མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་གཞོན་སྐྱེས་ཚོས་ཁ་བཀྲམ་ཡོད་པའི་བོད་པའི་སྤྱི་ཚོགས་ནང་འགན་ཁུར་ཏེ་བོད་ཀྱི་འཐབ་རྩོད་རྒྱུན་སྐྱོང་དང་བོད་ཀྱི་སྐད་དང་ཡི་གེ རིག་གཞུང་བཅས་མི་ཉམས་རྒྱུན་འཛིན་ཐུབ་པའི་བོད་མི་སྤོབས་པ་དང་ལྡན་པ་ཞིག་གནང་གལ་ཆེ་སྐོར་གསུངས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་སྡོམ་མཛད་སྒོ་འཚོགས་སོང་།
པར་དབང་། བོད་ཀྱི་དུས་བབ་གསར་ཁང་། ༢༠༢༤།༠༧།༠༥

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་སྡོམ་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། དེ་བཞིན་དང་བླངས་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། ཟབ་ཁྲིད་གནང་མཁན་རྣམ་པ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་བཅས་འཛོམས་འདུག

སྐབས་དེར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ང་ཚོས་བཞིན་ཉིན་གྲངས་གསུམ་རིང་ཚོགས་འདུ་འཚོགས་ནས་སྣང་མེད་དུ་གཏོང་རྒྱུ་མ་ཡིན་པར། དམིགས་ཡུལ་བཞིན་མ་འོངས་བོད་ཀྱི་འཐབ་རྩོད་རྒྱུན་སྐྱོང་དང་བོད་ཀྱི་སྐད་དང་ངོ་བོ། རིག་གཞུང་སོགས་བརླག་གི་འཇུག་མི་ཉན་པའི་སེམས་ཤུགས་འཁྱེར་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་དང་། ད་རེས་ཚོགས་ཆེན་སྟེང་མཉམ་ཞུགས་གནང་མཁན་མང་ཆེ་བ་ཕྱིའི་ལུང་པར་སྐྱེས་འཚར་བྱུང་བ་ཤ་སྟག་ཡིན་པས། སོ་སོ་སྐྱེ་འཚར་བྱུང་སའི་ལུང་པའི་ནང་གི་བོད་མིའི་ཚོགས་པ་གཞན་དང་མཉམ་འབྲེལ་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་ལས་ཁུངས་ནས་ལམ་སྟོན་ཞུས་ཏེ། བོད་དོན་ཞུ་གཏུག་གནང་གལ་ཆེ་སྐོར། མ་འོངས་པར་གཞོན་སྐྱེས་ཚོས་བོད་མིའི་འཐབ་རྩོད་ཀྱི་འགན་འཁུར་དགོས་ཤིང་མི་རབས་རྗེས་མ་རྣམས་ལའང་རྩིས་སྤྲོད་ཐུབ་དགོས་བསམ་པའི་ཀུན་སློང་ཞིག་འཁུར་ནས་འགྲོ་རྒྱུ་གལ་ཆེན་ཡིན་པ་དང་། ཚོགས་ཆེན་དེ་བརྒྱུད་ནས་གཞོན་སྐྱེས་རྣམས་ལ་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་བྱེད་ཕྱོགས་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཡོད་སྟབས། གཞོན་སྐྱེས་ཚོས་ཁ་བཀྲམ་ཡོད་པའི་བོད་པའི་སྤྱི་ཚོགས་ནང་འགན་ཁུར་ཏེ་བོད་ཀྱི་འཐབ་རྩོད་རྒྱུན་སྐྱོང་དང་བོད་ཀྱི་སྐད་དང་ཡི་གེ རིག་གཞུང་བཅས་མི་ཉམས་རྒྱུན་འཛིན་ཐུབ་པའི་བོད་མི་སྤོབས་པ་དང་ལྡན་པ་ཞིག་གནང་བའི་རེ་སྐུལ་བཅས་ཞུས་སོང་།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་སྡོམ་མཛད་སྒོར་ཀརྨ་ཆོས་དབྱིངས་ལགས་ནས་གསུང་བཤད་གནང་།
པར་དབང་། བོད་ཀྱི་དུས་བབ་གསར་ཁང་། ༢༠༢༤།༠༧།༠༥

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་གི་ཚོགས་ཆེན་ཡག་པོ་བྱུང་ཡོད་རེད་བསམ་གྱི་འདུག ཚོགས་གཙོ་དང་ཚོགས་གཞོན་ཚུད་པའི་སྤྱི་འཐུས་ ༤༥ ཡོད་པ་རེད། བཙན་བྱོལ་གྱི་སྤྱི་ཚོགས་ནང་ལོགས་ལ་དམངས་གཙོ་ཟེར་བ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསོལ་རས་གནང་བ་ལྟར། ད་ལྟའང་མུ་མཐུད་དུ་རྒྱུན་འཛིན་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་དམངས་གཙོ་ཟེར་བ་དེ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྐུ་ཚབ་ཀྱིས་གཞུང་འཛིན་པ་ཞིག་ལ་རེད། ང་ཚོའི་དམངས་གཙོ་དེ་བཙན་བྱོལ་གྱི་གཞུང་ནང་བྱུང་བའི་དམངས་གཙོ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་དང་། དམངས་གཙོའི་གཞུང་གི་བྱུང་སྟངས་ཀྱི་རྒྱབ་ལྗོངས་གནས་ཚུལ་སོགས་ངོ་སྤྲོད་གནང་བ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གལ་ཆེ་བ་དེ་ཁྲིམས་བཟོ་རྒྱུ་དང་། ཕྱི་ཟླ་ ༣ པའི་ནང་སྔོན་རྩིས་ཀྱི་གྲོས་ཚོགས་དང་། ཕྱི་ཟླ་ ༩ པའི་ནང་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་ལ་ཞིབ་བཤེར་དང་གྲོས་བསྡུར་བྱ་རྒྱུ་སོགས་རེད། དུས་རྒྱུན་དུ་ནས་ཚོགས་གཙོ་དང་ཚོགས་གཞོན་ཚུད་པའི་རྒྱུན་ལས་ ༡༡ གིས་རྒྱལ་སྤྱིའི་ཆབ་སྲིད་དང་བོད་ནང་གི་གནས་ཚུལ་ལ་ཐུགས་སྣང་གནང་གི་ཡོད་པ་དང་། ལྷན་ཁང་ཁག་གི་ལས་དོན་དང་རྩིས་དང་འབྲེལ་བའི་ལས་དོན་ཁག་ལ་རྟོག་ཞིབ་གནང་གི་ཡོད་ཅིང་། བོད་རང་དབང་ལྡན་པའི་ལས་འགུལ་ཚོགས་ཆུང་གི་ཁག་གི་ལས་དོན་གནང་ཕྱོགས་ལ་ཐུགས་སྣང་གནང་གི་ཡོད་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གལ་ཆེ་བ་གཅིག་ནི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་མཉམ་དུ་འབྲེལ་བ་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་སྡོམ་མཛད་སྒོར་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་།
པར་དབང་། བོད་ཀྱི་དུས་བབ་གསར་ཁང་། ༢༠༢༤།༠༧།༠༥

ད་དུང་ཚོགས་གཙོ་མཆོག་གིས། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ ༢༠ ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཐུབ་ཡོད་པ་མ་ཟད། བོད་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་བ་གང་མང་འཚོལ་དགོས་གལ་ཆེ་སྐོར་དང་། བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སོགས་འཚོགས་པའི་སྐབས་རྒྱ་ནག་གཞུང་གིས་འགོག་རྐྱེན་མང་པོ་བཟོ་ཡི་ཡོད་པ་རེད། བོད་ནང་གི་དངོས་ཡོད་གནས་ཚུལ་དྲིལ་བསྒྲགས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། མི་རབས་གསར་པ་ཚོས་མི་རབས་གསར་པའི་རྒྱབ་སྐྱོར་ཡོང་ཐུབ་པར་ལས་འགུལ་སྣ་མང་སྤེལ་དགོས་པ་དང་། བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་འགྲོ་བཞིན་ཡོད་པ་རྣམས་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་གནས་སྟངས་སོགས་རྒྱུས་ལོན་བྱ་རྒྱུ་གལ་ཆེན་ཡིན་ལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་དྲིལ་བསྒྲགས་བྱ་རྒྱུའི་དགོངས་པ་བཞེས་དགོས་ཀྱི་ཡོད་སྐོར་དང་། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ལ་ངོས་འཛིན་ཐུབ་པར་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་སྡོམ་མཛད་སྒོར་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུང་བཤད་གནང་།
པར་དབང་། བོད་ཀྱི་དུས་བབ་གསར་ཁང་། ༢༠༢༤།༠༧།༠༥

མཇུག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཚོགས་ཆེན་དུ་ཕེབས་པ་དང་། སྤྱི་འཐུས་ལྷན་ཁང་གི་ལས་དོན་བྱེད་ཕྱོགས་དང་། སྤྱི་ཡོངས་ཀྱི་བོད་ཀྱི་ཛ་དྲག་གི་གནས་སྟངས། རྒྱལ་སྤྱིའི་ནང་ཆབ་སྲིད་འགྲོ་སྟངས་སོགས་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚོགས་འདུ་འདིར་གཞོན་སྐྱེས་ ༡༠༠ ལྷག་འཛོམས་ཡོད་པ་དང་། དམིགས་ཡུལ་གཙོ་བོ་དེ་བོད་དོན་ཞུ་གཏུག་བྱ་རྒྱུ་དེ་རེད། ས་གནས་མི་འདྲ་བ་ ༡༣ ནས་ཕེབས་པའི་གཞོན་སྐྱེས་རྣམས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཚོགས་ཆེན་འདིར་ཕེབས་པའི་གསུང་བཤད་གནང་མཁན་དང་། ཟབ་ཁྲིད་གནང་མཁན། གསར་འགོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese