མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་མུ་དྷི་མཆོག་གིས་པུ་ཊིན་ལ་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་ཨུ་རུ་སུའི་མགོ་འཁྲིད་པུ་ཌིན་ལ་ཐུག་འཕྲད་གནང་སྟེ་ཡུལ་གཉིས་ཀྱི་ཚོང་འབྲེལ་ཡར་སྐུལ་དང་ཡུ་ཀེ་རིན་གྱི་སྐོར་ལ་གྲོས་མོལ་གནང་ཡོད་འདུག

Mr Putin welcomed Mr Modi for an informal meeting at his state residence outside Moscow, Photo: AFP

ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གཞུང་འབྲེལ་ཐོག་ཨུ་རུ་སུར་ཕེབས་ནས་རྒྱ་གར་དང་ཨུ་རུ་སུ་གཉིས་ཀྱི་ལོ་འཁོར་ལྷན་ཚོགས་ཐེངས་ཉེར་གཉིས་པར་(22nd India-Russia annual summit )མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ཨུ་རུ་སུའི་མགོ་ཁྲིད་པུ་ཌིན་དང་ཐུག་འཕྲད་གནང་སྟེ་ཡུ་ཀེ་རིན་གྱི་སྐོར་སོགས་ལ་གྲོས་བསྡུར་གནང་ཡོད་འདུག་ལ། ཐེངས་འདིའི་གཟིགས་སྐོར་དེ་ནི་མུ་དྷི་མཆོག་གིས་སྲིད་འཛིན་ལས་ཁུར་གསུམ་པ་བཞེས་རྗེས་ཨུ་རུ་སུར་ཕེབས་ཐེངས་དང་པོ་ཡིན་འདུག

སི་ཨན་ཨན་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། འཛམ་གླིང་ཁྱོན་ཡོངས་ཀྱི་མི་རབས་རྗེས་མ་ཚོར་ཞི་བདེ་ནི་མེད་ཐབས་མེད་པ་ཞིག་ཡིན་པས། ཕྱོགས་གཉིས་ཀྱི་བར་གཉིས་ཕན་གྱི་ཐོག་ནས་ཞི་བའི་གྲོས་མོལ་ཡོང་ཐབས་ལ་རེ་བ་གནང་གི་ཡོད་སྐོར་དང་། རྒྱ་གར་གཞུང་གིས་འཛམ་གླིང་ཞི་བའི་ལམ་དུ་དྲང་རྒྱུར་དམིགས་བསལ་གྱི་རྒྱབ་སྐྱོར་དང་རོགས་འདེགས་བྱེད་ཀྱི་ཡོད་པས། རེས་གཟའ་ཟླ་བའི་ཉིན་པུ་ཌིན་དང་ལྷན་དུ་ཡུ་ཀེ་རིན་གྱི་སྐོར་ལ་གྲོས་བསྡུར་གནང་ཡོད་སྐོར་སོགས་གསུངས་འདུག

ཨུ་རྒྱ་གཉིས་ཀྱིས་བསྡུས་པའི་ལྷན་ཚོགས་དེའི་ཐོག་མགོ་ཁྲིད་གཉིས་ཀྱིས་གླེང་སློང་བྱས་པའི་གནད་དོན་ཐད་གསལ་ཁ་མེད་པའི་ཁར། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་གང་ཡང་བྱས་མེད་ཀྱང་། རྒྱ་གར་གཞུང་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ད་ལན་ཕྱོགས་གཉིས་ཀྱི་ཚོང་དོན་གྱི་མཉམ་ལས་ཚུད་པའི་ས་ཁུལ་དང་རྒྱལ་སྤྱི་ཡོངས་ཀྱི་དཀའ་རྙོག་མང་པོ་ཞིག་དང་། ཕྱོགས་གཉིས་ཀྱི་མ་འོངས་པའི་མཉམ་འབྲེལ་ལས་དོན་སོགས་ཀྱི་ཐོག་ལ་གོ་བསྡུར་བྱས་ཏེ། རྒྱ་གར་གཞུང་གིས་རྒྱལ་ཁབ་དེའི་ནང་ཞི་བདེ་དང་བརྟན་བརླིང་ཡོང་རྒྱུར་འབོད་སྐུལ་ཞུ་ཡོད་སྐོར་སོགས་གསལ་འདུག དེའི་ཐད་ཨ་རིའི་མགྲིན་ཚབ་པ་སྐུ་ཞབས་མེ་ཐའུ་(Mattew Miller ) ལགས་ཀྱིས་ཨུ་རྒྱ་གཉིས་ཀྱི་མགོ་ཁྲིད་བར་མཛའ་འབྲེལ་གྱི་ངང་ནས་ཐུག་འཕྲད་དང་གྲོས་མོལ་བྱས་ཏེ་ཨུ་རུ་སུར་འབྲེལ་ལམ་བཟུང་བ་དེས་ཨ་རིའི་གཞུང་ལ་སེམས་འཚབ་བསླངས་ཡོད་སྐོར་སོགས་བརྗོད་འདུག

ཁ་སང་སྲིད་བློན་མུ་དྷི་མཆོག་ཨུ་རུ་སུར་ཕེབས་འབྱོར་བྱུང་རྗེས་ཀྱི་ཆུ་ཚོད་ཁ་ཤས་རྗེས། ཨུ་རུ་སུས་ཡུ་ཀེ་རིན་གྱི་བྱིས་པའི་སྨན་ཁང་ཚུད་པའི་རྒྱལ་ས་ཁེབ་ཁུལ་དུ་གཏོར་རྒོལ་བྱས་ཏེ། ཉུང་མཐར་མི་གྲངས་ ༤༡ རྐྱེན་འདས་དང་མི་གྲངས་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་སྟབས། ཡུ་ཀེ་རིན་གྱི་སྲིད་འཛིན་སྐུ་ཞབས་ཛི་ལེན་སི་ཀིས་སྒེར་གྱི་ཨེག་སི་འཕྲིན་སྟེགས་སྟེང་། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱི་མགོ་ཁྲིད་ཀྱིས་ཁྲག་དམར་མཆེད་པའི་འཛམ་གླིང་གི་ནག་ཉེས་ཆེ་ཤོས་ཀྱི་མི་སྣ་ཞིག་ལ་དགའ་སྤྲོའི་ངང་ནས་འཐམ་འཁྱུད་བྱས་པ་ནི། རེ་ཐང་ཆད་པ་ཞིག་དང་ཞི་བདེ་རྨེག་མེད་དུ་བཏང་བ་ཞིག་ཡིན། ཞེས་བརྗོད་འདུག དེ་བཞིན་བྷི་བྷི་གསར་ཁང་ལྟར་ན། པུ་ཌིན་གྱིས་མུ་དྷི་ལ་འཐམ་ནས་” སྙིང་ཉེ་བའི་གྲོགས་མཆོག་ཁྱེད་རང་མཇལ་བར་དགའ་པོ་བྱུང་” ཞེས་བརྗོད་པའི་བརྙན་ཐུང་དེར་རྒྱ་གར་ནང་དར་ཁྱབ་ཤུགས་ཆེན་ཕྱིན་ཡོད་པ་མ་ཟད། དེར་སྐྱོན་བརྗོད་བྱེད་མཁན་ཡང་མང་དག་ཅིག་བྱུང་ཡོད་སྐོར་གསལ་འདུག

རྒྱ་གར་དང་ཨུ་རུ་སུ་གཉིས་ནི་གྲང་དམག་གི་དུས་ནས་ཕྱོགས་གཉིས་ཀྱི་མཐའ་མཚམས་འགོག་སྲུང་དང་མཉམ་འབྲེལ་ཐབས་ཇུས་ཀྱི་ཐོག་ནས་འབྲེལ་ལམ་ཟབ་མོ་ཡོད་ཅིང་། ཨུ་རུ་སུས་རྒྱ་གར་ལ་དམག་དོན་གྱི་མཚོན་ཆ་ཚོང་འགྲེམས་བྱེད་ཀྱི་ཡོད་ལ། ད་བར་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ནུས་པ་ལ་བརྟེན་ནས། འཕྲུལ་རིག་དང་། ཚན་རྩལ་སོགས་ཀྱི་ཐད་ལ་མཉམ་ལས་ཤུགས་ཆེན་བྱེད་མུས་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་གར་ནི་འཛམ་གླིང་ཁྲོད་ཨུ་རུ་སུ་ལ་ས་སྣུམ་མཁོ་འདོན་བྱེད་མཁན་གཙོ་བོ་དེ་ཡིན་པར་བརྟེན། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་གར་ནི་ཨེ་ཤ་ཡའི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ཡང་། རྒྱ་གར་གཞུང་གིས་ཚོང་དོན་མཉམ་ལས་དང་། རྒྱལ་ཁབ་རང་གི་མཐའ་མཚམས་འགོག་སྲུང་སོགས་ལ་དམིགས་པའི་འབྲེལ་བ་རྒྱུན་འཁྱོངས་བྱེད་བཞིན་པ་ནི་རྒྱུན་ལྡན་ལྟར་སྣང་གི་ཡོད་འདུག

ཕྱི་ལོ་ ༢༠༢༠ ལོ་ཙམ་ནས་རྒྱ་གར་གྱིས་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རི་དང་ཉི་ཧོང་། ཨོ་གླིང་བཅས་ཀྱིས་མཉམ་ཞུགས་བྱས་པའི་ཁོ་ཝ་ཊི་(Quad)ནང་འཛུལ་ཞུགས་བྱས་ཏེ། ཨེ་ཤ་ཡའི་ཁུལ་གྱི་རྒྱ་ནག་གཞུང་གི་དབང་ཤུགས་ལ་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་སྲུང་བྱེད་ཐབས་ཀྱི་མཉམ་འབྲེལ་དམག་སྦྱོང་སྤེལ་ཡོད། ཕྱོགས་ཁག་རྒྱལ་ཁབ་བཞིའམ་ཁོ་ཝ་ཊི་ (Quad)ཡིས་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་ཁ་གཏད་གཅོག་མཁན་ཞིག་ཏུ་གྱུར་ཡོད་ལ།  རིམ་གྱིས་ཨེ་ཤ་ཡའི་བྱང་ཆིངས་སྒྲིག་འཛུགས་ (ASIAN NATO) ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གིས་ཨུ་རུ་སུར་འབྲེལ་ལམ་ཡར་རྒྱས་གཏོང་མུས་ཡིན་པའི་ཁར། རྒྱ་གར་དང་ཨུ་རུ་སུ་ཡང་འབྲེལ་ལམ་བཟང་དུ་འགྲོ་མུས་ཡིན་པས། ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་ལའང་དོ་ཕོག་འགྲོ་མི་སྲིད་པ་ཞིག་མིན་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༣ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese