མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་རང་སྐྱོང་བྱས་ནས་འདུག་གི་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ཐའེ་ཝན་གྱི་གནད་ཡོད་མགོ་ཁྲིད་མི་སྣ་བཅུ་ཁ་བྲལ་བའི་མིང་འོག་ཏུ་བཅུག་པ་དང་ས་མཚོ་གནམ་གསུམ་གྱི་ཐོག་ནས་ཐའེ་ཝན་ལ་འཇིགས་སྐུལ་བྱེད་བཞིན་ཡོད་འདུག

Taiwan’s Democratic Progressive Party vice presidential candidate Hsiao Bi-khim greets supporters during a campaign rally in Taipei Photograph: Ritchie B Tongo/EPA

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ད་ལྟ་རྒྱ་ནག་གིས་ཐའེ་ཝན་གྱི་མགོ་ཁྲིད་གནད་ཡོད་མི་སྣ་ ༡༠ ལ ཁ་བྲལ་རིང་ལུགས་པའི་ཉེས་མིང་གཡོགས་ཏེ། རྒྱ་ནག་མི་མང་གིས་ཐའེ་ཝན་གྱི་གནད་ཡོད་མགོ་ཁྲིད་དེ་དག་གི་ནག་ཉེས་རིགས་ཀྱི་གནས་ཚུལ་བརྒྱུད་བསྒྲགས་བྱེད་དགོས་པའི་སྐུལ་མ་བྱས་འདུག་ལ། དེ་འབྲེལ་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བས། ཐའེ་ཝན་གྱི་མགོ་ཁྲིད་ཀླད་པ་མཁྲེགས་བཟུང་ཅན་བཅུ་ཡིས། ཁ་བྲལ་དང་འབྲེལ་བའི་ལས་འགུལ་སྤེལ་བ་དང་མཉམ་ཞུགས་བྱས་དང་བྱེད་བཞིན་ཡོད་སྟབས། མི་དེ་དག་ལ་ཁྲིམས་ཐོག་ནས་ཆད་པ་གཅོད་དགོས་ཡོད་པ་ལས། ད་རེབ་ཀྱི་འགུལ་སྐྱོད་འདི་ཐའེ་ཝན་གྱི་རྒྱ་ཆེ་བློ་མཐུན་མི་མང་ལ་དམིགས་པ་ཞིག་མིན། ཞེས་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་། ད་ལྟའི་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་ཞའོ་མེ་ཆིན ་(蕭美琴) ལགས་དང་ཐའེ་ཝན་བདེ་སྲུང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ (Joseph Wu) ལགས་དང་འགན་འཛིན་གཞོན་པ (Lin Fei-fan)།  དེ་བཞིན་ཐའེ་ཝན་རང་བཙན་དང་མང་གཙོ་གཙོ་འདོན་བྱེད་མཁན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་རྒན་པ་ཤ་སྟག་མིང་འདོན་བྱས་ཡོད་འདུག་མོད། ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་་གནས་ཚུལ་ནང་། ཐའེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས། རྒྱ་ནག་གིས་ཐའེ་ཝན་ཐོག་བཟུང་བའི་ལྟ་ཚུལ་གྱི་འོག་ནས་གནས་སྐབས་ཐའེ་ཝན་མི་མང་རྒྱ་ནག་དང་ཧོང་ཀོང་། ཨོ་མན་བཅས་སུ་སོང་ན་བདེ་འཇགས་མིན་པའི་ཉེན་བརྡ་བཏང་ཡོད་ཅིང་། ཐའེ་ཝན་སྲིད་འཛིན་ལེ་ཆིན་ཏི་ལགས་ཀྱིས། རྒྱ་ནག་གཞུང་རྒྱལ་མཚམས་ལས་བརྒལ་ཏེ་ཐའེ་ཝན་མི་མང་གི་ཆབ་སྲིད་ཀྱི་མངོན་འདོད་དང་ཐོབ་ཐང་ལ་ཐེ་ཇུས་དང་ཉེས་ཆད་ཟེར་བ་གཅོད་པའི་ཐོབ་ཐང་མེད། ཅེས་དང་། དམངས་གཙོ་ནི་ནག་ཉེས་མ་རེད། སྲིད་དབང་སྒེར་གཅོད་ནི་ངན་སེམས་དང་ནག་ཉེས་ཡིན། ཞེས་བརྗོད་ཡོད་འདུག

ཡང་སྲིད་འཛིན་ལེ་ཆིན་ཏི་ལགས་ཀྱིས། ཐའེ་ཝན་གྱིས་རང་བཙན་འདོད་པའི་འབོད་སྐུལ་ཧ་ལམ་མཚམས་འཇོག་བྱས་ཡོད་པས། རྒྱ་ནག་དང་ཐའེ་ཝན་གཉིས་ནས་གྲོས་མོལ་བྱས་ཏེ། ཐའེ་ཝན་རང་སྲིད་འཛིན་སྐྱོང་བྱས་ནས་སྡོད་རྒྱུ་ཡིན་སྐོར་བསྒྲགས་འདུག་ནའང་། རྒྱ་ནག་གིས་ཐའེ་ཝན་གྱི་འབོད་སྐུལ་དེ་དག་ལ་ཆ་འཇོག་མི་བྱེད་པར་ཐའེ་ཝན་མཚོ་འགག་ཁུལ་དུ་དམག་དཔུང་ངོམ་སོ་བྱེད་པ་སོགས་བྱས་ནས་ཐའེ་ཝན་ལ་མུ་མཐུད་འཇིགས་སྐུལ་བྱེད་ཀྱིན་ཡོད་འདུག་ལ། དེ་རིང་ཕྱི་ཚེས་ ༩ ཉིན་རྒྱ་ནག་གིས་ཐའེ་ཝན་གྱི་རྒྱལ་སྲུང་མངའ་ཁུལ་དུ་དམག་དོན་གནམ་གྲུ་ ༡༨ དང་དམག་དོན་མཚོ་གྲུ་ ༩ སྡེབ་གཏོང་བྱས་ཏེ། རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་གནམ་མཚོ་གཉིས་ནས་ཐའེ་ཝན་མི་དམངས་ལ་འཇིགས་སྐུལ་བྱས་ཡོད་སྟབས། ཐའེ་ཝན་དམག་དོན་བདེ་སྲུང་ཚན་པས་ཀྱང་གནམ་མཚོ་གཉིས་སུ་དམག་མི་མངགས་ནས་རྒོལ་ལན་བསློགས་ཡོད་འདུག

ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་ཐའེ་ཝན་མཚོ་འགག་ཁུལ་དུ་ས་མཚོ་གནམ་གསུམ་གྱི་ཐོག་ནས་འཇིགས་སྐུལ་བྱེད་པའི་དམག་དོན་ལས་འགུལ་ཇེ་མང་དུ་ཕྱིན་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་ནག་གིས་ཐའེ་ཝན་ཐོག་མཁྲེགས་བཟུང་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་སླད་རྒྱལ་སྲུང་གི་འགྲོ་གྲོན་བརྒྱ་ཆ་ ༧།༢ སྤར་ཡོད་པ་མ་ཟད། རྒྱ་ནག་ཞི་བའི་གཅིག་གྱུར་ཞེས་པའི་ཐ་སྙད་དེ་མེད་པར་བཟོས་ཏེ། ཐའེ་ཝན་རྒྱ་ནག་གི་འོག་ཏུ་ཞི་བའི་ངང་ནས་ཡོང་རྒྱུའི་དུས་སྐབས་རྫོགས་ཟིན་པའི་ཐ་ཚིག་བསྒྲགས་ཡོད་ལ།  ཕྱི་ལོ་ ༢༠༢༧ ལོ་ནི་རྒྱ་ནག་བཅིངས་གྲོལ་དམག་མིའི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་གྱི་ཡོད་པ་དང་བསྟུན། ཞི་ཅིན་ཕིན་སྐབས་བཞི་བའི་རྒྱ་ནག་གི་སྲིད་འཛིན་དུ་བསྡད་དེ། ཕྱི་ལོ་ ༢༠༣༠ ལོར་རྒྱ་ནག་བཅིངས་གྲོལ་དམག་གིས་ཐའེ་ཝན་བཙན་བཟུང་བྱེད་སྲིད་སྐོར་སོགས་རོའུ་ཊར་གསར་ཁང་གིས་བརྗོད་འདུག

ཉེ་ལམ་ཐའེ་ཝན་གྱི་རྒྱལ་སྲུང་བདེ་འཇགས་དང་འབྲེལ་བའི་ལྷན་ཁང་ཞིག་གིས་ཞིབ་འཇུག་བྱས་པ་ལྟར་ན། གལ་ཏེ་ཐའེ་ཝན་དང་རྒྱ་ནག་བར་དམག་འཁྲུག་ཤོར་ཚེ། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོབ་བྱ་ངེས་རེད་ཅེས་པར་ཐའེ་ཝན་གྱི་མི་མང་ཤོས་ཀྱིས་ངོས་ལེན་ཡིད་ཆེས་བྱས་ཡོད་ཅིང་། ཐའེ་ཝན་གྱི་ལོ་ ༤༠ འོག་གི་གཞོན་སྐྱེས་ཚོས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ཏུ་ལོག་འདོད་རྩ་བ་ཉིད་ནས་མེད་པ་སོགས་གསལ་འདོན་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༣ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese