མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་ནང་གསར་འགོད་པ་ ༩༠༠ ལྷག་གི་ལས་ཀ་ཤོར།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ལག་བསྟར་བྱས་ཏེ་ཡུལ་དེའི་གསར་འགོད་རང་དབང་ཇེ་སྡུག་ཏུ་ཕྱིན་ནས་ཉུང་མཐར་གསར་འགོད་པ་ ༩༠༠ ཡི་ལས་ཀ་ཤོར།

The national security law was introduced in response to mass pro-democracy protests in Hong Kong

ཉེ་སྔོན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ལག་བསྟར་བྱེད་མགོ་བཙུགས་ཏེ། ད་བར་ཉུང་མཐར་གསར་འགོད་པ་ ༩༠༠ ཙམ་གྱི་ལས་ཀ་ཤོར་ཡོད་འདུག་ལ། གསར་འགོད་པ་བརྒྱ་ཕྲག་ཁ་ཤས་ཕྱིའི་རྒྱལ་ཁབ་ཏུ་ཕྱིན་ནས་དབྱིན་ཡུལ་དང་ཐའེ་ཝན་རྒྱལ་ཁབ་ཏུ་གསར་ཁང་ ༡༠ ཙམ་གསར་འཛུགས་བྱས་ཡོད་འདུག

ཐའེ་ཝན་དུ་ཡོད་པའི་ཧྥོ་ཊོན་གསར་ཁང་ (Photon Media) གི་རྩོམ་སྒྲིག་པ་ཤར་ལི་ (Shirley Leung Ka Lai) ལགས་ཀྱིས། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་བརྒྱ་ཆ་ ༥ ད་ལྟའང་གསར་འགོད་པའི་ཕྱག་ལས་གནང་མུས་ཡིན་ཡང་། ལས་བྱེད་མང་ཆེ་བའི་ལས་ཀ་བརྗེ་དགོས་བྱུང་ཡོད་སྐོར་དང་། ཧོང་ཀོང་བཞག་སྟེ་རྒྱལ་ཁབ་གཞན་དུ་ཕྱིན་པར་སེམས་པ་སྐྱོ་ཡོད་ཀྱང་། རྒྱལ་ཁབ་གཞན་དུ་གསར་ཁང་གསར་འཛུགས་བྱས་པར་བློ་སྟོབས་སྦྱིན་ཡོད་སྐོར་སོགས་བརྗོད་འདུག

གསར་ཁང་ཁག་ནི་ཧོང་ཀོང་ནང་གི་གནས་ཚུལ་མཁོ་སྒྲུབ་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ཡང་། ཡུལ་དེའི་ནང་གི་གསར་འགོད་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱལ་མཚམས་ལས་བརྒལ་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེན་གཏོང་བཞིན་ཡོད་འདུག དེར་བརྟེན། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བཙན་བྱོལ་དུ་ཡོད་པའི་གསར་འགོད་པ་དང་གསར་ཁང་ཁག་ལ་རྒྱབ་སྐྱོར་དང་། ཐོངས་མཆན་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག

ཀུ་ཤུ་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་ཁྲུང་ལི་ (Edward Ka Chung Li) ལགས་ཀྱིས། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ལག་བསྟར་འོག ཡུལ་དེའི་གསར་ཁང་ཁག་དང་གསར་འགོད་པ་རྣམས་གནས་ཚུལ་ཁྱབ་སྤེལ་བྱས་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་གསར་ཁང་ཁག་གིས་ཧོང་ཀོང་དང་འབྲེལ་བའི་གནས་ཚུལ་སྤེལ་བར་དམ་དྲག་མེད་སྐོར་སོགས་བརྗོད་འདུག

འདས་པའི་ལོ་བཞིའི་རིང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ལག་བསྟར་ལ་ཁ་གཡར་ནས་གསར་འགོད་པ་ཉུང་མཐར་ ༢༨ སྲོག་ཐོག་བཏང་བ་དང་། རང་དབང་དོན་གཉེར་བ་ ༡༠ ཙམ་ད་ལྟའང་བཙོན་ཁང་དུ་ཡོད་པ་རེད། ད་དུང་ཀུ་ཤུ་ཉིན་རེའི་ཚགས་པར་དང་། སི་ཊེན་ཌི་གསར་ཁང་ (Stand News) ཆེ་ཁག་གཉིས་སྒོ་བརྒྱབ་བཅུག་ཡོད་པ་མ་ཟད། ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇི་མི་ལའེ་ (Jimmy Lai) དང་། སི་ཊེན་ཌི་གསར་ཁང་གི་གསར་འགོད་པ་རྒན་པ་དྲུག་འཛིན་བཟུང་བྱས་ཡོད་འདུག་ལ། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་མི་ཧོང་ཀོང་དུ་བསྐྱོད་པར་བཀག་སྡོམ་བྱེད་བཞིན་ཡོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ལོའི་འཛམ་གླིང་གསར་འགོད་རང་དབང་གི་གྲངས་ཐོར་གཞིགས་ན། འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་ནས་ཧོང་ཀོང་གི་གསར་འགོད་རང་དབང་དེ་ཨང་རིམ་ ༡༣༥ དང་རྒྱ་ནག་ཨང་རིམ་ ༡༧༢ ཡིན་འདུག

ཕྱི་ལོ་ ༢༠༢༣ ལོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཧོང་ཀོང་ཚུད་པའི་འཛམ་གླིང་རྒྱལ་ཁབ་ ༦༢ ནང་ཡོད་པའི་གསར་འགོད་པ་ ༤༦༠ ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ཡོད་པ་དང་། རྒྱ་ནག་དང་ཧོང་ཀོང་སོགས་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་ཡར་རྒྱས་གཏོང་སླད་ཉུང་མཐར་གསར་འགོད་པ་ ༨༩༠ ལ་དྲ་ལམ་བརྒྱུད་པ་དང་དངོས་སུ་ཐུག་སྟེ་སྦྱོང་བརྡར་སྤྲོད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese