མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཞབས་རྣམ་པས་ཕན་ཚུན་སེམས་ཐག་ཉེ་བོའི་ཐོག་ནས་བསམ་ཚུལ་བརྗེ་ལེན་བྱས་ཏེ་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་ལམ་སྟོན་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

གཞུང་ཞབས་ཟུར་པ་རྣམ་པའི་ཆེ་བསྟོད་སྣེ་ལེན་གྱི་མཛད་སྒོ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་ཁག་ཅིག་གིས་སོ་སོའི་གཞུང་ཞབས་ཀྱི་མི་ཚེ་ཉམས་མྱོང་ཐོག་གཏམ་བཤད་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པས་གཏམ་བཤད་གནང་། དུས་བབ་ཀྱི་པར།  ༢༠༢༤།༠༦།༡༢

ཁ་སང་ཕྱི་ཚེས་ ༡༡ ཉིན་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནས་གཞུང་ཞབས་ཟུར་པ་རྣམ་པར་ཆེ་བསྟོད་སྣེ་ལེན་གྱི་མཛད་སྒོ་ཅིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཐོག་དང་ལས་ཟུར་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་སོགས་ཀྱི་ལས་ཐོག་ལས་ཟུར་རྣམས་ལྷན་འཛོམས་བྱུང་འདུག  སྐབས་དེར་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་།  བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས། བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས། བཀའ་ཟུར་བསྟན་པ་ཚེ་རིང་ལགས། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་ལགས། ཁྲིམས་ཞིབ་པ་ཆེ་བ་ཟུར་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་བཅས་ཀྱིས་སོ་སོའི་གཞུང་ཞབས་ཀྱི་ཉམས་མྱོང་ཐོག་གཏམ་བཤད་གནང་བྱུང་།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ད་ལྟ་བར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྲ་བརྟན་ཡོང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་དང་། བོད་ནང་གི་བོད་མི་ཚོས་སྲོག་ཀྱང་བློས་བཏང་སྟེ་ལྷག་བསམ་ཟོལ་མེད་ཀྱི་ཕྱག་ལས་གནང་བཞིན་ཡོད་ལ། ལོ་མང་པོའི་རིང་བོད་མིའི་སྒྲིག་འཛུགས་ནང་གཞུང་ཞབས་ཟུར་བ་ཚོས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་བསྟུན། ད་ལྟའི་བཀའ་ཤག་སྐབས་བཅུ་དྲུག་པའི་འཛིན་སྐྱོང་དང་། བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེ་མི་མང་གི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་གསུངས་སོང་།

བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས། ང་རང་ཐོག་མར་དྷ་རམ་ས་ལ་ཡོང་དུས་གངས་སྐྱིད་དུ་བུད་མེད་ཀྱི་གཞུང་ཞབས་མི་འདུག སྡོད་ཁང་ལ་དཀའ་ངལ་འཕྲད་དེ་བུ་གསོ་ཁང་གི་ཁང་མིག་ཆུང་ཆུང་ཞིག་ཏུ་བསྡད་པ་ཡིན། སྐབས་དེར་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ཡིན་ཡང་། དབྱིན་སྐད་ཤེས་མཁན་ཧ་ཅང་དཀོན་པོ་ཡོད་པས། དགོང་མོ་བུ་གསོ་ཁང་དུ་ལོག་སྟེ་ལྷ་ལྕམ་དམ་པ་ཚེ་རིང་སྒྲོལ་མ་ལགས་ལ་དབྱིན་དྲུང་དང་སྐད་བསྒྱུར་ཞབས་ཞུ་བསྒྲུབ་པའི་གོ་སྐབས་བྱུང་བ་རེད། ཞེས་དང་། སྐབས་དེར་བུ་གསོ་ཁང་ལ་ཉལ་ཁྲི་འདང་གི་མེད་པས། མ་མ་རྣམས་ཀྱིས་རིའི་སྒང་ནས་ཐང་ཤིང་གི་རྩྭ་བཏུས་ནས་གདན་བཟོས་ཏེ་ཉལ་བཞིན་ཡོད། ལས་ཀ་བསྒྲུབ་པའི་མཐུན་རྐྱེན་གང་ཡང་མེད་ཀྱང་སེམས་ཤུགས་ཡོད་ཚེ། དམིགས་ཡུལ་གྱི་ཐོག་གང་འཚམ་སླེབས་ཐུབ་པའི་ཡིད་ཆེས་དང་སྤོབས་པ་སླེབས་ཡོང་གི་འདུག  ཞེས་བརྗོད་སོང་།

ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། ལོ་ངོ་དྲུག་ཅུ་ལྷག་གི་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག་གྲུབ་འབྲས་ག་འདྲ་སླེབས་མིན་ཐད་བསམ་ཚུལ་ཞིག་ཞུས་ཚེ། ལྷན་རྒྱས་ཚོས་ཐུགས་ལ་འབབ་མི་སྲིད་ཀྱང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མི་མང་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ངས་བལྟས་ན་ཚང་མས་མཁྱེན་ན་ཡག་པོ་ཡོད། སྤྱིར་ཕྱི་རྒྱལ་བས་བཙན་བྱོལ་གྱི་བོད་པ་རྣམས་བཙན་བྱོལ་ནང་ནས་མ་འདྲ་བ་རེད་ཟེར་གྱི་ཡོད། ཞིབ་ཚགས་ཀྱི་གཟིགས་མཁན་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་གིས་དཀའ་ལས་བརྒྱབ་པར་བསྟུན། རྒྱལ་ཁབ་མང་པོར་ཐོན་མ་ཐུབ་པའི་གྲུབ་འབྲས་ཤིག་ཐོབ་པའི་མཐོང་ཚུལ་འདུག ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེས་ཆེན་པོའི་ཐོག་བོད་ཀྱི་ངོ་བོ་དང་རིག་གཞུང་ཕྱི་རྒྱལ་ལ་ངོ་སྤྲོད་གནང་བ་རེད། ཕྱི་རྒྱལ་བའི་སྤྱི་ཚོགས་ཀྱི་བསམ་བློ་དེ་ཚན་རིག་དང་མཉམ་དུ་ཡར་རྒྱས་འགྲོ་སྐབས། བོད་ཀྱི་རིག་གཞུང་རྙིང་པ་ཡིན་ཡང་ད་ལྟའི་སྤྱི་ཚོགས་ནང་ཁ་གྲགས་ཐུབ་ཀྱི་ཡོད་པ་མ་ཟད། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་དུ་རིན་ཐང་བརྩི་བའི་ངོ་སྤྲོད་གནང་ཐུབ་པ་དེ་ལས་ཀྱང་གྲུབ་འབྲས་ཆེན་པོ་རེད། ཅེས་བརྗོད་བྱུང་།

གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གཞུང་ཞབས་ཟུར་པ་རྣམ་པའི་ཆེ་བསྟོད་མཛད་སྒོ་འཚོག། དུས་བབ་ཀྱི་པར། ༢༠༢༤།༠༦།༡༢

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲང་པོ་དྲང་བཞག་དང་། ལྷག་བསམ་རྣམ་དག རྒྱབ་མདུན་མེད་པའི་ལས་ཀ་བྱེད་དགོས་ཞེས་གསུངས་པ་དེའི་ངའི་མི་ཚེ་ནང་ལོ་བཞི་ཅུ་ཞེ་གྲངས་རིང་ཞབས་ཞུ་ཞུ་སྐབས་ཕན་ཐོགས་ཞེ་དྲགས་བྱུང་། ངས་ག་དུས་ཡིན་ཡང་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་ཞུ་རྒྱུ་བྱུང་བར། ཚེ་འདི་གཉིས་ལ་བསོད་ནམས་ཀྱི་གོ་སྐབས་ཆེན་པོ་རེད་བསམ་གྱི་འདུག དཀའ་ལས་ལ་གདོང་ལེན་མང་པོ་བྱ་དགོས། གལ་ཆེ་ཤོས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཡང་ཡང་དྲན་ན་ཕན་ཐོགས་ཡོང་གི་འདུག ཅེས་བརྗོད་སོང་།

བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས། ང་ཚོའི་གཞུང་ལ་ང་ཚོའི་མི་མང་གི་རྒྱབ་སྐྱོར་དང་ཡིད་ཆེས་སྐྱེ་དགོས་ཚེ། ང་ཚོའི་ལས་བྱེད་རྣམས་ཀྱིས་དཀོན་མཆོག་དཔང་དུ་བཞག་སྟེ་ཕྱོགས་ལྷུང་མེད་པར་ཕྱག་ལས་གནང་དགོས་པ་བསམ་གྱི་འདུག གལ་སྲིད་ལས་བྱེད་ཚོས་ཕྱག་ལས་རྒྱབ་མདུན་ཡོད་པ་ཞིག་གནང་ན་མི་མང་གི་ཡིད་ཆེས་བརླག་པའི་ཉེན་ཁ་ཆེན་པོ་རེད། མི་མང་གི་ཡིད་ཆེས་བརླག་ཚེ་ཧ་ཅང་ཐབས་སྐྱོ་བོ་རེད། སྔོན་མ་ང་ཚོར་མཐུན་རྐྱེན་ཞེ་དྲགས་མེད་ཀྱང་། ལས་བྱེད་ཕན་ཚུན་བར་ཧ་ཅང་སེམས་ཐག་ཉེ་བོའི་ཐོག་བསྡད་ཀྱི་ཡོད། ལས་བྱེད་ཕན་ཚུན་བར་བསམ་ཚུལ་བརྗེ་ལེན་བྱས་ཏེ་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

ཁྲིམས་ཞིབ་པ་ཆེ་བ་ཟུར་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། གཞུང་ཞབས་བྱེད་བཞིན་པའི་སྐབས་སུ་འདོད་པ་ཁེངས་ཤོས་གཅིག་ནི། ཕྱི་ལོ་ ༡༩༩༠ ནང་བཀའ་ཤག་དང་སྤྱི་འཐུས་ཀྱིས་གོ་བསྡུར་གནང་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འོས་བསྡུའི་ཚོགས་ཆུང་ཞིག་བསྐོ་བཞག་གནང་བ་རེད། ཚོགས་ཆུང་དེའི་ནང་དུ་བློ་བཟང་སྦྱིན་པ་ལགས་དང་། སེང་གེ་རབ་བརྟན་ལགས། ཤེལ་དཀར་གླིང་པ་ལགས། བློ་བཟང་བསྟན་འཛིན་ལགས། བསོད་ནམས་ནོར་བུ་ལགས། པདྨ་འབུམ་ལགས་བཅས་ཡོད། ང་ཚོས་འོས་བསྡུ་སྐབས་ཡི་གེ་མི་ཤེས་མཁན་དང་མིང་མི་ཤེས་བར་ག་འདྲ་བྱེད་དགོས་པའི་གོ་བསྡུར་བྱས་པ་ཡིན། སྤྱི་འཐུས་འོས་བསྡུ་སྐབས་མིང་མ་གཏོགས་མེད་ཀྱང་མཚོན་རྟགས་བལྟས་ཏེ་འོས་བླུགས་རྒྱུ་ཡོད་པ་ཞིག་བཟོས་པ་རེད། དེ་ནི་ང་ཚོའི་སྐབས་ནས་བཟུང་གསར་གཏོད་འདྲ་བོ་ཆགས་པ་རེད། ད་ལྟ་བར་དུ་མུ་མཐུད་དུ་འགྲོ་བཞིན་འདུག ཞེས་བརྗོད་སོང་།

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས། ངས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁྱིམ་ཚང་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དྷ་རམ་ས་ལར་བཅར་སྐབས་ཕྱག་ལས་གནང་བཞུགས་མཁན་རྣམས་ལ་མཇལ་བར་སེམས་སུ་སྤྲོ་སྣང་ཞིག་ཡོང་བསྡད་ཀྱི་འདུག ང་ཚོའི་འཐབ་རྩོད་ནི་མི་རབས་ནས་མི་རབས་བར་གྱི་འཐབ་རྩོད་རེད། ད་ལྟའི་དྲུང་ཆེ་ཁ་ཤས་མ་གཏོགས་ཚང་མ་གསར་བ་རེད། ང་ཚོས་བྱས་ཟིན་པ་སྐབས་དེའི་གནས་སྟངས་འོག་བྱུང་བ་རེད། དེའི་སྐབས་ཀྱི་གནས་སྟངས་བཤད་དགོས་ཚེ་མང་པོ་བཤད་རྒྱུ་ཡོད་པ་རེད། ང་རང་དྷ་སར་སླེབས་པ་དང་ནང་སྲིད་དབྱིན་དྲུང་དུ་ལས་ཀ་བྱས་པ་རེད། དྷ་ས་ནས་ཀུ་ལུ་བར་རྡོག་འཁྲིས་འཁུར་ནས་ལམ་ཁ་བཟོ་སར་འགྲོ་བཞིན་ཡོད། ཅེས་དང་། བོད་མིའི་སྒྲིག་འཛུགས་ནི་ཕྱི་གསལ་ནང་གསལ་རེད། ལས་ཀ་ཐམས་ཅད་ཀྱང་སྤྱི་བའི་ལས་ཀ་ཡིན་པས་གསང་བ་གང་ཡང་མེད། ཚང་མས་ལས་ཀ་བྱེད་སྟངས་ཤེས་ཚེ་ཡིད་ཆེས་རྙེད་ཡོང་གི་རེད། རང་འགན་རང་འཁུར་ཐོག་སོ་སོའི་ལས་ཀ་བྱེད་སྟངས་འགྲིག་མིན་ཐད་བརྟག་དཔྱད་བྱ་དགོས། ཞེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese