མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐད་ཡིག་བགློ་གླེང་ལས་འཕྲོས་པའི་བསམ་ཚུལ།

བོད་ཀྱི་དུས་བབ།
༢༠༢༤/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

དབྱངས་གསལ་སོ་བཞི་ངག་ནས་སྒྲོག

ཆོས་དང་རིག་གཞུང་གཙུག་ཏུ་བཀུར།།

ཡ་རབས་བཟང་སྤྱོད་ཉམས་སུ་ལེན།།

དཔའ་ངར་ཞུམ་མེད་ལས་ལ་བརྩོན།།

ཞེས་ཚིགས་སུ་བཅད་པའི་སྔོན་བསུ་སྟེ། དེ་རིང་ངས་གླེང་འདོད་པ་ནི་བོད་ཀྱི་ཤེས་རིག་དང་བོད་ཀྱི་གནས་སྟངས་སྐོར་ཡིན་ཞིང་། དེ་ཡང་བོད་ཀྱི་དཔེ་མཛོད་ཁང་གི་ཐུགས་འགན་རླབས་ཆེན་བཞེས་གནང་མཛད་ནས་བོད་ཀྱི་སྐད་ཡིག་སྐོར་ལ་ཉིན་གསུམ་གྱི་རིང་དུ་བགྲོ་གླེང་ཚོགས་འདུ་ཞིག་བོད་ཀྱི་དཔེ་མཛོད་ཁང་དུ་ཚོགས་སོང་། ད་རེས་ཀྱི་ཚོགས་འདུ་དེའི་ནང་དུ་ཚོགས་བཅར་བ་མང་ཆེ་བ་ནི་དགེ་རྒན་དང་། དེ་བཞིན་ཤེས་ཡོན་གྱི་ཐོག་ཏུ་ཕྱག་ལས་གནང་མཁན་རྐྱང་རེད་འདུག དེ་འདྲའི་མཉམ་དུ་རང་ཉིད་ཀྱང་མཉམ་ཞུགས་བྱ་རྒྱུ་བྱུང་བ་ནི་སེམས་ནང་ཧ་ཅང་དགའ་ཞིང་བློ་སྐྱེད་ཡོང་བར་ཕན་ཐོགས་ཆེན་པོ་བྱུང་།

ལྷག་དོན་ཁོང་རྣམས་ནི་འདབ་གཤོག་གཉིས་ལྡན་ཡིན་པ་དང་། བོད་མི་རིགས་ཀྱི་སྐད་ཡིག་ཐོག་ཏུ་དགའ་ཞེན་ཡོད་མཁན་རྐྱང་རེད་འདུག་བསམ་པའི་ཚོར་སྣང་གསོན་པོ་དབང་མེད་དུ་སྐྱེས་བྱུང་། ད་ལྟའི་དུས་སྐབས་འདིར་བོད་མི་རིགས་གཞིས་བྱེས་གཉིས་སུ་གནས་དགོས་པའི་གནས་སྟངས་ཧ་ཅང་ཐབས་སྐྱོ་པོ་ཡིན་དུས་རང་རེའི་རྒན་དར་གཞོན་གསུམ་ཚང་མ་གནས་སྐབས་འཚོ་བའི་ཐོག་ཏུ་མགོ་འཐོམ་ནས་མ་བཞུགས་པར་བོད་རིགས་ཀྱི་བདེན་མཐའ་གསལ་ཐབས་ཆེད་ཚང་མས་ནུས་པ་གཅིག་ཏུ་སྤུངས་ནས་ལས་དོན་གནང་དགོས་པ་ཞིག་ཀྱང་རེད་སྙམ།

དེ་བཞིན་ད་རེས་བགློ་གླེང་དེའི་ནང་དུ་བོད་མི་རིགས་ཀྱི་སྐད་ཡིག་ཉམས་ཆགས་མི་འགྲོ་བའི་ཆེད་དུ་དགོངས་ཚུལ་སྣ་ཚོགས་ཤིག་གསུང་གནང་སོང་ལ། དེ་དག་གོ་དུས་རང་ཉིད་ལ་མཚོན་ན་སེམས་ནང་དགའ་སྐྱོ་གཉིས་ལྡན་གྱི་སྣང་བ་ཞིག་སྐྱེས་བྱུང་། སྐྱོ་དགོས་པ་ནི་ང་ཚོའི་གཅེས་པར་འོས་པའི་ཕ་ཡུལ་དགྲ་ལག་ཏུ་ཤོར་ནས་གཞིས་བྱེས་གཉིས་སུ་མི་འདོད་བཞིན་དུ་འཚོ་བ་རོལ་དགོས་ཐུག་གི་ཡོད།  དགའ་དགོས་པ་ནི་ང་ཚོ་བཙན་བྱོལ་ནང་གནས་དགོས་བྱུང་རུང་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལས་མི་ཡུལ་ལུང་པར་ས་ཆ་ལག་མཐིལ་ཙམ་ཞིག་མེད་རུང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། དགོན་སྡེ། གཞིས་སྒར་ཁག་བཅས་འཆར་གཞི་གོ་རིམ་ལྡན་པ་གནས་ཐུབ་པ་ཙམ་དུ་མ་ཟད། བོད་མི་རིགས་ཀྱི་ཁྱད་ཆོས་མ་ཉམས་པར་གསོན་པོར་གནས་ཐུབ་པ་བྱུང་ཡོད་ལ། བོད་ཀྱི་ཤེས་རིག་ལ་འཛམ་གླིང་མི་རྣམས་ཀྱི་ཡིད་སྨོན་ཤོར་བའི་དར་རྒྱས་དང་འཛུགས་སྐྲུན་ཐུབ་པ་བྱུང་ཡོད།

ལྷག་དོན་ད་ལྟ་རང་རེའི་སྐད་ཡིག་འདི་ཉིད་ཉམས་ཆགས་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ཡུལ་རྒྱ་དམར་གྱིས་བཙན་འཕྲོག་བྱས་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་ལ་སོགས་མེད་པ་བཟོ་ཐབས་ཀྱི་ལས་འགུལ་གདུག་རྩུབ་ཅན་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་ཡོད་ལ། དེང་སྐབས་གཞིས་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་བྱེད་མི་བཅུག་པ་མ་ཟད། སློབ་ཆུང་སློབ་མ་རྣམས་གཏན་འཇགས་སློབ་གྲྭའི་ནང་བཙན་གྱིས་བཅུག་ནས་ཕ་མ་དང་བུ་ཕྲུག་རྒྱང་ཐག་རིང་དུ་བཏང་ནས་བོད་ཕྲུག་རྣམས་རྒྱ་ཕྲུག་ལ་བསྒྱུར་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད། རྒྱ་གཞུང་གི་བྱེད་སྟངས་དེ་དག་ནི་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བའི་ཧ་ཅང་གི་ཉེན་འཚབ་ཆེ་བའི་ངན་ཇུས་ཞིག་ཀྱང་རེད་སྙམ་ལ། རྒྱ་གཞུང་གིས་ལས་འགུལ་ཐབས་སྡུག་དེ་དག་འཕྲལ་དུ་མཚམས་འཇོོག་བྱ་དགོས་པ་ཞིག་རེད། རྒྱུ་མཚན་དེ་དག་ལ་བརྟེན་རང་རེའི་བྱེས་འབྱོར་བ་ཚོས་ངེས་པར་དུ་རང་ཉིད་ཀྱི་བུ་ཕྲུག་ལ་བོད་ཀྱི་དྲི་མ་མ་ཡལ་བའི་ཐོག་ཏུ་ནུས་ཤུགས་སྤུངས་ནས་བོད་ཀྱི་སྐད་ཡིག་སློབ་གསོ་གནང་དགོས་པ་ཞིག་ལས། གནས་སྐབས་དགོས་མཁོ་ལ་གཟིགས་ཏེ་བོད་ཡིག་འདོར་མི་རུང་བ་དེ་ཡིན་པ་རེད།

ད་ནི་ང་ཚོ་བཙན་བྱོལ་བ་ཚོས་ཀྱང་བོད་ནང་གི་གནས་སྟངས་དེ་དག་ཡིད་དུ་བཟུང་སྟེ་རང་རེའི་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་ཆུ་ཚད་གོང་འཐོར་གཏོང་ཐབས་ལ་བརྩོན་དགོས། དེ་ཡང་༧གོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྡུས་ལས། “བོད་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་ཡོད་དགོས་ལ། བོད་པའི་གོམས་གཤིས་བཟང་པོ་རྣམས་ཀྱང་མ་བརླག་པ་དགོས་པ་ལྟར་བོད་པའི་སློབ་གྲྭ་ཁག་ལོགས་སུ་བཙུགས། ཆོས་དགེ་འདྲ་ཆེད་དུ་བཏང་བའི་དགོས་དོན་དེ་ལྟར་རེད། དེར་བརྟེན་དགེ་རྒན་ཚོ་དང་། ཕྲུ་གུའི་ཕ་མ་ཚོས་གཟབ་གཟབ་བྱེད་དགོས།” ཞེས་བཀའ་སློབ་ལམ་སྟོན་ཕེབས་དོན་ལྟར་ད་ལྟ་ང་ཚོ་ཚང་མར་གནས་སྐབས་འཚོ་བའི་མཐུན་རྐྱེན་འགྲིགས་ཙམ་བྱུང་དུས་དེ་དག་ཆོག་ཤེས་འཛིན་ནས་དལ་ལྷོད་དུ་སྡོད་པའི་དུས་ཚོད་གཅིག་གཏན་ནས་མ་རེད་ལ། རྣམ་གཡེང་བྱེད་པའི་དུས་ཚོད་གཅིག་དེ་བས་ཀྱང་མ་རེད། རྒྱལ་ཁབ་ཡོད་པའི་བུ་ཕྲུག་ལས་ལྷག་གཅིག་ང་ཚོའི་བོད་ཕྲུག་ཚོ་ལ་ལས་འགན་ཆེ་བ་ཡོད། རྒྱལ་ཁབ་ཡོད་པའི་བུ་ཕྲུག་ཚོར་རྒྱལ་ཁབ་མེད་པའི་སེམས་ཁྲལ་དང་སྡུག་བསྔལ་གང་ཡང་མེད། ང་ཚོའི་རྒྱལ་ཁབ་གཞན་གྱི་བཙན་འོག་ཏུ་ཤོར་ནས་མི་ཡུལ་ལུང་པར་གནས་དགོས་ཐུག་གི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོ་བོད་པའི་ན་གཞོན་ཚོས་གནའ་དེང་གི་ཤེས་རིག་ཐོག་ཏུ་རྣམ་རིག་བསྒྲིམ་ནས་བོད་ཀྱི་བདེན་དོན་ཆེད་དུ་སྐད་ཅིག་ཙམ་ཡང་འཐུས་ཤོར་མེད་པར་འབད་བརྩོན་གནང་ནས་ང་ཚོར་རང་དབང་དགའ་སྐྱིད་ཀྱི་ཉི་མ་མྱུར་དུ་བསྐྱར་གསོ་ཐུབ་ཐབས་ལ་འབད་དགོས་པ་དེ་རེད་ལ། རང་གཞུང་གིས་ཀྱང་ཤེས་ཡོན་ཐོག་ཏུ་དོ་སྣང་ཆེ་བ་གནང་དགོས་པ་དང་། སློབ་མའི་ཤེས་ཡོན་ཆེད་དུ་མཐུན་རྐྱེན་ལས་དོན་གཞན་ལས་ཆེ་བ་བསྐྲུན་དགོས་པ་ནི་གལ་ཆེའི་གནད་དོན་ཞིག་རེད་འདུག་སྙམ། ངས་དེ་ལབ་དུས་རང་གཞུང་གི་མཐུན་རྐྱེན་བསྐྲུན་གྱི་མི་འདུག་དེ་འདྲ་གང་ཡང་ལབ་ཀྱི་མེད་མོད། སྔར་ལྷག་མཐུན་རྐྱེན་བཟང་བ་བསྐྲུན་ཐབས་བྱེད་དགོས་པ་དེ་རེད།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་ཇུས་གསལ་དོན་ལྟར། ཤེས་ཡོན་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་རྒྱུ་དང་། དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོང་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་དགོས། ཞེས་གསལ་དོན་ལྟར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ནང་དུ་ཆ་རྐྱེན་དེ་དག་བསྐྲུན་ཡོད་པ་ཞིག་ད་བར་གོ་ཐོས་མ་བྱུང་། གཅིག་བྱས་ན་རང་ཉིད་ལྟ་རྒྱ་དང་མཐོང་རྒྱ་ཆུང་བའི་སྐྱོན་ཡིན་སྲིད། གལ་སྲིད་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོང་ཐབས་སུ་ཁྲིམས་ལུགས་ཀྱི་གཏན་འབེབས་གནང་མེད་ཚེ། དེ་དག་ངེས་པར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་ཇུས་ནང་དུ་བཀོད་དོན་ལྟར་ངེས་པར་འབྲེལ་ཡོད་ཚོས་ཁྲིམས་ལུགས་ཆ་རྐྱེན་བསྐྲུན་ནས་ལག་བསྟར་གནང་དགོས་པ་དེ་རེད། དེ་ནི་གལ་ཆེན་པོ་ཞིག་རེད། ང་ཚོ་ཚང་མའི་ཤེས་ཡོན་གལ་ཆེན་པོ་ཡིན་རབས་གླེང་བཞིན་ཡོད་ན། དེར་སློབ་གསོ་གནང་མཁན་གྱི་དགེ་རྒན་རྣམ་པ་ལའང་ཆེ་མཐོང་དང་མཐུན་རྐྱེན་བསྐྲུན་དགོས་པ་ནི་བཤད་མ་དགོས།

དེ་བཞིན་བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཞེས་གྲགས་པའི་རི་བོ་མཐོ་ཞིང་། མཚོ་དང་མཚེའུ་ཉམས་དགའ་བའི་གནས་མཆོག་ཅིག་ཀྱང་ཡིན་པ་རེད། གནས་དེར་འཚོ་ཞིང་ནང་བཅུད་ཀྱི་སེམས་ཅན་རྣམས་ཞི་བདེའི་བག་ཕེབས་ཀྱི་ངང་ནས་འཚོ་སྡོད་བྱེད་ཀྱི་ཡོད། དེ་འདྲའི་གནས་མཆོག་ཉམས་དགའ་བ་དེར་རྒྱ་དམར་གྱིས་དྲག་པོའི་བཙན་འཕྲོག་བྱས་པ་ནས་བཟུང་སྟེ་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱེན་ཆེན་པོ་ཐེབས་ཡོད་ལ། དེ་ཡང་བོད་མཐོ་སྒང་ཐོག་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཞེས་པའི་དེབ་ལས། “བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམས་དང་རྩྭ་ཐང་མང་པོ་ཞིག་རྩ་བརླག་དང་གཏོར་སྐྱོན་བཏང་ཡོད། རང་བྱུང་གི་རླངས་རྫས་དང་རྡོ་སྣུམ་རིགས་ཙམ་མིན་པར། ཟངས་དང་། ལྕགས། གསེར། དཀར་གཡའ། ལི་ཐི་ཡམ། དངུལ། རྡོ་རྗེ་ཕ་ལམ། རྡོ་རྒྱུས། ཐལ་ཚྭ་ལྟ་བུའི་བང་མཛོད་ཧ་ཅང་ཕྱུག་པོ་ཡོད་པ་རྣམས་སྔོག་འདོན་གྱི་བྱ་བས་ཕྱི་ལོ་ ༡༩༥༠ ནས་བཟུང་བོད་མཐོ་སྒང་གི་གཏེར་འདོན་ལས་མི་རྣམས་ལས་བྲེལ་ངང་གནས་པར་བྱས་ཡོད།” ཅེས་གསལ་ཡོད་པ་དང་། དེ་བཞིན་བོད་མི་ཚོས་གནས་རི་རྩ་ཆེར་ངོས་འཛིན་བྱེད་སའི་གནས་ཆེན་ཨ་མྱེས་རྨ་ཆེན་ནས་གཏེར་ཁ་སྔོག་འདོན་ཆེ་བའི་དབང་གིས་ཛ་དྲག་གི་སྟངས་ཤིག་ཏུ་འགྱུར་ཡོད། དེ་ཡང་བོད་ཀྱི་དུས་བབ་འདོན་ཐེངས་ ༩༦༤ ལས། “ཟངས་གཏེར་ཚོང་གཉེར་ཁང་དེས་གཏེར་ཁ་སྔོག་འདོན་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་འདས་པའི་ལོ་ངོ་ཉེར་བདུན་ལྷག་གི་རིང་ཟངས་གཙོ་བོར་གྱུར་བའི་གཏེར་རིགས་སྔོན་འདོན་ཤུགས་ཆེན་བྱས་ཏེ། གནས་རིར་སྐྱོན་ཆག་དང་འབག་བཙོག་ཤུགས་ཆེན་བཟོས་ཡོད་པ་མ་ཟད། བཟོ་གྲྭའི་བཙོག་ཆུ་རྣམས་དགུ་ཆུའི་ནང་དུ་ཐད་ཀར་གཏོང་གི་ཡོད་སྟབས། དགུ་ཆུའི་འགྲམ་གྱི་འབྲོག་མང་གིས་དགུ་ཆུ་འཐུང་མི་ནུས་པར་གྱུར་བ་དང་།” ཞེས་གསལ་དོན་ལྟར་གནས་སྟངས་ཛ་དྲག་གང་འདྲ་ཞིག་ཏུ་གྱུར་ཡོད་པ་ང་ཚོས་རོབས་ཙམ་ཤེས་ཐུབ་པ་དེ་རེད། དེར་མི་མང་གི་བདེ་སྡུག་ཞུ་འབོད་བྱས་རུང་དོན་འབྲས་སོན་གྱི་མེད་པ་དེ་རེད།

དེང་སྐབས་རྒྱ་གཞུང་གིས་བོད་ལ་ཡར་རྒྱས་གཏོང་ཆེད་རྒྱ་སྒོར་དུང་ཕྱུར་མང་པོ་བཏང་ཡོད་རབས་བརྗོད་ཀྱི་ཡོད་མོད། དོན་དུ་དེ་དག་བོད་སྡོད་དམག་ཕོགས་དང་། ལས་བྱེད་ཀྱི་གླ་ཕོགས་སོགས་ཡིན་པ་རེད། བོད་མི་རིགས་ཀྱི་འཚོ་བའི་ཐོག་ཏུ་ཕན་ཐོགས་གང་ཡང་ཡོང་གི་མེད། མེ་འཁོར་ལྕགས་ལམ་དང་གཞུང་ལམ་བཟོས་བ་དེ་དག་ནི་བོད་ནས་གཏེར་ཁ་སྔོག་འདོན་གྱི་འུར་འདྲེན་བྱ་སའི་ཆེད་ཡིན་པ་ལས་བོད་མི་རིགས་ཀྱི་ཁེ་ཕན་ཆེད་དུ་དམིགས་ནས་བཟོས་པ་ཞིག་དེ་བས་ཀྱང་མིན། རྒྱ་དམར་གཞུང་གིས་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ཐོག་ཏུ་ཚོད་འཛིན་གྱིས་རྟག་ཏུ་སུན་པོ་ཡང་ཡང་བཟོ་བཞིན་ཡོད་ལ། བོད་མི་རྣམས་ལ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་སྤུ་ཙམ་ཡང་མེད་པར་དེ་འདྲའི་དཀའ་སྡུག་འོག་ཏུ་གནས་དགོས་ཐུག་གི་ཡོད། ཤེས་ལྡན་པ་ཚོར་རང་ཉིད་ཀྱི་བསམ་ཚུལ་ཙམ་ཡང་བཤད་པའི་རང་དབང་མེད། གལ་སྲིད་རྒྱ་གཞུང་གིས་ལྟ་བ་དང་ལངས་ཕྱོགས་མ་མཐུན་པའི་རྩོམ་ཡིག་སྤེལ་ཚེ་ལམ་སེང་ཁ་བྲལ་གྱི་ཉེས་མིང་བཙན་གྱིས་བཀལ་ནས་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་ལ། བཙོན་ཁང་དུ་བཅུག་ནས་རིག་འཚོ་མ་ཟིན་པ་བཟོ་ཡི་ཡོད། བོད་མི་རྣམས་ལ་རང་ས་རང་ལ་སྤྱོད་དབང་ཙམ་ཡང་མེད་པའི་གནས་སྟངས་ཐབས་སྐྱོ་པོར་འགྱུར་བཞིན་ཡོད་ལ། ཞི་བདེ་བག་ཕེབས་ལྡན་པའི་གནའ་བོའི་གྲོང་དང་གྲོང་ཁྱེར་དེ་དག་ད་སྐབས་ཡར་རྒྱས་ལ་ཁ་གཡར་ནས་དམིགས་ཡུལ་ངན་པ་ཞིག་འཛིན་པའི་ཐོག་ནས་ཁྲ་ཁྲ་ཟིང་ཟིང་ཅན་དུ་བཙན་གྱིས་རྒྱ་ཡུལ་གྱི་གྲོང་ཁྱེར་ནང་བཞིན་སྒྱུར་བཞིན་ཡོད། བོད་ཀྱི་ཐོག་ཏུ་རྒྱ་གཞུང་གིས་ཡིག་ཐོག་ཏུ་བཀོད་པ་དང་ངོས་སུ་ས་གནས་སུ་ལག་བསྟར་གཉིས་མི་མཐུན་པའི་གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་བྱེད་སྟངས་དེ་དག་ལ་བོད་མི་རྣམས་ཞེན་པ་གཏིང་ནས་ལོགས་ཀྱི་ཡོད། རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་དྲག་པོའི་བཙན་བཟུང་བྱས་ནས་མི་ལོ་རེ་ལྔ་ལྷག་ཙམ་འགྲོ་བཞིན་ཡོད་ཅིང་། ལོ་ཟླ་དེ་དག་གི་རིང་དུ་བོད་མི་རིགས་ཀྱི་སེམས་ཁམས་སུ་སྡུག་བསྔལ་ལས་བདེ་སྐྱིད་ཀྱི་ཉི་མ་ཤར་མྱོང་གཏན་ནས་མེད། དེ་འདྲའི་སེམས་ནང་དཀའ་སྡུག་དེ་དག་མ་བཟོད་ནས་བོད་མི་རྣམས་སྐུ་སྲོག་མཆོད་མེར་སྒྲོན་དགོས་ཐུག་གི་ཡོད། རྒྱ་གཞུང་གིས་དེ་དག་ལ་བསམ་ཤེས་བྱ་རྒྱུ་ལས་ལྡོག་སྟེ་སྐུ་སྲོག་མཆོད་མེར་སྒྲོན་མཁན་དེ་དག་རིགས་འཚོ་མ་ཟིན་པ་ཡིན་ལུགས་འཛམ་གླིང་མི་དམངས་ཀྱི་མདུན་དུ་འགྲེལ་ལོག་བརྒྱབ་ཡོད་རུང་། འཛམ་གླིང་གི་བློ་གཟུ་བོར་གནས་པའི་མི་མང་དང་སྲིད་གཞུང་ཚོས་རྒྱ་གཞུང་གིས་བཤད་པའི་སྐད་ཆ་དེ་དག་བདེན་པར་ངོས་འཛིན་བྱེད་མཁན་མེད། འོན་ཀྱང་ད་དུང་རྒྱ་གཞུང་གིས་ཨུ་ཚུགས་ཀྱིས་ལོག་འགྲེལ་རྒྱག་བཞིན་ཡོད།

ལྷག་དོན་རྒྱ་གཞུང་གིས་བོད་ཀྱི་ཆུ་ཆེན་ཁག་ལ་ཆུ་རགས་བརྩིགས་ནས་དེའི་རྒྱུད་དུ་གནས་པའི་དགོན་སྡེ་ཁག་བཙན་པོ་དབང་ཡོད་ཀྱི་ཐོག་ནས་གནས་སྤོ་བཅུག་གི་ཡོད།མི་མང་གིས་ཞུ་འབོད་ག་ཚོད་བརྒྱབ་རུང་གསན་རོགས་བྱེད་ཀྱི་མེད་ལ། མི་དམངས་རྣམས་ཀྱི་ཞུ་འབོད་ལ་སྤྱི་ཚོགས་དཀྲུག་རྐྱེན་སློང་མཁན་ཞེས་བརྗོད་ནས་བཙོན་འཇུག་བྱེད་ཀྱི་ཡོད། རྒྱ་དམར་གྱི་མགོ་འཁྲིད་ཚོས་ཁ་ནས་བོད་རིགས་སྤུན་ཟླ་ཡིན་ཚུལ་སྒྲོག་གི་ཡོད་རུང་དོན་དུ་བོད་མི་རྣམས་དགྲ་བོ་ལ་ངོས་འཛིན་གྱིས་མཐོང་ཆུང་དང་མནར་གཅོད་བཏང་དང་གཏོང་བཞིན་ཡོད།

ད་ནི་ང་ཚོའི་མ་འོངས་པའི་བོད་ཕྲུག་སོན་རྩ་རྣམས་ལ་རྒྱལ་ཞེན་སློབ་གསོ་སྤྲོད་རྒྱུ་དེ་ནི་མི་རིགས་ཀྱི་འཐབ་རྩོད་པ་ཞིག་ལ་མཚོན་ན་གལ་ཆེའི་གནད་དོན་ཞིག་རེད་འདུག་སྙམ། མི་སུ་ཡིན་ནའང་སེམས་ནང་དུ་རྒྱལ་ཞེན་གྱི་བསམ་བློ་དེ་མེད་སོང་ན་མི་རིགས་ཀྱི་རིག་གཞུང་ལ་བརྩེ་བ་དེ་ལས་ཀྱང་ཡོང་གི་མ་རེད་ལ། སེམས་ནང་དུ་རྒྱལ་ཞེན་གྱི་བསམ་བློ་ཞིག་ཡོད་པ་ནི་རང་བཞིན་གྱིས་མི་རིགས་ལ་ཞབས་འདེབས་ཞུ་བསམ་པའི་ཀུན་སློང་དེ་ཡོང་གི་རེད་ལ། དེང་སྐབས་སློབ་གྲྭ་ཁག་ཏུ་རྒྱལ་ཞེན་སློབ་ཁྲིད་དེ་ཉུང་བའི་སྐྱོན་ཞིག་མཐོང་གི་འདུག་ལ། གཅིག་བྱས་ན་རང་ཉིད་མཐོང་རྒྱ་དང་ཐོས་རྒྱ་ཆུང་བའི་སྐྱོན་ཡང་ཡིན་སྲིད་པ་ཞིག་རེད། གང་ལྟར་འབྲེལ་ཡོད་ཚོའི་དགོངས་པ་ཆེར་བཞེས་གནང་ནས་བོད་ཕྲུག་ལ་རྒྱལ་ཞེན་གྱི་སློབ་གསོ་་སྤྲོད་པར་ཐུགས་བསམ་བཞེས་དགོས་པའི་དུས་ལ་བསླེབས་འདུག་སྙམ། ད་ནི་ཙམ་ཞིག་ཡིན་ཡིག་རྙོག་མང་པོ་བྱུང་སོང་ན་དགོངས་འགལ་མེད་པར་མཛོད།

ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༦ ཚེས་ ༣༡ ཉིན་མོར་ཕུལ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese