་བྱུང་སོང་། ཁོང་གི་ནང་མི་དང་འབྲེལ་ཡོད་ལ་དྭགས་མི་མང་ཚང་མ་ལ་བསྐྱར་དུ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

ལས་ཉིན་མང་ཆེ་བ་དེ་རྩིས་ལོ་ ༢༠༢༤་་་་༢༠༢༥ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཆགས་པ་རེད། ལོ་འཁོར་སྔོན་རྩིས་ནང་གཙོ་བོ་དཔལ་འབྱོར་ལས་ཁུངས་ཀྱི་ཐོག་ནས་ཁྱབ་ཁོངས་ལྷན་ཁང་གི་རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་སྔོན་རྩིས་འཛིན་སྐྱོང་བཀའ་ཤག་ལ་ཕུལ་བ་དང་། བཀའ་ཤག་གིས་ནང་ཁུལ་དུ་ཕྱོགས་ཡོངས་ནས་ཞིབ་འཇུག་དང་། རྒྱབ་གཉེར་གནང་། དེ་རིང་ང་ཚོའི་གྲོས་ཚོགས་ལ་དངོས་སུ་ཚོད་དཔག་འཆར་རྩིས་ཚོགས་ཆུང་བཙུགས་ནས། ནང་སྲིད་ལས་ཁུངས་ཀྱི་ཟུར་བཀོལ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྡེ་ཚན་གཅིག་ལ་ཆག་ཡང་མ་གཏོགས། དེ་མ་ཡིན་པའི་བཀའ་ཤག་གིས་ཐོག་མའི་རྒྱབ་གཉེར་གནང་བ་དེར་གྲོས་ཚོགས་ཀྱི་ཐོག་ནས་ཧིན་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཞུ་ཐུབ་པ་བྱུང་ཡོད། ང་ཚོས་གཏན་འབེབས་ཞུ་ཐུབ་པ་ཙམ་གྱི་འགྲིག་གི་མེད། ལས་འཆར་གཞི་ནས་མགོ་འཛུགས་དགོས་ཀྱི་ཡོད་པ་དང་། དེ་བཞིན་བཀའ་བློན་རྣམ་པའི་ཐོག་ནས་ལས་འཆར་གྱི་འཆར་གཞི་དང་། སྲིད་ཇུས་སོགས་ཀྱི་འཆར་གཞི་འདིང་གི་ཡོད། གཙོ་བོ་ཕྱག་ལས་གནང་མཁན་སྲི་ཞུའི་ལས་བྱེད་རྣམ་པ་ཆགས་ཀྱི་ཡོད།  དེ་བཞིན་ཚང་མས་ཧུར་ཐག་ཕྱག་ལས་གནང་གི་རེད་ལ། དཔལ་འབྱོར་གྱི་འགྲོ་གྲོན་གཏོང་དགོས་ངེས་རིགས་དང་སྲི་ཚགས་ཀྱི་རྣམ་པའི་ཐོག་ནས་དོན་ཕན་ལྡན་པ་དང་། ལས་གཞི་གང་ཞིག་ཡིན་རུང་དོན་ལ་དམིགས་པ་ཞིག་ཡོང་ཐུབ་ཐབས་སུ་འབད་བརྩོན་ཞུ་དགོས་པ་དེ་གལ་ཆེན་པོ་རེད།

ད་རེས་གྲོས་ཚོགས་ཀྱི་ལས་ཉིན་མང་ཆེ་བ་སྔོན་རྩིས་ཀྱི་ཐོག་ལ་བཏང་བ་རེད། དེ་བཞིན་ང་ཚོས་ཁྲིམས་འཛིན་ལས་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཚུད་པའི་སྒྲིག་གཞི་ཁག་བདུན་ཙམ་ལ་བསྐྱར་བཅོས་བྱེད་ཐུབ་ཡོད། དེ་རིང་ཕྱོགས་ཡོངས་ཀྱི་ཚོགས་གཙོའི་བསམ་བློའི་ནང་ལ། བཀུར་འོས་སྤྱི་འཐུས་རྣམ་པའི་སྒྲིག་གཞི་ནང་ལྟར་བརྗོད་པ་དང་པོ་དང། བརྗོད་པ་གཉིས་པ་ཕེབས་ཕྱོགས་སོགས་ཀྱི་ཐོག་ཡར་རྒྱས་ཀྱི་རྣམ་པ་ཡག་པོ་བྱུང་སོང་བསམ་གྱི་འདུག་ལ། མ་འོངས་པ་ཡིན་ནའང་ཕེབས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག ང་ཚོ་གཏན་འབེབས་བྱུང་ཐུབ་པའི་ནང་ནས་བར་སྐབས་ཤིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འཕྲད་པའི་དཀའ་ངལ་མང་ཆེ་བ་ཞིག་སེལ་ཐུབ་པ་ཞིག་བྱུང་ཡོད། དེར་བརྟེན། ད་རེས་ང་ཚོ་གྲོས་ཚོགས་ཀྱི་བྱས་རྗེས་སམ་ལས་གཞི་གལ་ཆེན་པོ་ཞིག་ཆགས་ཡོད། དེ་ཡང་གཙོ་བོ་གཅིག་དེ་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་གི་ཚོགས་གཙོ་དང་དྲུང་ཆེ། ཚོགས་མི་རྣམ་པས་སྐུ་ལས་མང་པོ་བསྐྱོན་པ་རེད། ཚོགས་ཆུང་གི་སྙན་ཐོ་དང་འཆར་ཟིན་འབྱོར་བ། དེའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་གིས་བཟོ་བཅོས་ཁྲིམས་སྒྲིག་འཁུར་བ་རེད། ཕྱོགས་ཡོངས་ཀྱི་ཐོག་ནས་ཡག་པོ་བྱུང་སོང་། དེར་བརྟེན་འབྲེལ་ཡོད་རྣམ་པ་ཚང་མར་ཚོགས་གཙོའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་རིམ་གཅིག་དེ་བོད་མིའི་སྒྲིག་འཛུགས་ཀྱི་འདས་ལོའི་ཉི་ཤུའི་དཔལ་འབྱོར་གྱི་གནས་བབ་སྙན་ཐོ་ཞིག་བཀའ་ཤག་གིས་བསྣམས་ཕེབས་པ་རེད། དེས་བཀུར་འོས་སྤྱི་འཐུས་རྣམས་ལ་ཐུགས་ཕན་གསོས་པའི་དགོངས་ཚུལ་མང་པོ་གསུངས་སོང་། དེར་བརྟེན། མ་འོངས་པར་དཔལ་འབྱོར་གནས་བབ་ཀྱི་ཐོག་ལ་ཐུགས་སྣང་དང་མཁྱེན་རྟོགས་ཐུབ་པའི་གནས་བབ་ཅིག་ཆགས་ཀྱི་ཡོད་པས་ཡག་པོ་བྱུང་སོང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་དང་བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༤ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese