མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷུ་གྷུལ་ཡིག་སྒྱུར་མ་ལག་ནང་བོད་ཡིག་གསར་འཇུག་གནང་བ།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

གྷུ་གྷུལ་ཡིག་སྒྱུར་མ་ལག་ནང་འཛམ་གླིང་གི་སྤྱོད་སྒོ་ཆེ་བའི་སྐད་རིགས་མི་འདྲ་བ་ ༡༠༩ ཡོད་པའི་ནང་བོད་ཡིག་ཀྱང་གསར་འཇུག་གནང་ཡོད་པ་དེར་བོད་མི་མང་པོས་དགའ་སྤོབས་ཆེན་པོས་ཚོད་ལྟ་སྣ་ཚོགས་བྱེད་བཞིན་འདུག

གྷུ་གྷུལ་ཡིག་སྒྱུར་མ་ལག་ནང་གི་བོད་ཡིག་ཡིག་སྒྱུར་བྱེད་སྟངས། དྲ་ངོས་ཀྱི་པར།

ཉིན་ཤས་གོང་དུ་གྷུ་གྷུལ་ཚན་རྩལ་ཁང་གི་ཡིག་སྒྱུར་མ་ལག་ནང་དུ་འཛམ་གླིང་ནང་སྤྱོད་སྒོ་ཆེ་ཞིང་རིན་ཐང་གཞལ་དཀའ་བའི་སྐད་ཡིག་མི་འདྲ་བ་ ༡༠༩ ཡོད་པའི་ནང་བོད་ཡིག་གསར་འཇུག་བྱས་ཡོད་པ་དང་། དེ་ནི་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་པར་འཛམ་གླིང་རང་བཞིན་གྱི་སྡིངས་ཆ་ཆེན་པོ་ཞིག་ཐོབ་པ་ཡིན་ལ། བོད་མི་མང་པོ་ཞིག་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་མ་ལག་དེའི་ནང་དུ་སྐད་ཡིག་འདྲ་མིན་ནང་བོད་ཡིག་ཡིག་སྒྱུར་ག་འདྲ་བྱེད་ཀྱི་འདུག་ཚོད་ལྟ་བྱས་ཏེ་དགའ་བསུ་དང་གླེང་སློང་སྣ་ཚོགས་བྱེད་ཀྱི་འདུག་ལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སུའང་བསྟོད་བསྔགས་ཞུ་བཞིན་འདུག

འདི་གའི་གསར་འགོད་པས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སུ་གྷུ་གྷུལ་ཡིག་སྒྱུར་མ་ལག་ནང་བོད་ཡིག་གསར་འཇུག་ག་འདྲ་བྱུང་བའི་སྐོར་དྲིས་པར་ཁོང་གིས། གྷུ་གྷུལ་ནང་བོད་ཡིག་བསླེབས་པ་དེས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དང་། ལྷག་པར་དུ་སྤྱིར་བཏང་གི་སྐད་ཆ་བཤད་རྒྱུ་དང་ཕར་ཚུར་ལས་ཀ་བྱ་རྒྱུར་ཧ་ཅང་ནུས་པ་ལྡན་པ་ཞིག་རེད། རྩ་བའི་གྷུ་གྷུལ་ནང་ལས་ཀ་བྱེད་མཁན་རྣམས་ལ་ཁ་ཕྱོགས་ཤིག་ཡོད་རེད་དེ། བོད་མོ་བསོད་ནམས་ལགས་ཀྱིས་དེའི་ཐད་དཀའ་ལས་ཞེ་དྲགས་བརྒྱབ་པ་རེད། ང་ཚོས་དེར་གཞོགས་འདེགས་བྱ་རྒྱུ་དང་། གྷུ་གྷུལ་ལ་ཞུ་སྐུལ་དང་། ཐེངས་གཉིས་གསུམ་ལ་ཡི་གེ་བསྐུར་བ་སོགས་རིམ་པ་མང་པོ་ཞིག་བྱས་པ་རེད།  ལྷག་པར་དུ་ལོ་འདིའི་ཟླ་བ་དང་པོ་ནས་ང་ཚོས་གྷུ་གྷུལ་ལྷན་དུ་མཉམ་ལས་བྱས་པ་རེད། ད་ལྟ་མཉམ་ལས་ཁག་ཁ་ཤས་ཤིག་འགྲོ་དང་འགྲོ་བཞིན་པ་རེད། ཡིན་ན་ཡང་། བོད་པ་ཚོས་གྷུ་གྷུལ་བོད་ཡིག་ཡིག་སྒྱུར་ང་ཚོས་བཟོས་པ་ཞིག་རེད་ཅེས་གསུང་མཁན་འདུག དེ་འདྲ་མ་རེད། ཡིན་ན་ཡང་། ང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་བརྒྱག་རྒྱུར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་པ་ཡིན། དེ་བཞིན་གྷུ་གྷུལ་ཡིག་སྒྱུར་གྱི་མ་ལག་དེ་དག་ཀྱང་ང་ཚོས་སྤྲད་པ་ཞིག་མ་རེད། ཁོ་རང་ཚོས་ཐབས་ཤེས་བྱས་པ་ཞིག་རེད། བོད་པ་ཁ་ཤས་ཀྱིས་བོད་ཡིག་ཡིག་སྒྱུར་དེ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བཟོས་བཞག་པ་འདྲ་བོ་བཤད་ཀྱི་འདུག་ཀྱང་། དངོས་ཡོད་ཀྱི་གནས་ཚུལ་ལ་ཡིག་སྒྱུར་གྱི་མ་ལག་དེ་དག་ང་ཚོས་སྤྲད་ནས་བཟོས་བཞག་པ་ཞིག་མ་རེད། ཅེས་བརྗོད་བྱུང་།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གྷུ་གྷུལ་ལས་ཁུངས་སུ་ཕེབས་སྐབས།

འདི་ལོའི་ཕྱི་ཟླ་ ༡ ནང་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བྱང་ཨ་རིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དེང་རབས་འཕྲུལ་ལས་ཅན་གྱི་འགྲོས་དང་བསྟུན་ནས་ཡར་རྒྱས་སུ་གཏོང་ཕྱོགས་ཀྱི་སྨོན་ལམ་རིག་ནུས་(Monlam AI)ལས་གཞི་ངོ་སྤྲོད་ཀྱི་སྐོར་སྐྱོད་གནང་སྐབས། བསྐྱར་དུ་གྷུ་གྷུལ་ཚན་རྩལ་ཁང་ལ་བོད་ཡིག་གསར་འཇུག་ཐད་ཇི་ལྟར་སྐུལ་འདེད་གནང་བའི་སྐོར་ལ་ཁོང་གིས། བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། རིན་ཐང་སོགས་ཀྱི་ཐད་ནས་གླེང་སློང་ཤུགས་ཆེན་གནང་ཡོད་པ་མ་ཟད། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་ཁྲོད་དུ་ཡོད་པའི་གླེགས་བམ་སོགས་ཚུད་པའི་གནའ་བོའི་ཡིག་ཆ་དེ་དག་གིས་འཛམ་གླིང་སྤྱི་ཡོངས་ཀྱི་མིའི་རིགས་ཀྱི་ཕན་བདེ་སོགས་ཀྱི་ཐད་ལ་ཞབས་འདེགས་ཆེན་པོ་སྒྲུབ་ཀྱིན་ཡོད་པས། གྷུ་གྷུལ་ལས་ཁུངས་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་ཉར་ཚགས་དང་བཀོལ་སྤྱོད་ཐད་ནུས་པ་འདོན་དགོས་པ་གལ་ཆེན་ཡིན་སྐོར་ཞུས་ཡོད་པ་དང་། བོད་ཀྱི་སྐད་ཡིག་གི་ཆེད་ལས་རང་བཞིན་གྱི་ཞིབ་འཇུག་ཁང་དེ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཁང་ཡིན་དུས། སླད་མར་ཡང་གང་ལྕོགས་ཀྱིས་བོད་ཀྱི་སྐད་ཡིག་གི་ཐད་ལ་ཞབས་འདེགས་ཞུ་རྒྱུའི་དམིགས་ཡུལ་ཡོད་སྐོར་སོགས་བརྗོད་བྱུང་ལ། གྷུ་གྷུལ་དང་མཉམ་འབྲེལ་གྱིས་ལས་གཞི་ཁག་ཅིག་འགྲོ་མུས་ཡིན་འདུག

ད་ལྟའི་ཆར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་རིག་ནུས་(Monlam AI)ཏེ། སྨོན་ལམ་ཡིག་སྒྱུར་རིག་ནུས་དང་ཀློག་འདོན་རིག་ནུས། སྒྲ་འཛིན་རིག་ནུས། ཡིག་འཛིན་རིག་ནུས་བཅས་ཀྱི་མ་ལག་དང་རྒྱུ་ཆ་བཅས་བཟོ་མུས་ཡིན་འདུག་ལ། འདི་ལོའི་ལོ་མཇུག་ཏུ་སྨོན་ལམ་ཡིག་སྒྱུར་རིག་ནུས་ཐོན་གསར་ཤོས་དེ་འགྲེམས་སྤེལ་གནང་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. འཇམ་དབྱངས་བསོད་ནམས། says:
    ལོ་ 2 སྔོན།

    བོད་མིའི་སྐད་ཡིག་འདི་བཀའ་དྲིན་ཆེན་པོ་ཞིག་མཐོང་དཀོན་པོ་རེད།
    Google ཡིག་སྒྱུར་ནང་ལ་བོད་ཡིག་བཅུག་ཐུབ་པའི་ཧ་ཅང་སོང་།
    འབྲེལ་ཡོད་ཡོངས་སྙིང་ཁུངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese