མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་སྨན་རིའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཐེངས་ ༣༤ པ་འཚོག་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧རྒྱལ་བ་སྨན་རིའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཟླ་ཕྱེད་རིང་འཚོག་བཞིན་ཡོད་པ་དང་དེ་བཞིན་ཉིན་གྲངས་ ༢ རིང་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་འཚོག་གཏན་འཁེལ་འདུག

༧རྒྱལ་བ་སྨན་རིའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཐེངས་ ༣༤པའི་མཛད་སྒོ། གཡུུང་དྲུང་བོན་གྱི་པར། ༢༠༢༤།༠༤།༡༡

ཁ་སང་ཕྱི་ཚེས་ ༡༡ ནས་ ༢༧ བར་ཧི་མ་ཅལ་མངའ་སྡེའི་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ། ༧རྒྱལ་བ་སྨན་རིའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཐེངས་ ༣༤ འཚོག་བཞིན་ཡོད་ཅིང་། དབུ་འཛུགས་ཀྱི་མཛད་སྒོའི་ཐོག་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་༧སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་གི་དབུས། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག  སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་རིག་པའི་བློན་ཆེན་ཇ་ག་ཏ་སིངྒ་ནེ་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོན་གཞིས་ཉིན་སློབ།  གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ། དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་འདུས་མང་། བོན་གཞིས་ཀྱི་མི་མང་སོགས་འཛོམས་ཡོད་འདུག

ཧི་མ་ཅལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་རིག་པའི་བློན་ཆེན་ཇ་ག་ཏ་སིངྒ་ནེ་གེ་མཆོག་གིས། བོད་ཀྱི་གནའ་བོའི་གྲུབ་མཐའ་གཡུང་དྲུང་བོན་འདི་ཉིད་མ་ཉམས་རྒྱུད་འཛིན་གྱིས་དར་སྤེལ་བྱེད་ཀྱི་ཡོད་པ་འདི་དགའ་འོས་པ་ཞིག་ཡིན་ལ། ཁོང་གིས་ས་གནས་དེ་རང་ནས་སློབ་སྦྱོང་བྱས་ཏེ་འཚར་ལོངས་བྱུང་བའི་མི་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་མིག་གིས་མཐོང་ས་ནས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་པ་འདི་ཉིད་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་། རྒྱ་གར་གྱི་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་པ་ཉུང་ཤས་ཤིག་ལས་མེད་ཀྱང་། འདས་བའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ། རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་བདག་ཉར་བྱེད་སྟངས་འདི་ནི་ང་ཚོས་མིག་དཔེ་ལྟ་འོས་པ་ཞིག་ཡིན་སྐོར་སོགས་གསུངས་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ང་ལ་མཚོན་ན་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཅར་བ་ཐེངས་བཞི་བ་ཆགས་ཀྱི་ཡོད། ན་ནིང་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་ཁྲི་བཞེངས་ཀྱི་མཛད་སྒོའི་སྐབས་སུ་བཅར་རྒྱུའི་སྐལ་བ་བཟང་པོ་བྱུང་སོང་། ད་ནི་སྨན་རིའི་ཁྲི་འཛིན་སྐབས་སོ་བཞི་པའི་ཐུགས་འགན་བཞེས་ཏེ་དུས་ཡུན་ལོ་ལྔ་ལྷག་འགྲོ་བཞིན་འདུག དུས་ཡུན་འདིའི་ནང་དུ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་རྒྱལ་ཁབ་ཕྱི་ནང་ཀུན་དང་། བོད་ཕྱི་ནང་གཉིས། གདན་ས་འདི་གཙོས་༧ཞྭ་དཀར་པཎ་ཆེན་བསྟན་པའི་འཛིན་སྐྱོང་ཐོག་འཐུས་ཤོར་མེད་པར་ཧ་ཅང་ལེགས་པོ་བྱུང་སོང་། དེ་རིང་འདིར་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་དམིགས་བསལ་འཚམས་འདྲི་དང་། དགའ་སྤོབས་ཆེན་པོ་བྱུང་ཞེས་སྙན་སེང་ཞུ་རྒྱུ་ཡིན། ཅེས་གསུངས།

༧རྒྱལ་བ་སྨན་རིའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཐེངས་ ༣༤པའི་མཛད་སྒོའི་ཐོག་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་པ། གཡུུང་དྲུང་བོན་གྱི་པར། ༢༠༢༤།༠༤།༡༡

གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ནི་སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པར་ཕྱག་བཏབ་ཡོད་ཅིང་། ཕྱི་ལོ་ ༡༩༨༨ ལོར་ཁྲི་འཛིན་སོ་གསུམ་པ་མཆོག་གིས་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་དབུ་བཙུགས་གནང་སྟེ། གདན་སའི་ལྷ་སྡེ་མི་མང་རྣམས་དང་། བོད་ཕྱི་ནང་གཉིས། ཕྱོགས་མཐའི་རྒྱལ་ཁབ་ཁག་གི་དད་ལྡན་པར་སྒྲུབ་པ་ཆེན་མོའི་དབང་བྱིན་བསྩལ་ཡོད་འདུག

སྒྲུབ་སྨན་འདིས་ནད་རིགས་སྤྱི་དང་གསང་སྔགས་ཀྱི་ཐོག་ནས་མངོན་པར་སངས་རྒྱས་ཐོབ་པའི་ཕན་ནུས་བསམ་ཡུལ་ལས་འདས་པ་ཞིག་ཡིན་འདུག  རྒྱལ་བ་སྨན་རིའི་སྒྲུབ་ཆེན་གྱི་མཛད་སྒོ་དང་བསྟུན་ནས་ཕྱོགས་མཐའ་ཁག་གི་སྐུ་མགྲོན་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་གདམས་པ་གང་མང་གནང་རྒྱུ་དང་། བོན་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཐེག་དགུའི་མཆོད་ཆ་ཡོ་བྱད་བཅས་ངོ་སྤྲོད་འགྲེམས་སྟོན། བཙུན་དགོན་རཏྞ་སྨན་གླིང་གི་རྟེན་དང་བརྟེན་པ་བཅས་ལ་མཇལ་ཁ་དང་ཁོར་ཡུག་གཟིགས་སྐོར། དམུ་ཁྲི་བཙད་པོ་ཞང་བོད་རིག་གཞུང་སློབ་གཉེར་ཁང་སྨན་རིའི་རིག་གནས་སྡེ་ཚན་གྱི་རིག་པའི་གནས་ལྔའི་སྡེ་ཚན་སོ་སོར་གཟིགས་སྐོར་ངོ་སྤྲོད་གནང་གི་ཡོད་འདུག

ཟླ་འདིའི་ཚེས་ ༡༨ དང་ ༡༩ གཉིས་ལ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་སོགས་གོ་སྒྲིག་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese