མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ཅལ་མངའ་སྡེའི་དཔལ་འབྱོར་གྱི་ཐོན་ཁུངས་ཆེ་ཤོས་གསུམ།

བོད་ཀྱི་དུས་བབ།
༢༠༢༤/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་མི་འབོར་བརྒྱ་ཆ་ ༧༡ གིས་ཞིང་ལས་ཀྱི་འཚོ་བར་རོལ་གྱི་ཡོད་པ་མ་ཟད་ལོ་རེར་ཧིན་སྒོར་ཐེར་འབུམ་ ༣ ལྷག་གི་ཡོང་འབབ་བྱུང་གི་ཡོད་པ་རེད།

HP to bring 2,00 hectares under organic farming, develop 200 bio-villages

རྒྱ་གར་ཧི་མ་ཅལ་མངའ་སྡེའི་དཔལ་འབྱོར་གྱི་ཐོན་ཁུངས་ཆེ་ཤོས་གསུམ་ནི་ཞིང་ལས་དང་། ཡུལ་སྐོར་སྤྲོ་འཆམ། གློག་ནུས་བཅས་ཡིན་འདུག དེ་ཡང་ཧི་མ་ཅལ་མངའ་སྡེའི་མི་འབོར་བརྒྱ་ཆ་ ༩༣ ཞིང་ལས་ཀྱི་འཚོ་བར་རོལ་མཁན་ཡིན་པ་མ་ཟད། ཧི་མ་ཅལ་ནི་ནམ་དུས་བཞིའི་དུས་ཚིགས་ཀྱི་དབྱེ་མཚམས་མངོན་གསལ་ཡོད་པའི་རི་རྒྱུད་ཀྱི་མངའ་སྡེ་ཡིན་པའི་ཆ་ནས་ཀུ་ཤུ་དང་། གྲོ། འབྲས། ནས། མ་རྨོས་ལོ་ཏོག་སོགས་ཧ་ཅང་སྤུས་ལེགས་སྐྱེས་ཀྱི་ཡོད། ཞིང་ལས་ལ་བརྟེན་ནས་མངའ་སྡེ་འདིའི་མི་འབོར་བརྒྱ་ཆ་ ༧༡ ལ་ལས་ཀའི་གོ་སྐབས་རག་གི་ཡོད་པ་དང་། ཞིང་ལས་ལ་བརྟེན་ནས་ལོ་རེར་ཧིན་སྒོར་ཐེར་འབུམ་ ༣ ལྷག་གི་ཡོང་འབབ་བྱུང་གི་ཡོད་པ་སོགས་མངའ་སྡེ་འདིའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད།

སྤྱིར་རྒྱ་གར་ནི་འཛམ་གླིང་ནང་གི་ཀུ་ཤུའི་ཐོན་ཁུངས་ཨང་རིམ་ལྔ་པ་ཡིན་པ་དང་། ཧི་མ་ཅལ་མངའ་སྡེ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་ཀུ་ཤུའི་ཐོན་ཁུངས་ལེགས་ཤོས་གཉིས་པ་དེ་ཡིན་ལ། མངའ་སྡེ་འདིར་ཀུ་ཤུའི་མངའ་སྡེ་ཡང་འབོད་ཀྱི་ཡོད། འོན་ཀྱང་། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གིས་ཆར་ཆུ་དང་ཚ་དྲོད་མི་སྙོམས་པའི་རྐྱེན་གྱིས་ཀུ་ཤུ་སྐྱེ་འཕེལ་ལ་ཤུགས་རྐྱེན་ཐེབས་ཏེ། ཀུ་ཤུའི་ཐོན་ཁུངས་དཀོན་དུ་འགྲོ་ཡི་ཡོད་པ་རེད། མངའ་སྡེའི་ཤིང་ཏོག་རིགས་ཀྱི་ཐོན་རྫས་ཀྱི་ནང་ནས་བརྒྱ་ཆ་ ༨༥ ཀུ་ཤུ་ཡིན་ཞིང་། ཀུ་ཤུ་ཁོ་ནས་ལོ་རེར་ཧིན་སྒོར་ཐེར་འབུམ་ ༥༠ ལྷག་གི་ཡོང་འབབ་རག་གི་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག ཀུ་ཤུའི་ཐོན་ཁུངས་ནི་སིམ་ལ་ (Shimla) དང་ཀུ་ལུ་ (Kullu)། ཁུ་ནུ་ (Kinnaur) བཅས་ཡིན་འདུག

མངའ་སྡེ་འདིའི་དཔལ་འབྱོར་ཐོན་ཁུངས་ཆེ་ཤོས་གཉིས་པ་ནི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་ཡིན་འདུག དེ་ཡང་མངའ་སྡེ་འདི་ནི་རྒྱ་གར་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་འདུག་ལ། རྒྱ་གར་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་ནང་དབྱར་ཁའི་དུས་སུ་ཚ་བ་ཆེ་བ་དང་། དགུན་དུས་སུ་ཁ་བ་དཀར་པོའི་མཛེས་སྡུག་མཐོང་རྒྱུ་མེད་པ་རེད། ནམ་དུས་ཀྱི་དུས་ཚིགས་མངོན་གསལ་ཆེ་བའི་ཧི་མ་ཅལ་མངའ་སྡེ་ནི་དུས་བཞིའི་འཁོར་སྐྱོད་རེ་རེའི་ཁྲོད་དུ། རང་བྱུང་ཁམས་ཀྱི་མཛེས་ཉམས་རེ་རེ་སྟོན་ནས། ཡུལ་སྐོར་བ་རྣམས་ཀྱི་ཁྲ་ཆུང་མིག་གི་དགའ་སྟོན་དུ་གྱུར་ཡོད་པའི་ཁར། ཁ་བའི་གྲང་རེག་གི་ཁྲོད་དུ་གངས་རྩེད་ལ་རོལ་ནས། སེམས་ཁམས་ཁ་བ་ལ་ལྷོད་ཀྱིས་གླན་པ་ནི་ངལ་གསོ་བྱེད་སྟངས་ཤིག་ཡིན་པ་མ་ཟད། ལྷ་ཁང་དང་མཆོད་རྟེན་རྩ་ཆེན་ལ་གནས་མཇལ་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་རེད། ལྷག་པར་དུ་མ་ནཱ་ལི་ (Manali) དང་དྷ་རམ་ས་ལ། ཅམ་པ་ (Chamba) ཀུ་ལུ་ (Kullu) བཅས་ནི་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་གལ་ཆེན་ཞིག་ཡིན་འདུག

ཡུལ་སྐོར་སྤྲོ་འཆམ་ཚན་པའི་གྲངས་ཐོ་ཞིབ་བཤེར་སྙན་ཐོ་ལྟར་ན། འདས་ལོར་ཧི་མ་ཅལ་མངའ་སྡེའི་ནང་ཡུལ་སྐོར་བ་ས་ཡ་ ༡༠།༦༠ བསླེབས་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོར་ཡུལ་སྐོར་བ་ས་ཡ་ ༡༠།༥༡ བྱུང་ཡོད་འདུག འོན་ཀྱང་ཉེ་ལམ་འཛམ་གླིང་ཚ་དྲོད་རྒྱས་པ་དང་། ཆར་པ་ཤུགས་ཆེན་བབས་པས་ཆུ་ལོག་དང་ས་རུད་སོགས་བྱུང་བའི་རྐྱེན་གྱིས་ཆར་དུས་སྐབས་ཡུལ་སྐོར་བ་བསླེབས་མི་ཐུབ་པ་སོགས་ཀྱིས་དཔལ་འབྱོར་གྱི་གྱོང་གུད་ཤུགས་ཆེན་བྱུང་གི་ཡོད་སྐོར་སོགས་གསལ་འདུག

The Bhakra Dam, the most important dam of the state of Himachal Pradesh

ཧི་མ་ཅལ་ནང་རྒྱུག་ཆུ་དང་འཁྱགས་རོམ་མང་པོ་ཡོད་པའི་མངའ་སྡེ་ཞིག་ཡིན་པའི་ཆ་ནས་ཐོན་ཁུངས་ཆེ་ཤོས་གསུམ་པ་ནི་གློག་ནུས་ཡིན་ཞིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། པན་ཇབ་ (Punjab)། ར་ཇེ་སི་ཐན་ (Rajasthan) སོགས་ལ་གློག་ནུས་ཀྱི་ཚོང་འབྲེལ་བྱེད་ཀྱི་ཡོད། འདས་པའི་ལོ་ངོ་གསུམ་གྱི་ནང་མངའ་སྡེ་འདིའི་གློག་ནུས་ཀྱིས་ཧིན་སྒོར་ཀ་རོར་ ༣༠༠༠ ལྷག་གི་ཡོང་འབབ་བྱུང་ཡོད་འདུག

ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རྗེ་རམ་ཊ་ཀུར་ (Jai Ram Thakur) ལགས་ཀྱིས། ཧི་མ་ཅལ་མངའ་སྡེ་ནི་གློག་ནུས་ཀྱི་ཐོན་ཁུངས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་ཧི་མ་ཅལ་མངའ་སྡེའི་ནང་ཟླ་བ་རེ་རེར་གློག་གཏོང་ཚད་ ༡༢༥ (units) དང་དེའི་མན་ཆད་ལ་གློག་རིན་སྤྲོད་མི་དགོས་པའི་ཐག་གཅོད་གནང་ཡོད་པ་ལྟར། ཐག་གཅོད་དེ་བརྒྱུད་རྒྱ་གར་གྱི་ཡུལ་མི་འབུམ་ ༡༤ ལྷག་ལ་གློག་རིན་སྤྲོད་མི་དགོས་པའི་ཁེ་ཕན་ཤུགས་ཆེན་བྱུང་ཡོད་ལ། མངའ་སྡེའི་གཞུང་གསར་པའི་ངོས་ནས་ཀྱང་ཐག་གཅོད་དེ་མུ་མཐུད་དུ་ལག་བསྟར་བྱེད་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༢༢་་་༢༣ ལོའི་ནང་གི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་སྙོམ་རྒྱལ་ནང་ཐོན་རྫས་རིན་འབབ་ (Gross Domestic Product) ཧིན་སྒོར་ས་ཡ་ ༡༠།༣༣ ལྷག་ནས་ ༢༠༢༣་་་་༢༤ ལོའི་སྤྱི་སྙོམ་རྒྱལ་ནང་ཐོན་རྫས་རིན་འབབ་ཧིན་སྒོར་ས་ཡ་ ༡༠།༤༢ ལྷག་ལ་འཕར་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༣་་་༢༤ ལོའི་ནང་མངའ་སྡེ་འདིའི་སྤྱི་སྙོམ་རྒྱལ་ནང་ཐོན་རྫས་རིན་འབབ་བརྒྱ་ཆ་ ༧།༡ འཕར་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུས་ཕྱོགས་སྒྲིག་བྱས།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese