མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༣ ནས་ཚོགས་ཞུགས་བྱས་འདུག  

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དྭང་བླངས་བོད་དོན་ཞུ་གཏུག་ནང་གཞོན་སྐྱེས་མང་དག་གིས་ཆ་ཤས་བླངས་བར་བརྟེན་མ་འོངས་པར་གཞོན་སྐྱེས་འགན་འཁུར་མཁན་ཞིག་འདུག་བསམས་ནས་སེམས་པ་དགའ་བོ་བྱུང་སྐོར་གསུངས་སོང་།

འདི་ལོའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༣ ནས་ཚོགས་ཞུགས་བ་ཕོ་མོ་གྲངས་ ༡༠༥ ལྷག་གིས་མཉམ་ཞུགས་གནང་འདུག ༢༠༢༤།༠༧།༠༣ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་སྐོང་འཚོག་གནང་བཞིན་འདུག ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་གཞོན་སྐྱེས་ཚོས་མཉམ་རུབ་ཀྱི་ཐོག་ནས་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་གནས་བབ་དང་བསྟུན། བོད་དོན་ཞུ་གཏུག་གང་ཐུབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་ལ། ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་ ༡༣ ནས་ཚོགས་ཞུགས་བ་ཕོ་མོ་གྲངས་  ༡༠༥ ལྷག་གིས་མཉམ་ཞུགས་བྱས་འདུག

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བའི་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་མཛད་འགན་བཞེས་རྗེས། ཐོག་མར་ཡུ་རོབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས། སུད་སིའི་རྒྱལ་ས་ཛུ་རིག་ཏུ་བོད་དོན་དྭང་བླངས་ཞུ་གཏུག་གི་ལས་འགུལ་དེ་དངོས་སུ་དབུས་འཛུགས་གནང་ཡོད་ཅིང་། བོད་རིགས་གཞོན་སྐྱེས་མང་དག་ཅིག་རྒྱ་བལ་འབྲུག་གསུམ་དང་། དེ་བཞིན་རྒྱལ་ཁབ་མང་དག་ཅིག་ཏུ་ཁ་འཐོར་ནས་ཡོད་ཀྱང་། བོད་པའི་མི་རབས་རིམ་གྱིས་བརྗེ་མུས་ཡིན་པ་དང་བསྟུན། བོད་ཀྱི་གཞོན་སྐྱེས་མི་རབས་གསར་པ་ཚོས་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལམ་བུ་རུ་ཤར་སྐྱོད་སླད། སྐད་ཡིག་དང་། རིག་གཞུང་། བོད་དོན་སོགས་ཀྱི་ཐད་ལ་གོ་རྟོགས་སྤེལ་སླད་བོད་དོན་དྭང་བླངས་ཞུ་གཏུག་གི་ལས་འགུལ་འདི་མགོ་བརྩམས་པ་ཞིག་ཡིན་སྐོར་དང་། ད་ལྟ་བོད་ཀྱི་གཞོན་སྐྱེས་ཚོས་བོད་ཀྱི་སྤྱི་ཚོགས་འདྲ་མིན་ནང་འགན་ཁུར་ནས་བོད་དོན་ཞུ་གཏུག་སོགས་བགྱིས་པ་དེས། མ་འོངས་པར་བོད་ཀྱི་རྩ་དོན་དང་འཐབ་རྩོད་རྒྱུན་མ་ཆད་པར་བོད་པའི་སྤྱི་ཚོགས་ཀྱི་སྣེ་འཁྲིད་ཅིག་ཏུ་འགྱུར་བའི་རེ་བ་ཡོད་སྐོར་སོགས་གསུངས་སོང་། 

དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གསུང་བཤད་གནང་སྐབས། བོད་མི་རྣམས་ལ་ཆེ་མཐོང་དང་གཟི་བརྗིད་ལྡན་པ་ཞིག་ཡོང་གིན་ཡོད་པ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་རེད་མ་གཏོགས། ང་རང་ཚོས་འཇོན་བཞག་པ་ཞིག་གང་ཡང་མེད། སྤྱིར་ང་ཚོའི་སྤྱི་ཚོགས་སུ་ལས་ཀ་ཞེ་དྲགས་བྱས་ཡིན་ལབ་མཁན་མང་པོ་ཞིག་ཡོད་རེད་དེ། དངོས་སུ་ལས་ཀ་བྱེད་མཁན་ག་ཚོད་ཙམ་ཞིག་ཡོད། ང་ཚོའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་ལྟ་བ་ག་རེ་ཁུར་ནའང་ཐོབ་ཐང་ཡོད་པ་རེད། དབུ་མའི་ལམ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རེད། དེ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ནས་འགྲོ་ཡི་རེད། གཞུང་ཁོངས་མ་ཡིན་པའི་སྒྲིག་འཛུགས་དང་། གང་ཟག་སོགས་སུ་རང་བཙན་རྩོད་མཁན་ཡིན་ན་རྩོད་རྒྱུར་ཐོབ་ཐང་ཡོད་པ་རེད། གང་ཡིན་ཟེར་ན། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པས། བོད་རང་བཙན་རྩོད་པའི་ཐོབ་ཐང་ཡོད་པ་རེད། དབུ་མ་ཡིན་ནའང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དངོས་ཡོད་ཀྱི་གནས་སྟངས་དང་། འཛམ་གླིང་གི་ཆབ་སྲིད་འགྱུར་འགྲོས། རྒྱ་ནག་གི་འགྱུར་འགྲོས་དང་བོད་ནང་གི་གནས་སྟངས་སོགས་མང་པོ་ཞིག་ལ་གཟིགས་ནས་བོད་ཆག་འཇིག་གི་དུས་དེར། བོད་ཀྱི་ཆོས་རིག་དང་། ངོ་བོ་གནས་པ་ཡིན་ན་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་གཟིགས་གནང་བ་ཞིག་རེད།  ད་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་རྐྱང་གིས་ཕྱག་གཉིས་མཐེ་བོང་བགྲེང་ནས་འཛམ་གླིང་དུ་ཕེབས་ཏེ། མི་ལོ་ ༦༥ རིང་བོད་པའི་འཐབ་རྩོད་མུ་མཐུད་དུ་གནས་ཐུབ་པ་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཡོང་བ་ཡིན་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་མ་བརྗེད་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་། 

ཡང་སྲིད་སྐྱོང་མཆོག་གིས། ངས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༥ ཉིན་སུད་སི་ཛུ་རིག་ཏུ་བོད་དོན་དྭང་བླངས་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་ཤིག་བྱས་ཡིན། ཡིན་ན་ཡང་། ང་ཚོའི་སྤྱི་ཚོགས་ནང་བསམ་བློ་གསར་པ་ག་རེ་ཡིན་ན་རེ་ཞིག་ཀླད་པའི་ནང་ཆུད་རྒྱུར་དཀའ་ལས་ཁག་པོ་ཞེ་དྲགས་ཡོད་པས། ལས་བྱེད་དང་སྒྲིག་འཛུགས་སོགས་ཀྱི་ཡིད་ཆེས་འཕེར་བ་བཟོ་དགོས་པས་ལོ་གཉིས་དང་ཕྱེད་ཀ་ལྷག་ཅིག་ཕྱིན་པ་རེད། ལོ་གཉིས་དང་ཕྱེད་ཀའི་རྗེས་ནས་ལྟ་དུས་གཞི་ནས་དྲོད་ཁོལ་ཡོང་བའི་ཟོལ་ཞིག་འདུག ལྷག་པར་ན་ནིང་བོད་དོན་དྭང་བླངས་ཞུ་གཏུག་གི་ཚོགས་ཆེན་དང་པོ་དེ་འཚོགས་པའི་སྐབས། སྤྱི་ཚོགས་ནང་ཕྱག་ལས་གནང་མཁན་དང་གསར་པ་མང་པོ་ཞིག་ཕེབས་ཡོད་པས། དེ་དག་ས་གནས་སོ་སོར་ཕེབས་རྗེས་བོད་དོན་དྭང་བླངས་ཞུ་གཏུག་གི་ལས་འགུལ་དེ་ཚ་ཚ་འུར་འུར་ཞིག་ཆགས་ཐུབ་ཡོད་རེད། རྒྱལ་ཁབ་སོ་སོའི་གནས་སྟངས་མི་འདྲ་བ་ཡོད་རེད་དེ། ཡུ་རོབ་ཀྱི་ཨོ་སི་ཊི་རི་ཡ་ནང་ཧུར་ཐག་འབད་ཐག་གནང་གི་འདུག ཡིན་ན་ཡང་། ལུང་པ་ཚང་མའི་གནས་སྟངས་མི་འདྲ་བ་རེད། དེ་བཞིན་ད་ལོ་ཨ་རིའི་བོད་དོན་ཞུ་གཏུག་ཉིན་ (Lobby day) ལ་མི་གྲངས་ཉིས་བརྒྱ་ལྷག་ཅིག་བསླེབས་ཡོད་པ་རེད། དེ་ནི་ང་ཚོའི་ལོ་རྒྱུས་ནང་བོད་དོན་ཞུ་གཏུག་ཁྲོད་མཉམ་ཞུགས་བྱས་པའི་མི་གྲངས་མང་ཤོས་ཆགས་ཡོད་ལ། དེའི་ནང་གཞོན་སྐྱེས་བདུན་བཅུ་བརྒྱད་ཅུ་ཞིག་ཡོད་པས། ང་ཚོས་རྒན་པ་ཚོས་དཀའ་ལས་བསྐྱོན་པ་དེར་མ་འོངས་པར་གཞོན་སྐྱེས་འགན་འཁུར་མཁན་ཞིག་འདུག་བསམས་ནས་སེམས་པ་དགའ་སོང་། ཞེས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་གིས། བོད་དོན་དྭང་བླངས་ཞུ་གཏུག་ནི་བོད་མི་རྣམས་ཀྱི་ལྟ་བ་ལངས་ཕྱོགས་ལ་འབྲེལ་བ་གང་ཡང་མེད་པར། གཞོན་སྐྱེས་རྣམས་གཞི་གཅིག་ཏུ་བཏུས་ནས་ལྷན་གཅིག་ཏུ་མཉམ་རུབ་ཀྱི་ཐོག་ནས་བོད་དོན་ཞུ་གཏུག་བྱ་རྒྱུ་དང་། ད་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་རྐྱང་གིས་བོད་དོན་ཐད་ཕྱག་ལས་གནང་ཡོད་པས། བོད་མི་ཚོས་མཉམ་རུབ་ཀྱིས་བོད་དོན་ཞུ་གཏུག་གནང་ན། མ་འོངས་པར་བོད་དོན་དྭང་བླངས་ཞུ་གཏུག་དེ། མི་མང་རང་བཞིན་ཅན་གྱི་ལས་འགུལ་ཞིག་ཏུ་བཟོ་ཐུབ་པའི་ཁར། བོད་ཀྱི་མ་འོངས་པའི་འཐབ་རྩོད་རྒྱུན་གནས་སླད་བོད་སྤྱི་པའི་རྩ་དོན་དང་སྒྲིག་འཛུགས་གོང་དུ་བཀུར་ནས་མི་སྒེར་གྱི་གནད་དོན་རྒྱབ་ལ་བཞག་སྟེ། མཉམ་རུབ་ཀྱི་འཐབ་རྩོད་བྱ་དགོས་སྐོར་སོགས་གསུངས་རྗེས། བོད་དོན་དྭང་བླངས་ཞུ་གཏུག་གི་ཚོགས་མི་ཁག་ཅིག་དང་དྲི་བ་དྲི་ལན་གནང་སོང་། 

དེ་རིང་བཞུགས་སྒར་ཁུལ་དུ་འཚོག་མུས་ཡིན་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་ཉིན་དང་པོའི་ཐོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་མགོ་ཁྲིད་ཀྱི་ནུས་པ་སྐྱེས་སྲིང་སྐོར་གཏམ་བཤད་དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་ལགས་ཀྱིས་མགོ་ཁྲིད་ཀྱི་ནུས་པ་ཡར་རྒྱས་གཏོང་ཕྱོགས་ཐད་ལ་ཟབ་སྦྱོང་སྤྲད་ཡོད་ཅིང་། སང་ཉིན་ཕྱི་ཚེས་ ༤ ཉིན་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་སོགས་ཀྱིས་གཏམ་བཤད་གནང་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༥ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་མཁྱེན་སྐྱིད་ལགས་ཀྱི་དཀའ་སྡུག་གི་མི་ཚེ་སོགས་ཀྱི་སྐོར་ལ་གཏམ་བཤད་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་ཟབ་སྦྱོང་སོགས་སྤྲད་རྒྱུ་ཡིན་འདུག 

འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དྷ་སའི་ཉེ་འགྲམ་གྱི་ཌི་པོ་ལོ་(D’Polo)གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་དེ་འཚོགས་ཡོད་པའི་ཁྲོད། འཛམ་གླིང་རྒྱལ་ཁབ་ ༡༦ ལྷག་ནས་ཕེབས་པའི་གཞོན་སྐྱེས་ཚོགས་བཅར་བ་ཁྱོན་ ༡༠༠ ལྷག་མཉམ་ཞུགས་བྱས་ཏེ། སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཕུགས་དམིགས་སྐོར་དང་། བོད་ཀྱི་ལེགས་བྱང་དང་བོད་མིའི་ངོ་བོ། བྱུང་རབས་ལོ་རྒྱུས་སྐོར། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོའི་སྐོར།   ལོ་མང་རིང་རྒྱ་ནག་གཞུང་གིས་བོད་ཀྱི་དངོས་བྱུང་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤད་བྱེད་པར་ཁུངས་འཁྱོལ་ཐབས་མེད་པའི་སྐོར་སོགས་ཀྱི་ཐད་ལ་གྲོས་བསྡུར་གནང་ཡོད་འདུག 

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese