མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་གྱི་དུས་ཐུང་འགྲེམས་སྟོན་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་གྱི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་སོང་།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་འཕགས་པ་ཝ་ཏི་བཟང་པོའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་བཞིན་པ། ༢༠༢༤།༥།༢༢ དུས་བབ་ཀྱི་པར།

དེ་རིང་ནས་ཕྱི་ཟླ་ ༩ ཚེས་ ༢༢ བར་ཟླ་བ་བཞིའི་རིང་བོད་ཀྱི་འགྲེམས་སྟོན་ཁང་དུ་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་གྱི་དུས་ཐུང་འགྲེམས་སྟོན་གནང་མགོ་བཙུགས་སོང་། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧོན་སུར་རྫོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་མཆོག་རྣམ་གཉིས་དང་། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། ནང་དོན་འབྲི་རྩོམ་པ་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སོགས་ཕེབས་ཡོད་འདུག

ཐོག་མར་འགན་འཛིན་སྟོབས་ལྡན་ལགས་ཀྱིས། ང་ཚོའི་ལོ་རྒྱུས་ཐོག་ནས་ཇོ་བོ་ཝ་ཏི་བཟང་པོ་རྟེན་གཙོ་བོ་ཞིག་ཡིན་པ་དང་། ཇོ་བོ་ཝ་ཏི་བཟང་པོ་བོད་ལ་གདན་འདྲེན་ཞུས་ནས་ད་བར་ལོ་ངོ་ ༡༣༨༩ ལྷག་འགྲོ་ཡི་འདུག དེར་བརྟེན་འགྲེམས་སྟོན་གྱི་ངོས་ནས་གནའ་རྫས་ཙམ་མིན་པར་བོད་མི་སྤྱི་ཡོངས་ཀྱི་ནུས་པ་དང་འགན་ཁུར་གཅིག་མཚུངས་ཡོད་པའི་རྟེན་གཙོ་ཆགས་ཀྱི་ཡོད་རེད། དུས་རབས་བདུན་པ་དང་དུས་རབས་བཅུ་བདུན་སྐབས་སུ་ཇོ་བོ་སྐྱིད་གྲོང་དུ་བསྡད་མི་ཐུབ་པར་ལྷ་སར་ཐེངས་གཉིས་ཙམ་ཕེབས་དགོས་པའི་གནས་སྟངས་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་དགོས་བྱུང་བ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་ཞག་རྒྱུན་དུ་ནས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱ་དགོས་རེད་གསུང་གི་ཡོད་པ་རེད། དེར་བརྟེན་ཐེངས་འདིའི་འགྲེམས་སྟོན་ནང་ཇོ་བོ་ཝ་ཏི་བཟང་པོའི་རྒྱབ་ལྗོངས་ཀྱི་རྣམ་ཐར་དང་མཛད་པ་འཕྲིན་ལས། བོད་ཆོལ་ཁ་གསུམ་དང་ཆོས་ལུགས་རིས་མེད་ཐོག་ནས་གསུང་བྱོན་པ་རྣམས་འགྲེམས་སྟོན་ཞུ་ཡི་ཡོད། དུས་ཐུང་གི་འགྲེམས་སྟོན་འདིའི་ནང་ཇོ་བོ་ཝ་ཏི་བཟང་པོ་དང་འབྲེལ་བའི་དངོས་རྫས་ ༡༩ འགྲེམས་སྟོན་ཞུ་ཡི་ཡོད། ཅེས་བརྗོད་སོང་།

འཕགས་པ་ཝ་ཏི་བཟང་པོའི་དུས་ཐུང་འགྲེམས་སྟོན་གནང་བཞིན་པ། ༢༠༢༤།༥།༢༢ དུས་བབ་ཀྱི་པར།

ནང་དོན་འབྲི་རྩོམ་པ་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས། ད་ལན་འཕགས་མཆོག་ཝ་ཏི་བཟང་པོ་དང་འབྲེལ་བའི་དུས་ཐུང་འགྲེམས་སྟོན་གྱི་ནང་དོན་གཙོ་བོ་མཚོན་ཐབས་གསུམ་ཡོད་པ་རེད། ཆོས་ལུགས་དང་། གནའ་རྫས། ཆབ་སྲིད་ཀྱི་ཐོག་ནས་མཚོན་ཐབས་བྱས་ཡོད། ཆོས་ལུགས་དང་འབྲེལ་བའི་ཐོག་ནས་ཇོ་བོ་ཝ་ཏི་བཟང་པོའི་རྣམ་ཐར་དང་། བོད་ཀྱི་སྐྱེས་ཆེན་དམ་པས་ཇོ་བོ་ལ་གསོལ་འདེབས་ཞུས་པ། དེ་བཞིན་ཇོ་བོའི་ངོས་ནས་བོད་ཀྱི་སྐྱེས་ཆེན་དམ་པ་ལ་བྱིན་རླབས་གནང་བ་དང་། འཕགས་པ་ལྷ་ཁང་། ཇོ་བོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་བརྟེན། ཇོ་བོ་དང་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་བར་གྱི་འབྲེལ་བའི་གནད་དོན་འདིའི་ཐོག་ནས་རྩ་ཆེན་པོ་ཡིན་པའི་གནས་ཚུལ་མཚོན་ཐབས་བྱས་ཡོད། གནའ་རྫས་ཀྱི་ཐོག་ནས་ཇོ་བོ་དང་འབྲེལ་བའི་རྣམ་ཐར་དཔེ་རྙིང་དང་། འཕགས་པ་ལྷ་ཁང་གི་ཆོས་དེབ་དང་རྟེན་དེབ་ལ་སོགས་པ་ཡིག་ཆ་རྙིང་པ་མང་པོ་ཞེ་དྲགས་ཡོད་པ་དེ་ཚོའི་ཐོག་ནས་བོད་པའི་ལམ་ལུགས་ཀྱི་ཐོག་ནས་དོན་སྙིང་ཆེན་པོ་འདུག དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་ཇོ་བོ་ལྷ་ས་ལ་ཐེངས་མ་གཉིས་གདན་འདྲེན་ཞུས་ཡོད་ལ། ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་བརྟེན་ཇོ་བོ་རྒྱ་གར་ལ་གདན་འདྲེན་ཞུས་ཡོད་པ་དང་། ད་ལྟ་བར་དུ་ཇོ་བོ་དང་འབྲེལ་བའི་ཡིག་ཆ་རྣམས་བསྡུ་རུབ་བྱས་ཏེ་གྲ་སྒྲིག་གང་ཡག་བྱས་ཡོད། ཅེས་བརྗོད་སོང་།

དམིགས་བསལ་སྐུ་མགྲོན་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་མཆོག་གིས། ཇོ་བོ་ཝ་ཏི་བཟང་པོ་དུས་རབས་བདུན་པའི་ནང་བྱུང་བ་དང་། ཁོང་གི་འཁྲུངས་རབས་དང་། གོར་དམག་གི་ཉེན་གཡོལ་གྱི་ཆེད་དུ་ཇོ་བོ་བོད་ལ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་མངའ་འོག་ནས་རྒྱ་གར་དུ་ཕེབས་ཡོད་པའི་མཛད་པ་འཕྲིན་ལས་སོགས་ངོ་སྤྲོད་གནང་བ་དང་། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་གཅིག་སྒྲིལ་གྱི་ཐོག་ནས་ཇོ་བོ་རིན་པོ་ཆེ་མཆོག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ངོ་བོ་དབྱེར་མེད་དུ་ལྟ་བའི་ཐོག་ནས་ཕྱག་མཆོད་གསོལ་འདེབས་དང་སྨོན་ལམ་འདེབས་དགོས་གལ་ཆེ་སྐོར་དང་། བོད་ཀྱི་བདེན་མཐའ་གསལ་བར་ཕྱག་མཆོད་སྨོན་ལམ་འདེབས་དགོས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་བློ་བཟང་སྦྱིན་པ་མཆོག་གིས། སྲོང་བཙན་སྒམ་པོས་རྒྱ་བཟའ་དང་བལ་བཟའ་གཉིས་བཙུན་མོར་བཞེས་པའི་རྗེས་སུ། ཇོ་བོ་ཐོག་མར་བོད་ལ་གདན་འདྲེན་ཞུས་ཡོད་སྐོར་དང་། ཇོ་བོའི་གནས་སྟངས་དང་། ཇོ་བོའི་སྐུ་བརྙན་གྲུབ་སྟངས་སོགས་ངོ་སྤྲོད་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱི་ཐོག་ནས་བོད་ལ་བསྟན་སྲུང་མང་པོ་ཡོད་པ་དང་། བོད་ཙམ་མིན་པར་ཧི་མ་ལ་ཡའི་རི་རྒྱུད་དང་ཐད་ཀར་འབྲེལ་བ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་། མཐའ་དོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སྟེ། ཐེངས་འདིའི་འགྲེམས་སྟོན་ནང་མི་མང་གང་མང་མཉམ་ཞུགས་གནང་དགོས་སྐོར་སོགས་བརྗོད་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese