མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་རང་དབང་ཉིན་མོ་ཐེངས་སོ་གཅིག་པ་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དུ་འཛམ་གླིང་གསར་འགོད་རང་དབང་ཐེངས་སོ་གཅིག་པ་སྲུང་གཙི་དང་འབྲེལ་གསར་འགོད་མཐུན་ཚོགས་ཀྱི་དྲ་ཚིགས་གསར་པ་དབུ་འབྱེད་དང་ཞབས་ལོ་རིང་ཤོས་ཀྱི་གསར་འགོད་པ་ཞིག་ལ་ཆེ་བསྟོད་གཟེངས་རྟགས་དང་ཕྱག་འཁྱེར་འབུལ་ལམ་ཞུས་སོང་།

དེ་རིང་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་དུ་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་ཐེངས་ ༣༡ པ་སྲུང་གཙི་ཞུས་སོང་བ་དང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། དྷ་ས་ཁུལ་དུ་ཡོད་པའི་གསར་ཁང་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་། རང་དབང་ཅན་གྱི་ཉམས་ཞིབ་ལྟེ་གནས་ཁང་ཁག་གི་འགན་འཛིན་དང་། ཉམས་ཞིབ་པ། རྩོམ་པ་པོ་སོགས་མཉམ་ཞུགས་གནང་སོང་།

སྐབས་དེར་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་དྲ་ཚིགས་གསར་པ་དབུ་འབྱེད་གནང་བ་དང་། ནོར་ཝེ་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས་ལ་གསར་འགོད་པ་ཞབས་ལོ་རྒན་ཤོས་ཀྱི་ཆེ་བསྟོད་གཟེངས་རྟགས་དང་ཕྱག་འཁྱེར་གནང་གྲུབ་མཚམས། བསྟན་འཛིན་ལེགས་བཤད་ལགས་ཀྱིས། དེང་སང་འཛམ་གླིང་ནང་འཁྲུག་ཆ་དོད་པོ་ཞེ་དྲགས་ཆགས་ཡོད་པས། གསར་འགོད་པ་ཚོར་དམིགས་བསལ་གྱི་འགན་ཡོད་ལ། རང་དབང་ཡང་ཡོད། འགན་ཡོད་པ་གཞིར་བཟུང་གིས་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་དང་། བོད་པའི་གསར་འགོད་པ་རྣམས་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་པར་རྗེས་སུ་ཡི་རངས་ཞུ་ཡི་ཡོད་སྐོར་གྱི་བཀའ་སློབ་གནང་རྗེས། གསར་འགོད་པའི་འོས་འགན་དང་ཐོབ་ཐང་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སོང་།

སྐབས་དེར་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་སྦྱིན་པ་ལགས་ཀྱིས།  དེ་རིང་ནི་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༥ ཚེས་ ༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་གཏན་འབེབ་སྲུང་གཙི་བྱས་ནས་ལོ་ངོ་  ༣༡ འཁོར་བའི་ཉིན་མོ་ཡིན་ཞིང་། ང་ཚོ་བཙན་བྱོལ་དུ་ཕྱི་ལོ་ ༡༩༩༧ ལོར་བོད་ཀྱི་གསར་འགོད་མཐུན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༧ འཁོར་ཡོད། དེ་རིང་གི་ཉིན་མོ་འདི་དང་སྟབས་བསྟུན་ནས། ང་ཚོས་འཛམ་གླིང་གི་སྲིད་གཞུང་ཁག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་མི་སྒེར་བ་བཅས་ཀྱི་དྲང་བདེན་མིན་པ་དང་དབང་ཆ་ལོག་སྤྱོད། ལྐོག་ཟ་རུལ་སུངས། དྲག་གནོན་དང་འཇིགས་སྐུལ། ཧམ་ཤེད་སོགས་ལ་གདོང་ལེན་གནང་བཞིན་པ་དང་འཛམ་གླིང་གི་མི་ཚང་མར་གསར་འགྱུར་ལས་རིགས་ཀྱི་ཐོག་ནས་དངོས་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱི་གསར་འགོད་པ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན།  ཕྱི་ལོ་ ༡༩༩༣ ནས་དེ་རིང་བར་འཛམ་གླིང་ཁྱོན་ཡོངས་སུ་གཡུ་ས་དང་སྲིད་དབང་སྒེར་གཅོད། ལྐོག་ཟ་རུལ་སུངས་སོགས་ཀྱི་ཁ་གཏད་དུ་ལངས་མཁན་གསར་འགོད་པ་ཁྱོན་ ༡༦༦༨  རྐྱེན་འདས་སུ་བཏང་བ་གསལ་ལ།  རྒྱ་ནག་གཞུང་གིས་ད་བར་གསར་འགོད་པ་ ༡༢༧ ལྷག་འཛིན་བཟུང་བཙོན་འཇུག་བྱས་ཏེ། གར་སོང་ཆ་མེད་དུ་གྱུར་བ་དང་ན་མནར་གྱིས་དབང་གིས་འདས་གྲོངས་སུ་ཕྱིན་པ་སོགས་བྱུང་ཡོད་སྟབས། དེ་རིང་འཛམ་གླིང་གསར་འགོད་རང་དབང་ཉིན་མོར། ང་ཚོས་འདས་གྲོངས་སུ་གྱུར་བའི་འཛམ་གླིང་གི་གསར་འགོད་པ་ཡོངས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ལྷག་པར་དུ་ད་ལྟ་འཛམ་གླིང་ནང་དྲང་བདེན་མིན་པའི་ཁྲིམས་ཆད་ཕོག་པ་དང་། བཙོན་འཇུག་མནར་གཅོད་འོག་ཡོད་པའི་གསར་འགོད་པ་ཁྱོན་  ༣༢༠ ཡོད་པ་ཚང་མ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།

དེ་རིང་ང་ཚོས་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་བྱེད་བཞིན་ཡོད་པ་འདི། ང་ཚོ་སྐྱབས་བཅོལ་གྱི་གནས་སྟངས་འོག་ཡོད་ཀྱང་། ང་ཚོས་གསར་འགོད་རང་དབང་དང་འདྲ་མཉམ། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་སྲུང་སྐྱོབ་བྱེད་བཞིན་ཡོད་པས། ཉིན་མོ་འདི་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་དུ་བརྩི་ཆོག་པ་ཡིན། རྒྱ་ནག་ནང་དེ་ལས་ལྡོག་སྟེ་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཕར་ཞོག་གསར་འགོད་རང་དབང་རྩ་བ་ཉིད་ནས་མེད་ལ། ད་ལྟ་ཞི་ཅིན་ཕིན་གྱི་དབང་སྒྱུར་འོག་རྒྱ་ནག་ནང་གསར་འགོད་རང་དབང་སྤུ་ཙམ་ཡང་མེད་ཅིང་། མུ་མཐུད་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོ་གཞི་བཞག་བྱས་ན། རྒྱ་ནག་ནི་བྱང་ཀོ་རི་ཡ་ཕུད་རྗེས་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་དང་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཆེ་ཤོས་དེ་ཡིན་པ་གསལ་སྟོན་བྱས་ཡོད་ལ། འཛམ་གླིང་ནང་རང་དབང་དང་མང་གཙོ་ལ་དགའ་བའི་མི་རྣམས་ཀྱིས་ཡོངས་གྲགས་ཐོག་ནས། རྒྱ་ནག་གི་གསར་ཁང་དག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་པ་དང་རྣ་བ་ཡིན་པར་ཤོད་ཀྱིན་པ་བཞིན་དུ། ད་ལྟ་ཞི་ཅིན་ཕིན་གྱི་སྲིད་དབང་སྒེར་གཅོད་འོག རྒྱ་ནག་གི་གསར་འགོད་པ་ཚོ་གསར་འགོད་པ་ཆགས་པ་ནས་ཚང་མས་ ༼   ཞི་ཡི་བསམ་བློའམ་དགོངས་པ ་༽་  ཟེར་བའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལ་ཆུ་ཚོད་ ༩༠ རིང་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པ་ལྟར། བོད་ནང་གི་གསར་འགོད་པ་དག་ལའང་རང་དབང་མེད་ཅིང་དོགས་ཟོན་འཇིགས་སྐུལ་འོག་གནས་ཡོད་པའི་ཁར། གོང་རིམ་གྱིས་བཀོད་མངགས་ཅི་བྱས་ནང་ལྟར་གསར་འགོད་བྱེད་དགོས་པ་མ་ཟད།  བོད་ནང་གི་གསར་འགོད་པ་མང་དག་ཅིག་བོད་ཕྱི་ནང་གཉིས་སུ་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་བྱེད་མཁན་གྱི་ལག་ཆར་བཀོལ་སྤྱོད་བྱེད་བཞིན་པ་སོགས་ནི་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་ལས་མ་འདས།

འདི་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་ཐེངས་སོ་གཅིག་པའི་གཏན་འབེབས་བརྗོད་གཞི་ནི། སའི་གོ་ལའི་ཆེད་དུ་གསར་འགྱུར། ཁོར་ཡུག་ཉམས་ཉེན་གྱི་གསར་འགྱུར་ལས་རིགས་ལ་ཁ་གཏད་དགོས། ཞེས་པ་ཡིན་པ་ལྟར། ཉེ་ལམ་བོད་ཀྱི་དུས་བབ་གསར་ཁང་གཙོ་བྱས་པའི་བཙན་བྱོལ་གྱི་གསར་ལམ་ཁང་ཁག་གིས་ཨ་མྱེས་རྨ་ཆེན་ཁུལ་གྱི་རྡུར་གནས་གཏེར་མཛོད་ཆེན་མོ་ཞེས་པ་སྔོག་འདོན་བྱས་དང་བྱེད་བཞིན་པ་ལ་བརྟེན་ནས། ཨ་མྱེས་རྨ་ཆེན་འབྱུང་འགྱུར་ལོ་བཅུ་ཕྲག་ཁ་ཤས་རིང་མ་གཏོགས་ལྷག་རྒྱུ་མིན་པའི་བློ་འཚབ་ཆེ་བའི་གནས་ཚུལ་ཐོན་ཡོད་ལ། དེ་བཞིན། བོད་མགོ་ལོག་ཁུལ་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་རྨ་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་དང་། མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཁོངས་ཀྱི་དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་བརྒྱུད་དུ་གཡང་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་ཞིག་རྒྱག་བཞིན་པ། སྡེ་དགེ་རྫོང་དབོན་པོ་སྟོད་ཀྱི་དབོན་སྟོད་དགོན་དང་ཡེ་ན་དགོན་སོགས་དགོན་པ་དྲུག་དང་གྲོང་ཚོ་གཉིས་ལྷག་ཆུ་རགས་གསར་རྒྱག་ལ་ཁ་གཡར་ནས་གནས་སྤོར་དགོས་པའི་བཙན་བཀའ་བཏང་བ་སོགས། མདོར་ན། འཛམ་གླིང་གི་ཆུ་བོ་ཆེན་པོའི་བདུན་གྱི་མགོ་ཁུངས་ཡིན་པའི་བོད་ཀྱི་ཆུ་བོ་ཆེན་པོ་དག་ཏུ་ཆུ་མཛོད་རྒྱག་པ་དང་། ས་མཐོ་རི་གཙང་གི་ཁོར་ཡུག་ཀུན་ཏུ་གང་བྱུང་གཏེར་ཁ་སྔོག་འདོན་དང་འཛུགས་སྐྲུན་སོགས་བྱས་ཏེ། འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་པ་རྣམས་དེ་རིང་འདི་ནས་འཕྲལ་དུ་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡོད།

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་ལུག་ཚང་དཔལ་ཡོན་དྲ་ཚིགས་སྒོ་བརྒྱབ་སྟེ། བོད་ནང་གི་སྨྲ་བརྗོད་རང་དབང་གི་སྡིངས་ཆ་དང་རྩོམ་པ་པོ་རང་དབང་ལ་བཀག་སྡོམ། དེ་བཞིན་པར་སྐྲུན་ཁང་ཁག་ལ་ཚོད་འཛིན་དང་དམ་དྲག་བྱས་ཏེ་མི་སྒེར་གྱི་དེབ་ཅིག་པར་སྐྲུན་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད། ང་ཚོས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣ ཉིན་ནས་དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༣ བར་བོད་ནང་དུ། རྒྱལ་ཁབ་ཁ་བྲལ་ཟེར་བ་དང་བོད་དོན་གནས་ཚུལ་བརྒྱུད་སྐུར་བྱས་པ། ༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་སོགས་ཉེས་མེད་ཀྱི་ནག་ཉེས་འདྲ་མིན་གཡོགས་ཏེ། བོད་མི་ཁྱོན་ ༥༨ ལྷག་འཛིན་བཟུང་བཙོན་འཇུག་བྱས་པ་དང་བོད་མི་ ༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ། དེ་བཞིན་བོད་མི་ ༤ རྒྱ་ནག་གི་བཙོན་འཇུག་མནར་གཅོད་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་པས། ང་ཚོས་དེ་རིང་གསར་འགོད་རང་དབང་ཉིན་མོ་དང་བསྟུན། རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་བཞི་འདོན་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་རིང་གསར་འགོད་རང་དབང་ཉིན་མོར་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་དོན་ཚན་བཞི་ཅན་ཞིག་བཏོན་པའི་ནང་། གཅིག  རྒྱ་ནག་གཞུང་གིས་༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། རྒྱའི་བཙོན་ཁང་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཆབ་སྲིད་བཙོན་མ་རྣམས་ཀྱི་གནས་ཚུལ་ཁ་གསལ་བཟོ་དགོས། གཉིས། རྒྱལ་སྤྱིའི་གསར་འགོད་པ་དང་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གསར་འགོད་པ་རྣམས་རང་དབང་གི་ཐོག་ནས་བོད་ནང་དུ་བསྐྱོད་བཅུག་སྟེ་བོད་ནང་གི་བོད་མིའི་དངོས་ཡོད་ཀྱི་གནས་སྟངས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་འགྲེལ་བརྗོད་ཞུ་ཆོག་དགོས། གསུམ། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་སླར་གསོ་བྱས་ཏེ་བོད་རྒྱའི་དཀའ་རྙོག་མགྱོགས་མྱུར་སེལ་དགོས། བཞི། རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ཟེར་བ་མཚམས་འཇོག་བྱས་ཏེ། བོད་ཀྱི་བྱིས་པ་ཚོར་ཀྲུང་ཧཱ་མི་རིགས་ཀྱི་རྩ་ཁྲིམས་ནང་གསལ་ལྟར། སོ་སོའི་སྐད་ཡིག་རིག་གཞུང་ལ་སློབ་སྦྱོང་བྱེད་པ་དང་གཅེས་སྤྲས་བྱེད་པའི་ཐོབ་ཐང་སྤྲོད་དགོས། ཞེས་པ་བཅས་འཁོད་འདུག དགག་བྱ་གཅིག་བཏོན་པ་ནི་ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གསར་འགོད་རང་དབང་ལྡན་ཞིང་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ལ་གུས་བརྩི་བྱེད་པའི་མང་གཙོའི་རྒྱལ་ཁབ་ཧྥ་རན་སིར་ཡོང་བར་མཐའ་གཅིག་ཏུ་ངོས་ལེན་མེད་ཅེས་པ་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

སྐར་མ ༣༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese