མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་སྒོར་གསར་པས་རྒྱ་གར་དང་བལ་ཡུལ་བར་ས་མཚམས་རྩོད་རྙོག་བསླངས།

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

བལ་གཞུང་གིས་བལ་སྒོར་བརྒྱ་ལོ་གསར་པའི་ཐོག་རྩོད་གཞི་ཅན་དུ་གྱུར་བའི་ས་གནས་ཁག་ཅིག་བལ་ཁོངས་སུ་བཅུག་པར་བརྟེན་རྩོད་གཞི་ཆེན་པོ་བྱུང་འདུག

Earlier, on June 18, 2020, the then KP Oli government of Nepal had got the new map of the country passed by the Parliament at the behest of China

བལ་ཡུལ་གྱིས་ཤོག་དངུལ་བརྒྱ་ཐམ་པའི་ཐོག་ད་ལྟ་རྙོག་གྲ་ཡོད་པའི་ས་ཆ་འཁོད་པ་དེས་རྒྱ་གར་དང་བལ་ཡུལ་བར་གྱི་དཀའ་ངལ་ཚབས་ཆེ་རུ་བཟོ་ཡི་ཡོད། བལ་ཡུལ་རྒྱ་ནག་གི་རྗེས་སུ་འབྲངས་ནས། ད་ལྟ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ལི་པུ་ལིག་(lipulek) དང་། ལིམ་པི་ཡ་དུ་ར་(Limpiyadhura)། ཀ་ལ་པ་ནི་(kalapani)   བཅས་ཀྱི་བདག་དབང་བལ་ཡུལ་གཞུང་ལ་ཡོད་པ་བློ་སྟོབས་ཆེན་པོས་བསྒྲགས་ཡོད། ཐག་གཅོད་དེ་ནི་བལ་ཡུལ་བློན་ཆེན་ལྷན་ཁང་གིས་ཆོག་མཆན་སྤྲད་དེ། རྒྱལ་ཁབ་གཉིས་ཀྱི་བར་ཡུན་རིང་རྩོད་རྙོག་ཆེ་བའི་ས་ཁོངས་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟུང་ཡོད།

དེ་སྔོན་རྒྱ་གར་ཕྱོགས་ནས་ས་མཚམས་ཀྱི་བདག་དབང་རྩོད་རྙོག་ཐད་ཉེན་བརྡ་བཏང་ཡོད་མེད་ལ་མ་ལྟོས་པར། བལ་ཡུལ་གྱི་སྲིད་བློན་པོའུ་ཤི་པཱ་ཀ་མལ་(Pushpakamal Dahal ‘Prachanda) གྱིས་ས་ཁུལ་དེ་དག་གི་བདག་དབང་ཆེད་དུ་གླེང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་རྒྱུ་ཡིན་པའི་གསལ་བཤད་བྱས་ཡོད།

བལ་ཡུལ་གཞུང་གི་མགྲིན་ཚབ་པ་དང་། དྲིལ་བསྒྲགས་དང་འབྲེལ་མཐུད་བློན་ཆེན་ར་ཀེཤ་ཤར་མ་(sharma)Rekha ལགས་ཀྱིས།  ཕྱི་ཟླ་ ༤ ཚེས་༢༥ ནས་ཟླ་ ༥ ཚེས་ ༢ བར་འཚོགས་པའི་ཚོགས་འདུ་ཞིག་གི་སྐབས། རྒྱབ་ཏུ་ས་ཁྲ་ལྡན་པའི་བལ་སྒོར་བརྒྱ་ཐམ་པའི་བསྐྱར་བཅོས་བཟོ་འགོད་ལ་བློན་ཆེན་ལྷན་ཚོགས་ནས་ཆོག་མཆན་སྤྲད་ཡོད། ཤོག་སྒོར་བསྐྱར་བཅོས་ལ་ཆོག་མཆན་སྤྲད་ཟིན་པ་རེད། སྐབས་དེར་ཤོག་སྒོར་སྟེང་དུ་ལི་པུ་ལིག་(lipulek) དང་། ལིམ་པི་ཡ་དུ་ར་(Limpiyadhura)། ཀ་ལ་པ་ནི་(kalapani) བཅས་མངོན་པའི་བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་འགོད་པར་ཐག་གཅོད་བླངས་ཡོད།

བལ་ཡུལ་གྱིས་དེ་སྔ་ནས་ས་ཁུལ་དེ་གསུམ་བལ་ཡུལ་རང་གི་ས་ཁོངས་ཡིན་པ་ཤོད་ཀྱིན་ཡོད་པ་དང་། ས་ཁུལ་གསུམ་པོ་དེ་སྔོན་མ་ནས་བལ་ཡུལ་གྱི་འོས་བསྡུའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་མ་ཟད། དེ་སྔ་བལ་ཡུལ་གྱི་སྲིད་བློན་ཟུར་པ་ཨོ་ལི་ (KP Sharma Oli) སྲིད་བློན་དུ་ལངས་སྐབས། ཁོས་རང་ཉིད་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ཚེ། རྒྱ་གར་དང་ལྷན་དུ་གྲོས་མོལ་བགྱིས་ཏེ། ས་ཁུལ་གསུམ་དེ་ཕྱིར་བལ་ཡུལ་གྱི་མངའ་ཁོངས་སུ་ལེན་རྒྱུ་ཡིན་པའི་དམ་བཅའ་བཞག་ཡོད། རྒྱ་གར་གྱི་བརྡ་ལན་ཤུགས་ཆེན་བྱས་ཡོད།

དེ་ཡང་ཕྱི་ལོ་  ༢༠༢༠  ལོའི་  ཟླ་ ༦   ཚེས་ ༡༨་ཉིན་བལ་ཡུལ་གྲོས་ཚོགས་ཀྱིས་རྒྱ་ནག་གི་བཙན་བཀའ་འོག་ནས་བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་གཏན་འབེབ་བྱས་ཏེ་སྲིད་བློན་ཨོ་ལི་གཞུང་ལ་སྤྲད་ཡོད་པ་དང་། ས་ཁྲ་གསར་པ་དེའི་ནང་རྩོད་རྙོག་ཆེ་བའི་ས་ཁུལ་གསུམ་དེ་ཡང་ཚུད་པར་བྱས་ཡོད་པ་མ་ཟད། བལ་ཡུལ་གྱི་བཅའ་ཁྲིམས་ལའང་བསྐྱར་བཅོས་བྱས་ཡོད། སྐབས་དེར་རྒྱ་གར་གྱིས་བལ་ཡུལ་གཞུང་གི་ཐག་གཅོད་དེ་ནི་རང་འདོད་ཆེ་བའི་ཐག་གཅོད་ཅིག་ཡིན་པའི་ལན་འདེབས་ནན་མོ་བྱས་ཡོད།

རྒྱ་གར་དང་བལ་ཡུལ་གཉིས་བར་ས་མཚམས་ཁྱོན་སྤྱི་ལེ་  ༡༨༥༠ ཡོད། རྒྱ་གར་གྱི་འབྲས་ལྗོངས་(sikim)དང་ནུབ་བྷན་གྷལ (west Bengal)  བྷེ་ཧར་(bihar)། ཨུ་ཏར་་(Uttar)།  ཨུ་ཏར་ཁན་(Uttarakhan)བཅས་མངའ་སྡེ་ལྔའི་ས་ཁྱོན་སྤྱི་ལེ་  ༡༨༥༠  ཙམ་བལ་ཡུལ་དང་ས་འབྲེལ་ཆགས་ཡོད།  རྒྱ་གར་ཕྱོགས་ནས་ལི་པུ་ལིག་(Lipulekh དང་ཀ་ལ་པ་ནི(་Kalapani)།  ལིམ་པི་ཡ་དུ་ར་(Limpiyadhura)བཅས་ཀྱི་ས་ཁུལ་བདག་དབང་སྟངས་འཛིན་བྱེད་བཞིན་ཡོད།

ས་ཁུལ་གསུམ་དེ་ནི་རྒྱ་དཀར་ནག་དང་བལ་ཡུལ་གསུམ་གྱི་ས་མཚམས་སུ་ཁེལ་ཡོད། རྒྱ་ནག་གིས་རྒྱུན་ལྡན་ནས་ས་ཁུལ་དེ་དག་གི་རྩོད་རྙོག་དང་འབྲེལ་ནས་བལ་ཡུལ་གཞུང་ལ་སུན་པོ་བཟོ་ཡི་ཡོད་ཅིང་། རྒྱ་ནག་གི་གནོན་ཤུགས་འོག་ནས་བལ་ཡུལ་གྱིས་རྒྱ་གར་དང་འབྲེལ་ལམ་གཏོར་བརླག་མི་གཏོང་ཐབས་མེད་ཀྱི་མཚམས་སུ་བསླེབས་ཡོད་འདུག རྒྱ་ནག་གིས་བཏོན་པའི་རྒྱ་གར་གྱི་ས་ཁྲ་ཞིག་ཏུ་ཀ་ལ་པ་ནི་(Kalapani) ལིམ་པི་ཡ་གྷོའུ་ར་(Limpiyaghura)།  ལི་པུ་ལིག་(lipulekh) བཅས་ནི་རྒྱ་གར་གྱི་ས་ཁོངས་ཡིན་པ་བསྟན་ཡོད།

རྒྱ་ནག་གིས་འགྲེམ་སྤེལ་བྱས་པའི་ས་ཁྲ་ནི་དུས་རྒྱུན་དུ་རྩོད་རྙོག་ཆེ་བ་ཞིག་ཡིན། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༩ ནང་། རྒྱ་ནག་གཞུང་གིས་བཏོན་པའི་ས་ཁྲ་ཞིག་ཏུ་ཨ་རུ་ན་ཅལ་དང་ཨག་སའེ་ཆིན་ས་ཁུལ་གཉིས་ནི་རྒྱ་ནག་རང་གི་ས་ཁོངས་ཡིན་པ་བསྟན་ཡོད། དེ་བཞིན། རྒྱ་ནག་གཞུང་གིས་ཝི་ཏི་ནམ་དང་མ་ལི་ཞི་ཡ། ཧྥེ་ལི་ཕེ་སི་བཅས་ཀྱི་ས་ཁུལ་ཁ་ཤས་ཀྱང་རྒྱ་ནག་གི་ས་ཁོངས་ཡིན་པའི་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་།  བལ་ཡུལ་གྱི་སྲིད་བློན་འུ་ཤི་པཱ་ཀ་མལ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས། རྒྱ་ནག་གིས་ཀ་ལ་པ་ནི་(Kalapani) ལིམ་པི་ཡ་གྷོའུ་ར་(Limpiyaghura)།  ལི་པུ་ལིག་(lipulekh) བཅས་ནི་རྒྱ་གར་གྱི་ས་ཁོངས་ཡིན་པར་ངོས་འཛིན་བྱས་ཡོད།

རྒྱ་གར་ཕྱོགས་ནས་ད་དུང་ཡང་བལ་ཡུལ་གྱིས་གཏན་འབེབས་བྱེད་པའི་དངུལ་སྒོར་བརྒྱ་ཐམ་པ་དང་འབྲེལ་བའི་གནད་དོན་དེར་བརྡ་ལན་གང་ཡང་བསློགས་མེད་ཀྱང་། རྒྱ་གར་གཞུང་གིས་དེ་སྔོན་ནས་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ནས་ས་ཁོངས་བདག་དབང་རྫུན་བཟོའི་རིགས་ལ་ངོས་ལེན་རྩ་བ་ནས་མེད་པའི་ཉེན་བརྡ་བཏང་ཡོད་པ་རེད།

ཚེ་རིང་རྣམ་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese