མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་གཉིས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་གཟེངས་རྟགས་ཐོབ། 

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

དོན་གྲུབ་རྒྱལ་པོ་ལགས་དང་བསྟན་འཛིན་ཆོས་དབྱིངས་ལགས་གཉིས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་གཟེངས་རྟགས་ཐོབ་འདུག 

དོན་གྲུབ་རྒྱལ་པོ་ལགས་དང་བསྟན་འཛིན་ཆོས་དབྱིངས་ལགས་གཉིས། པར་བོད་ཀྱི་དུས་བབ་ཀྱིས་བཟོ་སྒྲིག་བྱས།

ལོ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་གཉིས་ལ་སྲི་ཞུ་ལས་བྱེད་ཀྱི་གཟེངས་རྟགས་ཕུལ་སྲོལ་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཕྱི་ལོ་ ༢༠༢༣ ལོའི་བོད་མིའི་སྒྲིག་འཛུགས་སྲི་ཞུ་ལས་བྱེད་གཉིས་ལ་གཟེངས་རྟགས་ཐོབ་ཡོད་པའི་གསལ་བསྒྲགས་གནང་བ་ལྟར་ན། ད་ལྟ་ལྡེ་ར་ལྡུན་ས་གནས་མགོ་འཛིན་གྱི་ལས་གནས་གཉེར་མུས་ཡིན་པའི་ཟུང་འབྲེལ་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་དང་། ཀ་སྦུག་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་ཆོས་དབྱིངས་ལགས་གཉིས་ཡིན་འདུག་ལ། འདི་ལོའི་༧སྐུའི་འཁྲུངས་སྐར་ཉིན་གཟེངས་རྟགས་དེ་དབུལ་རྒྱུ་ཡིན་འདུག 

འདས་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་སྡེ་ཚན་གྱི་གཟེངས་རྟགས་དེ། ད་ལྟ་ལྡེ་ར་ལྡུན་ས་གནས་མགོ་འཛིན་གནང་མུས་ཡིན་པའི་དོན་གྲུབ་རྒྱལ་པོ་ལགས་ཀྱིས་ཕྱི་ལོ་ ༢༠༠༦ ཙམ་ནས་དཔལ་འབྱོར་ལས་ཁུངས་དང་། ཀ་སྦུག་ས་གནས་མགོ་འཛིན། རྡོར་གླིང་དང་བསུ་ན་མདའ་ས་གནས་མགོ་འཛིན་གཅིག་ལྕོགས་དང་། ལ་དྭགས་བྱང་ཐང་འབྲེལ་མཐུད་པ། སྦན་ད་ར་ནོར་རྒྱས་གླིང་བཅས་ཀྱི་ས་གནས་མགོ་འཛིན་གནང་ཡོད་པ་མ་ཟད། འདས་པའི་མི་ལོ་ ༡༤ ལྷག་གི་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་གཙིགས་ཆེན་དུ་བཟུང་སྲི་ཞུ་བསྒྲུབས་ཡོད་པ་མ་ཟད། ཀ་སྦུག་ས་གནས་མགོ་འཛིན་གནང་སྐབས་ཀྱང་ལས་གཞི་ལག་བསྟར་དང་། མཇུག་སྐྱོང་རིགས་འཐུས་ཤོར་མེད་པར་གནང་ཡོད་འདུག 

བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་ཚོད་ལྟའི་རྒན་དྲུང་ཐོག་སྦན་ད་ར་ནོར་རྒྱས་གླིང་ས་གནས་མགོ་འཛིན་ལས་ཁུངས་སུ་ལས་ཁུར་ཞུས་ཏེ། རྩིས་པ་དང་། ད་ལྟ་ཀ་སྦུག་ས་གནས་མགོ་འཛིན་ལས་ཁུངས་སུ་ལས་ཁུར་ཞུ་མུས་ཡིན་འདུག་ལ།  བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་བཀོད་པའི་གནས་ཚུལ་ལྟར་ན། བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་ས་གནས་ཁག་ཏུ་ལས་ཁུར་ཞུས་སྐབས། ས་གནས་མགོ་འཛིན་སོགས་ཀྱིས་ཁོང་མོའི་ལས་དོན་གནང་ཕྱོགས་ཀྱི་ཐད་བསྔགས་བརྗོད་གནང་བཞིན་ཡོད་པ་མ་ཟད། ལས་ཡུན་རིང་རྩིས་པ་དང་། ལས་དྲུང་། ས་གནས་མགོ་འཛིན་གཅིག་ལྕོགས་ཀྱི་ལས་འགན་འཐུས་ཤོར་མེད་པ་ཞུས་དང་ཞུ་མུས་བརྟེན། ཕྱི་ལོ་ ༢༠༢༣ ལོའི་ལས་བྱའི་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་དེ་ཁོང་མོར་གནང་གཏན་འཁེལ་ཡོད་སྐོར་སོགས་གསལ་འདུག 

གསར་འགོད་པ་དཔལ་ལྡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བཏུས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese